分享按钮

གྲོང་ཁྱེར་ཡོངས་ཀྱི་རྩ་འཛུཊ་པུའུ་ཀྲང་གི་ཚོཊ་འདུ་འཚོཊ་པ།

ཀྲང་ཏིང་ཁྲེང་གིས་གསུང་བཤད་གནང་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་3ཚེས་12ཉིན། གྲོང་ཁྱེར་ཡོངས་ཀྱི་རྩ་འཛུགས་པུའུ་ཀྲང་ཚོགས་འདུ་འཚོགས་ནས་རྒྱལ་ཡོངས་དང་ལྗོངས་ཡོངས་ཀྱི་རྩ་འཛུགས་པུའུ་ཀྲང་ཚོགས་འདུའི་དགོངས་དོན་དང་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་གྲོང་ཁྱེར་ཡོངས་ཀྱི་རྩ་འཛུགས་ལས་དོན་ལ་གནང་བའི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། 2023ལོའི་ལས་དོན་ལ་ཕྱོགས་བསྡོམས་དང་2024ལོའི་གཙོ་གནད་ལས་འགན་བཀོད་སྒྲིག་བྱས་པ་རེད།

གྲོང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ཀྲང་ཏིང་ཁྲེང་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ཀྲང་ཏིང་ཁྲེང་གིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་འཛུགས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དང་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་ལེན་ནན་ཏན་བསྟར་དགོས་པ་དང་རྒྱལ་ཡོངས་དང་ལྗོངས་ཡོངས་ཀྱི་རྩ་འཛུགས་པུའུ་ཀྲང་ཚོགས་འདུའི་བཀོད་སྒྲིག་དང་བླང་བྱ་ལྟར་དོན་ཆེན་བཞི་ལ་དམིགས་པ་དང་། འཛུགས་གཏོད་བཞི་ལ་ཤུགས་སྣོན་རྒྱག་པ། གདོང་དམག་བདུན་ཡག་པོ་བྱེད་པ། འབྱུང་ཁམས་ལ་བརྟེན་ནས་གྲོང་ཁྱེར་སྐྲུན་པ་དང་། རིག་གནས་ལ་བརྟེན་ནས་གྲོང་ཁྱེར་དར་རྒྱས་གཏོང་བ། ཐོན་ལས་ལ་བརྟེན་ནས་གྲོང་ཁྱེར་སྟོབས་ཆེར་གཏོང་བ། ཁྲིམས་ལྟར་གྲོང་ཁྱེར་སྐྱོང་བ། གྲོང་ཁྱེར་གྱི་བརྟན་ལྷིང་སྲུང་བ་བཅས་ཀྱི་ལས་ཀའི་རྩ་དོན་ལ་དམ་པོར་དམིགས་ནས་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོས་པ་དང་། ལས་བྱེད་པ་དང་། རྩ་འཛུགས། སྒྲིག་ཁོངས། བོད་སྐྱོར། ཤེས་ལྡན་པ། ཏང་ཡོན་བཅས་དང་དེ་བཞིན་རང་ངོས་འཛུགས་སྐྱོང་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བའི“1+6+1”གི་ལས་ཀའི་རྣམ་པ་ཞིག་ཧུར་ཐག་བཏོད་དེ་སྤྱོད་ཚུལ་ལེགས་སུ་གཏོང་དགོས་པར་མ་ཟད་དོན་འཁྱོལ་ལ་དམ་འཛིན་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལྷ་ས་གསར་པ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱ་ཆེད་སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་འགན་ལེན་མཁོ་འདོན་བྱེད་དགོས་ཞེས་ནན་གསུངས་གནང་བ་རེད།

ཀྲང་ཏིང་ཁྲེང་གིས་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་རྒྱུ་མངོན་གསལ་དོད་པོ་ཡོང་བར་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བློ་སྟོབས་དང་བླ་སྲོག་གཏོད་རྒྱུ་རྒྱུན་འཁྱོངས་ལྷོད་མེད་བྱེད་པ་དང་། མཁས་འདེམས་འཇོན་བསྐོ་མངོན་གསལ་དོད་པོ་ཡོང་བར་བྱས་ནས་བློ་དཀར་སེམས་དཀར་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ཤུགས་ཆེན་བྱེད་པ། ཤེས་ལྡན་མི་སྣའི་ལེགས་ཆ་བརྟན་དུ་གཏོང་བ་དང་རིགས་ཁག་གི་ཤེས་ལྡན་མི་སྣ་ཁྱོན་ཡོངས་ནས་གསོ་སྐྱོང་དང་ནང་འདྲེན་བེད་སྤྱོད་ཡག་པོ་བྱེད་པ། གཞི་རིམ་གྱི་སྟོན་ཕྱོཊ་ལ་དམ་འཛིན་ཤུཊ་ཆེན་བྱས་ནས་ཏང་རྩ་འཛུཊ་ཀྱི་ཆབ་སྲིད་ནུས་པ་དང་རྩ་འཛུཊ་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུར་ཤུཊ་རྒྱག་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད།

(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-03-14 ཀྲང་ཏིང་ཁྲེང་གིས་གསུང་བཤད་གནང་བ། 6 6 拉萨日报藏文 c177374.html 1 གྲོང་ཁྱེར་ཡོངས་ཀྱི་རྩ་འཛུཊ་པུའུ་ཀྲང་གི་ཚོཊ་འདུ་འཚོཊ་པ། /enpproperty-->