分享按钮

(པར་ངོས་གཉིས་པར་མཐུད)སྤྱི་པའི་ས་ཁོངས་བཟུང་ནས་ཁང་པ་གང་བྱུང་དུ་བརྒྱབ་པ་11བཤིག་ཡོད། དེ་དང་ཆབས་ཅིག་མཐའ་འཁོར་གྱི་ར་སྐྱོར་ལ་གཏོར་སྐྱོན་ཐེབས་པ་དང་གྱང་ངོས་བཙོག་པ་ཆགས་པ་རྣམས་གསར་པར་བཅོས་ཡོད། ད་ཆ་པ་སེ་གྲོང་ཚོའི་ཁོར་ཡུག་གཙང་ལ་གྲལ་འགྲིག་པ་དང་གྲོང་ཚོའི་རྣམ་པའང་གསར་རྐྱང་དུ་གྱུར་ཡོད།

པ་སེ་གྲོང་ཚོའི་ཏང་ཀྲི་པུས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་བྱ་སྤྱོད་གོ་སྐབས་སུ་བྱས་ནས་མང་ཚོགས་ཐུན་མོང་ཐོག་ཞུགས་རྒྱུར་ཁྲིད་སྟོན་དང་སྐུལ་ཁྲིད་བྱས་པས་གྲོང་ཚོའི་རྣམ་པ་ལེགས་སུ་ཕྱིན་པར་མ་ཟད། རྒྱ་ཆེའི་གྲོང་མི་ཚོའི་གདེང་འཇོག་བཟང་པོ་ཡང་ཐོབ་ཡོད། སླད་ཕྱིན་ང་ཚོས་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་ལས་འགན་ཁག་བགོས་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་རྒྱུན་རྣམ་ཅན་གྱི་བྱ་སྤྱོད་སྤེལ་ནས་དྲིལ་བསྒྲཊ་བྱེད་ཤུཊ་ཆེ་རུ་གཏོང་བ་དང་། ཐོབ་པའི་གྲུབ་འབྲས་ཟམ་མི་ཆད་པར་སྲ་བརྟན་དུ་གཏོང་བ། མང་ཚོགས་ཐུན་མོང་ཐོག་ཞུཊ་པར་ཁྲིད་སྟོན་བྱེད་པ། མཉམ་སྐྲུན་མཉམ་བཅོས་བཅས་བྱས་ཏེ། མཛེས་སྡུག་ལྡན་པའི་འཚོ་སྡོད་ཀྱི་ཁོར་ཡུག་མཉམ་དུ་ལོངས་སྤྱོད་བྱ་རྒྱུ་ཡིན་ཞེས་པ་སེ་གྲོང་ཚོའི་ཧྲུའུ་ཅི་དང་པོ་རྡོ་རྗེས་བཤད།

དེ་རྗེས་གསར་འགོད་པས་འདམ་ར་སྡེ་ཁུལ་ནས་དེ་སྔའི་གློག་སྐུད་གང་བྱུང་དུ་འཁྲིད་པའི་སྣང་ཚུལ་བཅོས་སྒྲིག་བྱས་ཟིན་པ་དང་གློག་སྐུད་འཁྲིད་སྟངས་ཀྱང་གོ་རིམ་ལྡན་པ་ཞིག་ཡོད་པ་མཐོང་བྱུང་། ཤེས་རྟོགས་བྱུང་བར་གཞིགས་ན། སྡེ་ཁུལ་གྱིས་ཕྱོགས་མང་པོའི་ཐོན་ཁུངས་བསྡུ་སྒྲིལ་བྱས་ནས་སྡེ་ཁུལ་གྱི“སྡོམ་དྲ་ལྟ་བུའི”གློག་སྐུད་བཅོས་སྒྲིག་གི་ལས་དོན་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ་མི་རིགས་བྱང་ལམ་དང་རྒྱ་མཚོ་ཚོགས་ཆུང་བཞི་པ་ལྔ་པའི་སྲང་ལམ་གཙོ་བོར་སྤྱི་ལེ་གཉིས་ཙམ་ཟིན་པའི་མདོང་ལམ་བཀོད་སྒྲིག་བྱས་པ་དང་མིག་སྔར་སྡེ་ཁུལ་དེའི་གློག་སྐུད་བཅོས་སྒྲིག་ལས་དོན་གྱི་སྤྱིའི་འཕེལ་རིམ་གྱི་བརྒྱ་ཆ་80ལེགས་གྲུབ་ཟིན་ཡོད། དུས་མཚུངས། གཏོར་སྐྱོན་ཐེབས་པའི་ཁྲོན་ཁེབས་52དང་གཞུང་ལམ་གཙོ་བོ་བཟོ་བཅོས་དང་ལྕགས་རི་རྙིང་པ་བསྐྱར་བཟོ་བྱས་པ། ཁྲེང་ཀོན་ཆུས་དགའ་སྐྱིད་ལམ་དང་རྒྱ་མཚོ་ཚོགས་ཆུང་བཞི་པ་ལྔ་པའི་སྲང་ལམ་གཙོ་བོའི་ནང་དུ་རླངས་འཁོར་འཇོག་ས་100ལྷག་ཙམ་མང་དུ་བཏང་བ་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྒྱུན་ཆད་མེད་པར་བྱས་པ་སོགས་བྱས་ཏེ་གྲོང་མིའི་མོས་སེམས་དང་ཁོངས་གཏོགས་ཀྱི་བསམ་པ་ཆེ་རུ་ཧུར་ཐག་བཏང་བ་རེད། དེ་སྔོན་འདི་གར་རླངས་འཁོར་གང་བྱུང་དུ་འཇོག་པ་དང་མཁའ་དབྱིངས་སུ་གློག་སྐུད་གང་བྱུང་དུ་འཁྲིད་ཀྱི་ཡོད། དག་ཐེར་བྱས་རྗེས་ཧ་ཅང་ཡག་པོ་བྱུང་འདུག ང་ཚོ་མང་ཚོགས་ལ་སྟབས་བདེ་ཆེན་པོ་བསྐྲུན་ཡོད་ཅེས་གྲོང་མི་བསོད་ནམས་ཀྱིས་བཤད།

(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-03-08 6 6 拉萨日报藏文 c177034.html 1 /enpproperty-->