分享按钮

ལྗང་མདོག་གིས་བཀླུབས་པའི་དཔྱིད་དཔལ།

རང་རྒྱལ་གྱི་ཤིང་འཛུགས་དུས་ཆེན་ཐེངས་46པ་འཆར་ཉེར་ཡོད་པའི་སྐོར།

རང་རྒྱལ་གྱི་ཤིང་འཛུགས་དུས་ཆེན་ཐེངས་46པ་འཆར་ཉེར་ཡོད་པའི་སྐབས་སུ་རྒྱལ་ཁབ་ནགས་ཚལ་དང་རྩྭ་ཐང་ཅུས་ཀྱིས་2023ལོའི་ཀྲུང་གོའི་རྒྱལ་ཁབ་ས་ཆའི་སྔོ་འགྱུར་གནས་ཚུལ་གྱི་སྤྱི་བསྒྲགས་སྤེལ་བ་དང་། ནགས་ཚལ་གྱི་ཆུ་མཛོད་དང་། དངུལ་མཛོད། འབྲུ་རིགས་མཛོད།ཐཱན་མཛོད་སོགས་ནུས་པ་སྣ་ཚོགས་ཞིབ་ཚགས་སུ་ཕྱིན་ཡོད་ཅིང་། ཤིང་འཛུགས་ནགས་གསོའི་གལ་ཆེའི་རང་བཞིན་ཡང་མངོན་གསལ་དོད་དུ་ཕྱིན་ཡོད།

རང་རྒྱལ་ལ་གནའ་སྔ་མོ་ནས་བཟུང་དཔྱིད་དུས་ཤིང་འཛུགས་པའི་སྲོལ་རྒྱུན་བཟང་པོ་ཡོད། 1979ལོར། སྐབས་ལྔ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པས་ལོ་རེའི་ཟླ་3པའི་ཚེས་12ཉིན་ཤིང་འཛུགས་དུས་ཆེན་དུ་གཏན་ཁེལ་བྱས་ཤིང་། 1981ལོའི་ཟླ་12པར། རང་རྒྱལ་གྱིས《དམངས་ཡོངས་ཀྱི་འོས་འགན་ཤིང་འཛུགས་ལས་འགུལ་སྤེལ་རྒྱུའི་སྐོར་གྱི་གྲོས་ཆོད》ལ་གྲོས་འཆམ་བྱུང་བ་དང་། འོས་འགན་ཤིང་འཛུགས་བྱ་རྒྱུ་དེ་སྤྱི་དམངས་ཚང་མས་སྒྲུབ་འོས་པའི་འོས་འགན་ཞིག་ཏུ་གྱུར་ཡོད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུ་དེ་ཕྱོགས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་ལ་སྤྱི་འདོམས་ངང་སྐུལ་འདེད་གཏོང་བ་དང་ཕྱོགས་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བའི་ནང་དོན་གལ་ཆེན་ཞིག་ཏུ་གྱུར་ཡོད། ཤིང་འཛུགས་དེ་དམངས་ཡོངས་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་ནང་ཞུགས་པའི་བྱེད་སྒོ་གལ་ཆེན་ཞིག་ཡིན་པའི་ངོས་ནས་ཀྲུང་ཧྭའི་ས་གཞི་ཆེན་མོར་དེ་བས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བཞིན་ཡོད།

ཐུན་མོང་མ་ཡིན་པའི་ཆུ་དང་། འོད། ཚ་དྲོད་བཅས་ཀྱི་ཆ་རྐྱེན་ལས་ཀོང་ཏུང་གི་དཔྱིད་ཀ་སླེབས་སྔ་ཞིང་། དཔྱིད་དུས་ཤིང་འཛུགས་པའི་ཚ་རླབས་ཤིག་ཡོངས་སུ་འཕྱུར་ཡོད། ཉིན་ཤས་གོང་། ཀོང་ཀྲོའུ་ཡི་གྲོང་མི་ཁྲེང་ཡན་གྱིས་ཆེད་མངགས་བུ་མོ་ཁྲིད་དེ་ཀོང་ཏུང་ཅང་མོན་གྲོང་ཁྱེར་ཕུང་ཅང་ཆུས་ཏུའུ་རོན་གྲོང་རྡལ་ལུང་མིང་གྲོང་ཚོར་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་ཡོད། ཁོང་གིས་ཤིང་འཛུགས་པའི་ལག་ལེན་དངོས་ནང་ཞུགས་ཚེ།

(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-03-14 རང་རྒྱལ་གྱི་ཤིང་འཛུགས་དུས་ཆེན་ཐེངས་46པ་འཆར་ཉེར་ཡོད་པའི་སྐོར། 6 6 拉萨日报藏文 c177369.html 1 ལྗང་མདོག་གིས་བཀླུབས་པའི་དཔྱིད་དཔལ། /enpproperty-->