ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་3ཚེས་11ཉིན་ནས་ཚེས་12ཉིན་བར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ལྷུན་གྲུབ་རྫོང་དུ་ཕེབས་ནས་གཞི་རིམ་གྱི་ལས་བྱེད་མང་ཚོགས་ལ་འཚམས་འདྲི་གནང་ཞིང་། ཡུལ་དངོས་སུ་ཐོན་ལས་ཀྱི་འཕེལ་རྒྱས་དང་། རྣམ་གྲངས་འཛུགས་སྐྲུན། དགོན་སྡེ་དོ་དམ་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་བ་རེད། ཁོང་གིས་གྲོང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་གྲོང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས“མཛུབ་མོ་བཅུ་ལ་བརྟེན་ནས་ཀང་ཆིན་གཏོང་ཤེས་པར་བྱ་དགོས”པ་དང་། རྒྱང་ལྟའི་རང་བཞིན་གྱི་བསམ་གཞིག་དང་ཁྱོན་ཡོངས་རང་བཞིན་གྱི་འཆར་འགོད་མཐའ་འཁྱོངས་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་སྟེ་གྲུབ་འབྲས་གསར་པ་ཐོབ་པར་བྱེད་དགོས་ཞེས་ནན་གསུངས་གནང་བ་རེད།
གྲོང་ཁྱེར་གྱི་འགོ་ཁྲིད་ཀྲང་ཁྲུན་དབྱང་དང་། ཀྲང་ཡུང་ལིན། ཚེ་རིང་དོན་གྲུབ། བློ་བསྟན། སུང་ལིའུ་ཀྲུའུ་བཅས་ཀྱིས་མཉམ་དུ་བརྟག་ཞིབ་གནང་བ་མ་ཟད་སྙན་ཞུའི་ཚོཊ་འདུར་ཞུཊ་པ་རེད།
མིག་སྔར་ལག་ཡོད་ཕྱུགས་ཟོག་མགོ་གྲངས་ག་ཚོད་ཡོད། ཆ་སྙོམས་བྱས་ན་ལོ་ག་ཚོད་ནང་བཤས་གཏོང་ཐུབ་ཀྱི་ཡོད། གསོ་ཚགས་ཀྱི་མ་གནས་ག་ཚོད་རེད་དམ་ཞེས་དྲིས། སྐལ་བཟང་ཐང་གི་དེང་རབས་ཞིང་འབྲོག་ཐོན་ལས་དཔེ་སྟོན་གླིང་དུ་ཕེབས་སྐབས་ཤའོ་ཡིའུ་ཚའེ་ཡིས་འབྲི་གཡག་གསོ་སྤེལ་དང་། གཟན་རྩྭ་མཁོ་འདོན། འཁོར་སྐྱོད་ཕན་འབྲས་སོགས་ཀྱི་གནས་ཚུལ་ཐད་བཀའ་འདྲི་ཞིབ་ཕྲ་གནང་བ་དང་འབྲེལ་མཁྱེན་རྟོགས་གང་ལེགས་གནང་བ་རེད། ཕྱུགས་ཟོག་དང་གཟན་རྩྭའི་ཐད་ཤུགས་རྒྱག་དགོས་ཤིང་། གཞི་ཁྱོན་ཅན་དང་། ཚད་གཞི་ཅན། ཁྲོམ་ར་ཅན་བཅས་མཐའ་འཁྱོངས་ཀྱིས་ཞིབ་ཚགས་ཅན་གྱི་དོ་དམ་འདུ་ཤེས་ཀྱི་ཐོན་ལས་སྦྲེལ་ཐག་གི་ལྷུ་ཚིགས་ཁག་ནང་བཅུག་ནས་མང་ཚོགས་ཀྱི་ལས་ཞུགས་འབབ་འཕར་དང་ཁེ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནུས་པ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། སྲོག་ཆགས་ཀྱི་རིམས་འགོག་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ནས་འབྲོག་ལས་གསོ་ཚགས་ཀྱི“འགོག་སྲུང་དྲ་བ”བརྟན་པོར་འཛུགས་དགོས་པའི་ནན་གསུངས་གནང་བ་རེད།
ཟླ་གསུམ་པའི་ནང་ལྷ་སའི་ས་ཕྱོཊ་གང་སར་དཔྱིད་ཀའི་རྣམ་པ་ཤར་རྗེས། གྲོང་ཁྱེར་ཡོངས་ཀྱི་གཙོ་གནད་རྣམ་གྲངས་ཚ་ཚ་འུར་འུར་ངང་སླར་གསོ་ཐུབ་པ་དང་བཟོ་པ་རྣམས་ཀྱི་ལས་བྲེལ་ཆེ་བའི་གཟུཊ་བརྙན་གང་སར་མཐོང་རྒྱུ་ཡོད། ཤའོ་ཡིའུ་ཚའེ་ཕུ་མདོ་ཆུ་འདྲེན་ལས་གྲྭའི་ལས་ཡུལ་དངོས་སུ་ཕེབས་ནས་རྣམ་གྲངས་ལ་སྐུལ་འདེད་བཏང་ཚུལ་ཐད་གཟིཊ་ཞིབ་དང་ཞིབ་ཕྲའི་གནད་དོན་ཐག་གཅོད་གནང་བ་རེད། ཁོང་གིས་ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭ་དང་ཟུང་འབྲེལ་བྱས་ནས་འཆར་འགོད་ཀྱི་ཇུས་གཞི་སྔར་བས་ལེཊ་སུ་བཏང་སྟེ་བདེ་འཇཊ་འགན་ལེན་དང་སྤུས་ཚད་ལ་སྣང་ཆེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་ལ་བརྟེན་ནས་ལས་གྲྭའི་འཕེལ་རིམ་མགྱོཊ་སུ་བཏང་ནས་སྔ་ཙམ་སྐྲུན་ཐུབ་པ་དང་སྤྱོད་ཐུབ་པར་བྱེད་དགོས་པའི་ནན་གསུངས་གནང་བ་རེད།(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社