分享按钮

རང་གྲོང་གིས“གསུམ་བརྒྱད”རྒྱལ་སྤྱིའི་བུད་མེད་ དུས་ཆེན་གྱི་ཆེད་དོན་བྱེད་སྒོ་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་། གསར་འགོད་པས་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ནས་ཤེས་རྟོགས་བྱས་པར་གཞིགས་ན། མི་རིགས་ཁག་གི་མང་ཚོགས་ཀྱི་འཛད་སྤྱོད་དགོས་མཁོ་སྔར་བས་སྐོང་ཆེད། དུས་ཆེན་ཁག་ལ་འཛད་སྤྱོད་བྱེད་མཁན་མང་པོ་ཡོད་པའི་གནད་དོན་ལ་གཞིགས་ནས་དམིགས་སའི་རང་བཞིན་ཡོད་པའི་སྒོ་ནས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་སྤེལ་བ་དང་། གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་གྲོང་ཁྱེར་ཚོང་དོན་ཅུས་ཀྱིས་མཉམ་འབྲེལ་ཐོག“གསུམ་བརྒྱད”རྒྱལ་སྤྱིའི་བུད་མེད་དུས་ཆེན་ལ་འཛད་སྤྱོད་འཛིན་ཤོག་སྤྲོད་པའི་བྱེད་སྒོ་སྤེལ་ཏེ། རྒྱ་ཆེའི་བུད་མེད་འཛད་སྤྱོད་པར་འཛད་སྤྱོད་ཐད་གཟིགས་སྐྱོང་བྱས་ནས་འཛད་སྤྱོད་ལ་སྐུལ་ཁྲིད་བྱས་པ་རེད།

ད་ཐེངས་ཀྱི“སྐྱིད་པའི་ལྷ་ས། བདེ་བའི་འཚོ་བར་རོལ”ཞེས་པའི་འཛད་སྤྱོད་འཛིན་ཤོག་སྤྲོད་པའི“གསུམ་བརྒྱད”རྒྱལ་སྤྱིའི་བུད་མེད་དུས་ཆེན་གྱི་ཆེད་དོན་བྱེད་སྒོས་བུད་མེད་ཀྱིས་དེ་བས་དགའ་པོ་བྱེད་པའི་ཚོང་ལས་དང་བཟའ་བཏུང་སོཊ་ལས་རིཊ་ཁྱབ་ཁོངས་ལ་གཙོ་གནད་ཐོག་དམིཊ་ཏེ། འཛད་སྤྱོད་ཀྱི་ཁ་གསབ་སྤྲོད་པ་དང་། འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱེད་པ། འཛད་སྤྱོད་ཁྲོམ་ར་དར་རྒྱས་གཏོང་བ་བཅས་བྱས་ནས་བུད་མེད་མཛངས་མ་ཚོའི་འཛད་སྤྱོད་ཀྱི་དགོས་མཁོ་བསྐངས་ཏེ། བུད་མེད་ཚོར་སེམས་ཁུར་དང་གཅེས་སྐྱོང་དངོས་ཚོར་ཐུབ་པར་བྱས་པ་རེད། བྱེད་སྒོའི་དུས་ཚོད་ནི་2024ལོའི་ཟླ་3ཚེས་8ཉིན་ནས་ཚེས་14ཉིན་བར་ཡིན་པ་དང་ཁ་གསབ་བྱ་ཡུལ་ནི་ལྷ་ས་གྲོང་ཁྱེར་དུ་གནས་པའི་བུད་མེད་དག་ཡིན་པ་དང་། མཉམ་ལས་སྟེགས་བུ“ཅ་ཧུའེ་ཏུའོ་ཏུའོ”ཡི་གོ་རིམ་ཆུང་གྲས་ནས་མིང་དངོས་འགོད་དགོས་ཀྱི་ཡོད་ཅིང་། དྲི་བར་ལན་འདེབས་པའི་ཐོག་ནས་འཛིན་ཤོག་རག་ཐབས་བྱེད་པའི་བྱེད་སྒོ་སྤེལ་ཡོད། འཛིན་ཤོག་རག་རྗེས་འཛད་སྤྱོད་པས་བེད་སྤྱོད་བྱེད་པའི་དུས་བཀག་ནང་བྱེད་སྒོ་སྤེལ་ཡུལ་གང་རུང་གི་ཚོང་དུད་ཀྱི་འཛད་སྤྱོད་ནང་ཞུཊ་ཏེ། གཏན་འཁེལ་གྱི་འཛད་སྤྱོད་བྱེད་ཚད་ཟིན་ཚེ་གཟིགས་སྐྱོང་ལོངས་སྤྱོད་བྱེད་ཆོག་གི་ཡོད། ཁ་གསབ་ཀྱི་ཚད་གཞི་ནི་འཛད་སྤྱོད་སྒོར་400ལོན་ཚེ་ཁ་གསབ་སྒོར་100དང་འཛད་སྤྱོད་སྒོར་200ལོན་ཚེ་ཁ་གསབ་སྒོར་50སྤྲོད་རྒྱུ་རེད།

གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་འཕེལ་རྒྱས་ཁོའོ་ཡི་ཁོའོ་ཀྲང་གཞོན་པ་ཧོའུ་ཧུའེ་ཅོན་གྱིས་ད་ཐེངས་ཀྱི་བྱེད་སྒོ་དེ་སྔོན་ཆད་དང་མི་འདྲ་བར་འཛད་སྤྱོད་འཛིན་ཤོག་སྤྲོད་པ་དང་བུད་མེད་ཀྱི་ཁེ་དབང་སྲུང་སྐྱོང་གི་བཅའ་ཁྲིམས་ཁྱབ་གདལ་དྲིལ་བསྒྲགས་བྱ་རྒྱུ་གཉིས་ཟུང་འབྲེལ་ནུས་ལྡན་བྱས་ནས་དྲི་བར་ལན་འདེབས་པའི་ཐོག་ནས་འཛད་སྤྱོད་འཛིན་ཤོག་ལེན་པའི་བྱ་ཐབས་སྤྱད་དེ་སྤེལ་བས་བཅའ་ཁྲིམས་ཁྱབ་གདལ་ནུས་ལྡན་གཏོང་ཐུབ་ཡོད་པར་མ་ཟད། རྒྱ་ཆེའི་བུད་མེད་ཚོའི་འཛད་སྤྱོད་ཀྱི་དགོས་མཁོ་སྔར་བས་བསྐངས་ནས་ཁོང་ཚོར་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་གཅེས་སྐྱོང་དངོས་ཚོར་ཐུབ་པར་བྱས་ཡོད་ཅེས་བཤད།

ད་ལོའི“གསུམ་བརྒྱད”རྒྱལ་སྤྱིའི་བུད་མེད་དུས་ཆེན་རིང་། འཛད་སྤྱོད་འཛིན་ཤོག་སྤྲོད་པའི་བྱེད་སྒོ་སྤེལ་བ་ཕུད། གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ད་དུང་བུད་མེད་ཀྱི་སེམས་པ་ཏང་ལ་ཕྱོགས། རྒྱང་སྐྱོད་ཀྱི་ལམ་བུར་འབད་པས་སྐྱོད་ཅེས་པའི་གཙོ་དོན་བྱེད་སྒོ་གཞན་6སྤེལ་ནས་གྲོང་ཁྱེར་ཡོངས་ཀྱི་རྒྱ་ཆེའི་བུད་མེད་ལ་དུས་ཆེན་གྱི་སྨོན་འདུན་ཞུས་པ་རེད།

(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-03-08 6 6 拉萨日报藏文 c177025.html 1 རང་གྲོང་གིས“གསུམ་བརྒྱད”རྒྱལ་སྤྱིའི་བུད་མེད་ དུས་ཆེན་གྱི་ཆེད་དོན་བྱེད་སྒོ་སྤེལ་བ། /enpproperty-->