分享按钮

གྲོང་ཁྱེར་གྱི་འགོ་ཁྲིད་ཀྱིས་རང་གྲོང་གི་མེ་ཟོན་རོགས་སྐྱོབ་ལས་དོན་ཐད་བརྟག་ཞིབ་གནང་བ།

དགྲ་འདུལ་གྱིས་རུ་སྣེ་ཁྲིད་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་3ཚེས་12ཉིན། གྲོང་ཨུད་ཀྱི་རྒྱུན་ཨུ་དང་རྒྱུན་ལས་གྲོང་སྤྱི་གཞོན་པ་དགྲ་འདུལ་གྱིས་རུ་སྣེ་ཁྲིད་དེ་རང་གྲོང་གི་མེ་ཟོན་རོགས་སྐྱོབ་ལས་དོན་ཐད་བརྟག་ཞིབ་གནང་བ་དང་འབྲེལ་ཉེ་དུས་ཀྱི་གྲོང་ཁྱེར་ཡོངས་ཀྱི་མེ་ཟོན་ལས་དོན་ཐད་བཀོད་སྒྲིག་ཀྱང་གནང་བ་རེད།

བརྟག་ཞིབ་གནང་རིང་། དགྲ་འདུལ་དང་བཅས་པ་སྔ་རྗེས་སུ་ཁྲེང་ཀོན་ཆུས་མེ་ཟོན་རུ་ཆེན་དང་། གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གི་དམིགས་བསལ་རྒྱབ་ཕྱོགས་མཁོ་སྒྲུབ་རུ་ཆེན། འདམ་རའི་ནུབ་ལམ་མེ་ཟོན་རོགས་སྐྱོབ་ས་ཚིགས། གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་སོགས་ཉིང་ལག་རུ་ཁག་གི་ཡུལ་དངོས་སུ་ཕེབས་ཏེ་འགག་སྒྲོལ་བྱ་སྤྱོད་དང་། གཞི་རིམ་གྱི་མེ་ཟོན་སྟོབས་ཤུགས། འཕྲལ་སྡོམ་རོགས་སྐྱོབ་གྲ་སྒྲིག་དང་དེ་བཞིན་ཆེད་ལས་དཔུང་ཁག་འཛུགས་སྐྱོང་སོགས་ཀྱི་ལས་དོན་ཐད་བརྟག་ཞིབ་གནང་བ་དང་། མེ་ཟོན་གྱི་སྟོང་ཆ་མེད་པར་བཟོ་བའི་ལག་བསྟར་མྱུར་ཚད་དང་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གི་བཀོད་འདོམས་ལྟེ་གནས་འཛུགས་སྐྲུན་རྣམ་གྲངས་ལ་སྐུལ་འདེད་བཏང་ཚུལ་སོགས་ཀྱི་སྙན་ཞུར་གསན་པ་དང་མེ་ཟོན་རོགས་སྐྱོབ་ཚན་པ་ཁག་གི་མི་སྣ་དང་། སྒྲིག་ཆས། སྒར་སའི་ཁང་པ་འཛུགས་སྐྲུན། དཔུང་ཁག་གི་སྦྱོང་བརྡར། རྒྱབ་ཕྱོགས་མཁོ་སྒྲུབ་ཀྱི་འགན་ལེན་སོགས་ཀྱི་གནས་ཚུལ་ཐད་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།

དགྲ་འདུལ་གྱིས་གྲོང་ཁྱེར་ཡོངས་ཀྱི་མེ་ཟོན་ལས་དོན་ཐད་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་གནང་ཞིང་། ཁོང་གིས་ཆབ་སྲིད་ཀྱི་ཚུཊ་གནས་བབ་སྔར་བས་མཐོ་རུ་བཏང་སྟེ་ཀྲུང་དབྱང་དང་། ལྗོངས་དང་གྲོང་ཁྱེར་གྱི་ཏང་ཨུད་དང་སྲིད་གཞུང་གི་འགོ་ཁྲིད་ཀྱི་མཛུབ་སྟོན་དང་མཆན་བཀོད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ནས་མེ་ཟོན་བདེ་འཇཊ་ཀྱི་འགན་འཁྲི་ནན་དུ་གཏོང་དགོས་པ་དང་། ཆེད་ལས་ཀྱི་རྩལ་ནུས་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ། མེ་ཟོན་རོཊ་སྐྱོབ་ཀྱི་དཔུང་ཁག་གིས་སྦྱོང་བརྡར་བྱེད་པའི་ཁོར་ཡུག་ལེགས་སུ་གཏོང་བ། མེ་ཟོན་རུ་མིའི་ལས་སྒོའི་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་གཏོང་བ་བཅས་བྱ་དགོས། མི་དམངས་ནི་བླ་ན་མེད་པ་དང་ཚེ་སྲོག་གོང་དུ་བཀུར་བའི་འདུ་ཤེས་ལག་བསྟར་དོན་འཁྱོལ་བྱས་ནས་ཕྱོཊ་བསྡུས་རོཊ་སྐྱོབ་ཀྱི་ནུས་པ་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་སྤུས་ཚད་མཐོན་པོའི་སྒོ་ནས་གྲོང་ཁྱེར་ཡོངས་འཕེལ་རྒྱས་འགྲོ་བའི་ཐད་མེ་ཟོན་བདེ་འཇཊ་ཀྱི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས་པའི་ནན་གསུངས་གནང་བ་རེད།

(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-03-14 དགྲ་འདུལ་གྱིས་རུ་སྣེ་ཁྲིད་པ། 6 6 拉萨日报藏文 c177376.html 1 གྲོང་ཁྱེར་གྱི་འགོ་ཁྲིད་ཀྱིས་རང་གྲོང་གི་མེ་ཟོན་རོགས་སྐྱོབ་ལས་དོན་ཐད་བརྟག་ཞིབ་གནང་བ། /enpproperty-->