分享按钮

(པར་ངོས་གསུམ་པར་མཐུད)གནད་འཕིཊ་བཙོག་བཅོས་དང་། ཚན་རིག་དང་མཐུན་པའི་སྒོ་ནས་བཙོག་བཅོས། ཁྲིམས་ལྟར་བཙོག་བཅོས་བཅས་ཀྱི་བྱེད་ཕྱོགས་ཡང་དག་པའི་སྒོ་ནས་དོན་འཁྱོལ་བྱེད་པ། དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལྗང་མདོག་ཅན་དང་ཐཱན་ཉུང་ཅན་ལ་སྐུལ་འདེད་གཏོང་བ། ཐོན་ཁུངས་གྲོན་ཆུང་དང་ཞིབ་བསྡུས་ཀྱི་སྒོ་ནས་འཁོར་རྒྱུག་བེད་སྤྱོད་ལ་ཤུགས་སྣོན་རྒྱག་པ། འབྱུང་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་པར་བྱེད་པའི་ཐབས་ལམ་རྒྱ་ཆེར་གཏོང་བ། ཐཱན་རྩེ་གྲངས་སུ་སླེབས་པ་དང་ཐཱན་བཏང་སྙོམས་ཡོང་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ཏེ། སྤུས་མཐོའི་གོང་འཕེལ་ལ་སྒུལ་ཤུགས་གསར་པ་སྣོན་པ་དང་། བཟང་ཆ་གསར་པ་སྐྱེད་སྲིད་བྱེད་དགོས་ཞེས་ནན་གྱིས་བསྟན་ཡོད།

ཞི་ཅིན་ཕིང་གིས། ད་ལོ་ནི་མི་དམངས་སྲིད་གྲོས་དབུ་བརྙེས་ནས་ལོ་75འཁོར་བའི་ལོ་ཡིན། མི་དམངས་སྲིད་གྲོས་ཀྱིས་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ་དང་། ཆབ་སྲིད་ཀྱི་འགན་འཁྲི་བློ་ལ་བརྟན་པོར་ངེས་པ། བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ། ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས་པ་དང་། སྲིད་གྲོས་ཨུ་ཡོན་གྱིས་རང་ངོས་ཀྱི་བྱང་ཚད་དང་འགན་སྒྲུབ་ནུས་པ་ཆེ་རུ་བཏང་ནས་དུས་རབས་གསར་པའི་སྲིད་གྲོས་ལས་དོན་དང་ཏང་མང་མཉམ་ལས་བྱ་གཞག་གི་གནས་བབ་གསར་པ་གཏོད་དགོས་ཞེས་བསྟན་ཡོད།

ཧྲི་ཐའེ་ཧྥེང་དང་། ཀྲེང་ཅན་པང་། ཧུའུ་ཁྲུན་ཧྭ། ཝང་ཏུང་ཧྥེང་། ཧོ་པའོ་ཞང་སོགས་མཉམ་འབྲེལ་ཚོགས་ཆུང་གི་ཚོགས་འདུར་ཞུགས་ཡོད།

(ཉི་ཆོས་དང་བྱམས་ཚེས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-03-08 6 6 拉萨日报藏文 c177033.html 1 /enpproperty-->