分享按钮

གྲོང་ཁྱེར་དབང་པོ་སྐྱོན་ཅན་གསོ་བཅོལ་ཞབས་ཞུ་ལྟེ་གནས་ཀྱིས་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཕྱོཊ་ཁག་གི་སྟོབས་ཤུཊ་གཅིག་ཏུ་བསྒྲིལ་ནས་དབང་པོ་སྐྱོན་ཅན་ལ་རོགས་རམ་བྱེད་པའི་དང་བླངས་ཞབས་ཞུའི་སྟེགས་བུ་གཏོད་ཆེད། ཉེ་ཆར། གྲོང་ཁྱེར་དབང་པོ་སྐྱོན་ཅན་གསོ་བཅོལ་ཞབས་ཞུ་ལྟེ་གནས་ཀྱིས་གྲོང་ཨུད་དྲ་སྦྲེལ་ཆ་འཕྲིན་གཞུང་དོན་ཁང(གྲོང་ཁྱེར་གྲངས་གཞི་འཕེལ་རྒྱས་དོ་དམ་ཅུས)དང་། གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཏང་འཛུགས་མནའ་འབྲེལ་ཚན་པ་གཉིས་དང་མཉམ་དུ་ཏང་འཛུགས་མནའ་འབྲེལ་གྱིས་ཆ་སྒྲིག་མཉམ་སྐྲུན་བྱས་ཏེ་སེམས་པ་གཅིག་མཐུན་ངང་དབང་པོ་སྐྱོན་ཅན་ལ་རོགས་རམ་བྱེད་པ་གཙོ་དོན་དུ་བྱས་པའི་དབང་པོ་སྐྱོན་ཅན་ལ་རོགས་རམ་བྱེད་པའི་དང་བླངས་ཞབས་ཞུ་དང་ལུའེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་ནས་དབང་པོ་སྐྱོན་ཅན་ལ་དུས་དང་རྣམ་པ་ཀུན་ཏུ་ཏང་ཡོན་གྱི་བརྩེ་སེམས་ཉེ་འགྲམ་དུ་ཡོད་པ་ཚོར་ཐུབ་པར་བྱས་པ་རེད།

བྱེད་སྒོ་སྤེལ་རིང་། གྲོང་ཨུད་དྲ་སྦྲེལ་ཆ་འཕྲིན་གཞུང་དོན་ཁང་གི་དང་བླངས་ཞབས་ཞུ་རུ་ཁག་གསོ་བཅོལ་ལྟེ་གནས་ཀྱི་ཉལ་ཁང་དང་དྲག་སྐྱེད་ཁུལ་སོགས་སུ་བསྐྱོད་དེ་གསོ་བཅོལ་བྱ་ཡུལ་གྱི་རྒྱུན་གཏན་འཚོ་བ་དང་དྲག་སྐྱེད་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས་པར་མ་ཟད། གསོ་བཅོལ་བྱ་ཡུལ་ལ་རྒྱུན་གཏན་འཚོ་བའི་ལས་ཀ་ཙག་ཙིག་བྱེད་པ་དང་། ཆུ་མོག་བཟོ་བ། འཚམས་འདྲིའི་དངོས་པོ་སྤྲོད་པ་སོགས་དབང་པོ་སྐྱོན་ཅན་གྱི་དང་བླངས་ཞབས་ཞུ་སྣ་ཚོགས་མཁོ་འདོན་བྱས་པ་རེད།

