分享按钮

བོད་ལྗོངས་ཀྱི་འཐུས་མི་ཚོགས་པས་ཚང་འཛོམས་གྲོས་ཚོགས་འཚོགས་པ།

ཚོཊ་ཆེན་ཐོག་འབྲེལ་ཡོད་གྲོས་ཆོད་འཆར་ཟིན་ལ་གྲོས་ཞིབ་གནང་བ།

ཝང་ཅུན་ཀྲེང་གིས་ཚོཊ་འདུ་གཙོ་སྐྱོང་གནང་ནས་གསུང་བཤད་གནང་བ་དང་། ཡན་ཅིན་ཧའེ་ཚོཊ་འདུར་ཞུཊ་པ།

བོད་ལྗོངས་ཉིན་རེའི་ཚགས་པར་ཁང་པེ་ཅིང་ནས་ཟླ་3ཚེས་11ཉིན་གློག་འཕྲིན་འབྱོར་གསལ།ཟླ་3ཚེས་11ཉིན། བོད་ལྗོངས་ཀྱི་འཐུས་མི་ཚོཊ་པས་ཚང་འཛོམས་གྲོས་ཚོཊ་འཚོཊ་ནས་རྒྱལ་ཡོངས་མི་དམངས་འཐུས་ཚོཊ་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་བཅས་སྐོར་གྱི་གྲོས་ཆོད་འཆར་ཟིན་ལ་གྲོས་ཞིབ་གནང་བ་རེད།

བོད་ལྗོངས་ཀྱི་འཐུས་མི་ཚོགས་པའི་ཚོགས་གཙོ་དང་།རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཚོགས་འདུ་གཙོ་སྐྱོང་གནང་ནས་གསུང་བཤད་གནང་བ་དང་། བོད་ལྗོངས་ཀྱི་འཐུས་མི་ཚོགས་པའི་ཚོགས་གཙོ་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཚོགས་འདུར་ཞུགས་ཡོད་པ་རེད།

གྲོས་རིམ་ཁག་ལེགས་གྲུབ་བྱུང་རྗེས་ཝང་ཅུན་ཀྲེང་གིས་གསུང་བཤད་གནང་ཞིང་། ཁོང་གིས་ཚོགས་འདུའི་རིང་བོད་ལྗོངས་ཀྱི་འཐུས་མི་ཚོགས་པའི་འཐུས་མི་ཡོངས་ཀྱིས་ཐོག་མཐའ་བར་གསུམ་དུ“སྤྱི་ཡོངས་གཉིས”བློ་ལ་འཆང་བ་དང་། “རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་འཆང་བ། རང་འགུལ་ངང་རང་ངོས་ཀྱི་ལས་དོན་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་སྤྱི་ཡོངས་ཁྲོད་བཞག་ནས་བསམ་གཞིག་དང་ཇུས་འགོད་བྱེད་པ། རྒྱལ་ཁབ་དང་མི་དམངས་ལ་ཚད་མཐོའི་འགན་འཁུར་བའི་ཆབ་སྲིད་ཀྱི་རྣམ་འགྱུར་ཐོག་ནས་རང་འགན་གཙང་སྒྲུབ་དང་། རྒྱལ་དོན་མཉམ་གླེང་། ཐབས་འདོན་ཇུས་འབུལ་བཅས་བྱས་ནས་འགན་འཁྲི་སྒྲུབ་ནུས་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་བས་བསམ་པའི་ཉམས་འགྱུར་བཟང་པོ་མངོན་ཡོད་ལ། ཚོགས་ཆེན་ཐོག་གཏན་འཁེལ་བྱས་པའི་ལས་འགན་ཕུན་སུམ་ཚོགས་པོས་ལེགས་སྒྲུབ་བྱ་ཆེད་ལེགས་སྐྱེས་ཀྱང་ཕུལ་ཡོད་ཅེས་གསུངས་པ་རེད།

ཝང་ཅུན་ཀྲེང་གིས་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་བྱ་རྒྱུ་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་རེད། རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་བརྒྱུད་བསྒྲགས་ཡག་པོ་བྱེད་རྒྱུར་སྣེ་ཁྲིད་བྱས་ནས་རང་ངོས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་དྲིལ་བསྒྲགས་དང་སྒྲོག་འགྲེལ་ཡག་པོ་བྱེད་པ་དང་། མང་ཚོགས་ཀྱིས་གོ་བདེ་ཤེས་སླའི་སྐད་ཆ་དང་ལྟ་འདོད་ཅིང་ཉན་སྤྲོ་བའི་བྱ་ཐབས་སྤྱད་དེ་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་གཞི་རིམ་གྱི་འཐབ་ས་མདུན་མར་མགྱོགས་མྱུར་བརྒྱུད་བསྒྲགས་བྱས་ནས་མང་ཚོགས་ཀྱིས་གོ་ཐུབ་ལ་བློ་ལ་ངེས་ཐུབ་པའི་འགན་ལེན་བྱེད་དགོས་པ་དང་། ལག་བསྟར་དོན་འཁྱོལ་བྱེད་རྒྱུར་སྣེ་ཁྲིད་དང་དེར་དམ་འཛིན་ཡག་པོ་བྱེད་པ་དང་རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པའི་སློབ་སྲོལ་དར་སྤེལ་བཏང་ནས་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་ས་ཁུལ་དེ་རང་དང་། སྡེ་ཚན་དེ་རང་། ལས་རིགས་དེ་རང་། མི་སྒེར་བཅས་ཀྱི་ལས་དོན་དངོས་དང་ཟུང་འབྲེལ་བྱེད་པ་དང་། “དོན་ཆེན་བཞིར”དམ་འཛིན་ཡག་པོ་དང“འཛུགས་གཏོད་བཞིར”སྐུལ་འདེད་གཏོང་བ་དང་ཟུང་འབྲེལ་བྱེད་པ། བསམ་བློར་བཅིངས་འགྲོལ་དང་ལྟ་བར་འགྱུར་ལྡོག ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་ཇི་མ་ཇི་བཞིན་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་པའི་འགན་ལེན་དངོས་ཐུབ་པར་བྱས་ཏེ།ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཉམས་འགྱུར་མངོན་པར་བྱས་ནས་བོད་ལྗོངས་འདི་ཉིད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་གསར་པ་འབུལ་དགོས་ཞེས་གསུངས་པ་རེད།(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-03-14 ཝང་ཅུན་ཀྲེང་གིས་ཚོཊ་འདུ་གཙོ་སྐྱོང་གནང་ནས་གསུང་བཤད་གནང་བ་དང་། ཡན་ཅིན་ཧའེ་ཚོཊ་འདུར་ཞུཊ་པ། བོད་ལྗོངས་ཀྱི་འཐུས་མི་ཚོགས་པས་ཚང་འཛོམས་གྲོས་ཚོགས་འཚོགས་པ། 6 6 拉萨日报藏文 c177371.html 1 ཚོཊ་ཆེན་ཐོག་འབྲེལ་ཡོད་གྲོས་ཆོད་འཆར་ཟིན་ལ་གྲོས་ཞིབ་གནང་བ། /enpproperty-->