分享按钮

ཁྲེང་ཀོན་ཆུས་སློབ་ཆུང་བཅུ་པའི་འཛུགས་སྐྲུན་རྣམ་གྲངས་གོ་རིམ་ལྡན་པའི་ངང་སྤེལ་བཞིན་པ།

ཟླ་6པར་ལས་མཇུག་འགྲིལ་ནས་ཞིབ་བཤེར་རྩིས་ལེན་བྱ་རྒྱུ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། རང་གྲོང་གི་གཙོ་གནད་རྣམ་གྲངས་རྣམས་གཅིག་སྡུད་ཐོག་ལས་འགོ་བསྐྱར་ཚུགས་བྱེད་པའི་དུང་བརྡ་གྲགས་པ་དང་བསྟུན། ཁྲེང་ཀོན་ཆུས་ཀྱི་གཙོ་གནད་རྣམ་གྲངས་རྣམས་ཀྱང་གཅིག་རྗེས་གཉིས་མཐུད་ངང་ལས་འགོ་ཚུགས་པ་རེད། ཉིན་ཤས་གོང་། གསར་འགོད་པས་ཁྲེང་ཀོན་ཆུས་སློབ་ཆུང་བཅུ་པའི་འཛུགས་སྐྲུན་རྣམ་གྲངས་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། སློབ་ཆུང་དེའི་སྒྲོམ་གཞི་བསླངས་ཚར་ཡོད་པ་དང་། ད་ལྟ་བཟོ་པ་ཚོས་མཛེས་བཟོ་བྱེད་བཞིན་ཡོད་པས། སྔོན་དཔག་བྱས་ན་ད་ལོའི་ཟླ་བ་དྲུག་པའི་ཟླ་མཇུག་ཏུ་ཞིབ་བཤེར་རྩིས་ལེན་བྱ་རྒྱུ་ཡིན་པ་རེད།

ཁྲེང་ཀོན་ཆུས་སློབ་ཆུང་བཅུ་པའི་འཛུཊ་སྐྲུན་རྣམ་གྲངས་ཀྱི་ཨར་ལས་བྱ་ཡུལ་དུ་ལས་མི་80ཡིས་ལས་བགོས་ཁ་གསལ་གྱི་སྒོ་ནས་ཐོག་ཁང་ནང་མཛེས་བཟོ་བྱེད་པ་དང་། ལུས་རྩལ་ཐང་དུ་ཚོན་གཏོང་བ་སོཊ་ཀྱི་ལས་དོན་སྤེལ་བཞིན་ཡོད་ཅིང་། མ་འོངས་པར་ཕྲུ་གུ་ཚོར་མཛེས་སྡུག་དང་། སྐྱིད་སྣང་དོད་པ། ནུས་པ་ཆ་ཚང་བ་བཅས་ཀྱི་སློབ་ར་ཞིག་གཏོད་རྒྱུར་འབད་བཞིན་ཡོད།

ཁྲེང་ཀོན་ཆུས་སློབ་ཆུང་བཅུ་པའི་འཛུཊ་སྐྲུན་རྣམ་གྲངས་ཀྱི་ངལ་ནུས་ཕྱོཊ་ཀྱི་འགན་འཁུར་བ་ཝང་ཞའོ་པིན་གྱིས“ཁྲེང་ཀོན་ཆུས་སློབ་ཆུང་བཅུ་པའི་འཛུགས་སྐྲུན་རྣམ་གྲངས་ཀྱི་སྤྱིའི་འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་ངོས་གྲུ་17123དང་།

(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-03-14 ཟླ་6པར་ལས་མཇུག་འགྲིལ་ནས་ཞིབ་བཤེར་རྩིས་ལེན་བྱ་རྒྱུ། 6 6 拉萨日报藏文 c177367.html 1 ཁྲེང་ཀོན་ཆུས་སློབ་ཆུང་བཅུ་པའི་འཛུགས་སྐྲུན་རྣམ་གྲངས་གོ་རིམ་ལྡན་པའི་ངང་སྤེལ་བཞིན་པ། /enpproperty-->