ཡུལ་དངོས་སུ་དང་བླངས་པ་ཚོས་གསོ་བཅོལ་བྱ་ཡུལ་གྱི་གྱོན་ཆས་ལྟེབ་ཚིགས་རྒྱག་རོགས་བྱེད་པ་དང་། ཆུ་མོག་བཟོ་སྐབས། དང་བླངས་པ་དང་གསོ་བཅོལ་བྱ་ཡུལ་དབར་བྱམས་བརྩེའི་ངང་གླེང་མོལ་བྱས་པར་མ་ཟད། ཞོར་ལ་ཁོང་ཚོར་ཆུ་མོག་བཟོ་བའི་ལག་རྩལ་དང་ཐབས་ཤེས་མཛུབ་ཁྲིད་བྱས་ནས་ཁོང་ཚོར་ངལ་རྩོལ་གྱི་སྤྲོ་སྣང་ཚོར་ཐུབ་པར་བྱས་ཡོད། བྱེད་སྒོའི་མཇུག་ཏུ་དང་བླངས་པས་ཁོང་ཚོར་སོ་སྨན་དང་། གོས་འཁྲུད་གཤེར་ཁུ། ཞོ་སོགས་འཚམས་འདྲིའི་དངོས་པོ་ཁག་30ཙམ་སྤྲད་པ་རེད།

དེ་དང་ཆབས་ཅིག་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་བུད་མེད་ཨུ་ལྷན་གྱིས་གསོ་བཅོལ་བྱ་ཡུལ་གྱི་དགོས་མཁོ་དངོས་ཤེས་རྟོགས་བྱུང་རྗེས་གསོ་བཅོལ་བྱ་ཡུལ་གྱིས་རང་རང་གི་དགོས་མཁོ་གང་ཡོད་ཤོད་པ་དང་ཏང་ཡོན་གྱིས་དེ་གཞིར་བཟུང་ཉོ་སྒྲུབ་བྱེད་པའི་བྱེད་ཐབས་སྤྱད་དེ་ལས་ཐོག་ཏང་ཡོན་ལས་བྱེད་པས་རང་འགུལ་ངང་གསོ་བཅོལ་བྱ་ཡུལ་གྱི་དགོས་མཁོ་བསྐངས་ནས་གྲ་སྒྲིག་ཞིབ་ཚགས་བྱས་པའི་སྟོད་ཐུང་དང་། དྲོད་སྲུང་ནང་གོས། ལྷམ་སོགས་འཚོ་བའི་མཁོ་ཆས་ཁག་27གསོ་བཅོལ་བྱ་ཡུལ་གྱི་ལག་ཏུ་སྤྲད་དེ་གསོ་བཅོལ་བྱ་ཡུལ་ལ་ཏང་གི་ཐུགས་ཁུར་དང་དྲོ་སྐྱིད་ཚོར་ཐུབ་པར་བྱས་ཡོད།

སླད་ཕྱིན་གྲོང་ཁྱེར་དབང་པོ་སྐྱོན་ཅན་གསོ་བཅོལ་ཞབས་ཞུ་ལྟེ་གནས་ཀྱིས་ཏང་འཛུགས་སྐྱོང་དང་དབང་པོ་སྐྱོན་ཅན་ལ་རོགས་རམ་བྱེད་པའི་དང་བླངས་ཞབས་ཞུའི་གྲགས་རྟགས་མུ་མཐུད་བཏོད་དེ་མཉམ་འགུལ་ལེགས་གཏོང་གི་ཞབས་ཞུ་མངོན་གསལ་དོད་པོ་ཡོང་བར་བྱེད་པ་དང་། གསར་གཏོད་རང་བཞིན་གྱི་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་ཞབས་ཞུའི་བྱེད་སྒོ་སྤེལ་བ། ཏང་འཛུགས་སྐྱོང་ལ་བརྟེན་ནས་དབང་པོ་སྐྱོན་ཅན་ལ་རོགས་རམ་བྱ་རྒྱུ་དེ་དབང་པོ་སྐྱོན་ཅན་གསོ་བཅོལ་ཞབས་ཞུའི་ལས་དོན་གྱི་ཁྱད་ཆོས་ཤིག་ཏུ་འགྱུར་བར་བྱ་རྒྱུ་རེད།

(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-03-14 6 6 拉萨日报藏文 c177373.html 1 གྲོང་ཁྱེར་དབང་པོ་སྐྱོན་ཅན་གསོ་བཅོལ་ཞབས་ཞུ་ལྟེ་གནས་ཀྱིས་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ། /enpproperty-->