ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་3ཚེས་11ཉིན་གྱི་ཕྱི་དྲོ། ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་བྱ་སྤྱོད་ཟླ་བའི་དབྱེ་ཞིབ་དང་ཨར་སྐྲུན་གྱི་གད་སྙིགས་བཅོས་སྒྲིག་ཆེན་མོའི་བྱ་སྤྱོད་ལ་སྐུལ་འདེད་གཏོང་བའི་ཚོགས་འདུ་འཚོགས་པ་རེད།
གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཀྲའོ་ཧུའེ་ཉན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།
ཚོགས་འདུའི་ཐོག་ཟླ་3ཚེས་11ཉིན་གྱི་སྔ་དྲོ་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་གྲོང་ཨུད་ཀྱི་རྒྱུན་ལས་ཨུ་ལྷན(རྒྱ་ཆེ)གྱི་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་བྱ་སྤྱོད་ཀྱི་ཆེད་དོན་ཚན་པ་ཁག་གི་ལས་དོན་སྤེལ་ཚུལ་གྱི་སྙན་ཞུར་ཉན་པ། ཨར་སྐྲུན་གྱི་གད་སྙིགས་བཅོས་སྒྲིག་ཆེན་མོའི་བྱ་སྤྱོད་སྤེལ་ནས་ནུས་ཤུགས་ཡོད་རྒུས་དཀའ་གནད་འགག་སྒྲོལ་གྱི་གནད་དོན་དང་མངོན་མེད་རྐྱེན་ངན་གྱི་མངོན་གསལ་དོད་པའི་གནད་དོན་ཐད་ངོ་འཕྲད་གྲོས་མོལ་བཅས་བྱས་ཡོད།
ཀྲའོ་ཧུའེ་ཉན་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་བྱ་སྤྱོད་སྤེལ་བ་ནས་བཟུང་། གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་ཉམས་སྣང་བཞི་གཅིག་སྒྲིལ་གྱིས་ཕྱོགས་བདུན་ལ་དམ་འཛིན་བྱེད་པའི་བསམ་ཕྱོགས་ཀྱི་བླང་བྱ་ལྟར་ཁོར་ཡུག་བཙོག་ཟིང་ཞན་གསུམ་དང་། འགྲིམ་འགྲུལ་འགག་པ། གྲོང་ཁྱེར་གྱི“སྡོམ་དྲ”ལྟ་བུའི་གློག་སྐུད་ཟང་ཟིང་སོགས་མང་ཚོགས་ཀྱི་ཚུར་སྣང་ལན་ཆ་ཆེ་བའི་གནད་དོན་ལ་དམ་པོར་དམིགས་ཏེ་རྒྱུན་རྣམ་ཅན་གྱི་སྒོ་ནས་འགྲིམ་འགྲུལ་འགྲོ་སྐྱོད་དང་། ཁྲོམ་ར་ཚད་ལྡན། གྲོང་ཁྱེར་གྱི་རྣམ་པ་སོགས་ཕྱོགས་བསྡུས་བཅོས་སྒྲིག་རབ་དང་རིམ་པ་བྱས་པས་གྲོང་ཁྱེར་གྱི་རྣམ་པ་ལེགས་སུ་ཕྱིན་པ་དང་། འཚོ་བའི་ཁོར་ཡུག་ཇེ་ལེགས་སུ་ཕྱིན་པ། གྲོང་མིའི་འཚོ་བ་སྔར་བས་སྐྱིད་པ་བཅས་ནི་ཐུན་མོང་གི་འབད་བརྩོན་དང་ཁ་བྲལ་ཐབས་མེད་པ་ཞིག་རེད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་བྱ་སྤྱོད་ནི་ཡུན་རིང་གི་ལས་དོན་ཞིག་ཡིན་པས།
(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社