分享按钮

ཁྲེང་ཀོན་ཆུས་ཀྱིས་ནུས་ཤུགས་གཅིག་སྒྲིལ་གྱིས་ཁོར་ཡུག་བཅོས་སྒྲིག་བྱས་ནས་འཚོ་སྡོད་ལ་འཚམ་པའི་ཁྱིམ་གཞིས་བསྐྲུན་པ།

གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོཊ་བསྡུས་བཅོས་སྒྲིག་ཆེན་མོའི་བྱ་སྤྱོད་སྤེལ་བ་ནས་བཟུང་། ཁྲེང་ཀོན་ཆུས་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་སྤུས་ཚད་མཐོ་རུ་གཏོང་རྒྱུ་དེ་ལས་ཀའི་དམིགས་ཚད་གལ་ཆེན་དུ་བརྩིས་ནས་ལས་དོན་སྤེལ་ཤུཊ་མུ་མཐུད་ཆེ་རུ་བཏང་བ་དང་།

གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་བྱ་སྤྱོད་ཏན་ཏིག་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་བཏང་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་སྔར་བས་ཆེ་རུ་བཏང་བ་རེད།

གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོཊ་བསྡུས་བཅོས་སྒྲིག་ཆེན་མོའི་བྱ་སྤྱོད་མ་སྤེལ་གོང་།

གྲོང་མི་མང་ཚོགས་ཀྱིས་པ་སེ་གྲོང་ཚོའི་ལམ་དུམ་ཁག་གཅིག་ཏུ་རླངས་འཁོར་རང་དགར་འཇོག་པ་དང་། འགྲོ་འོང་བྱེད་མཁན་རླངས་འཁོར་རྟག་ཏུ་འགག་པ། རླངས་འཁོར་ཕན་ཚུན་བརྡར་རེས་བྱེད་པ། རྒྱུན་གཏན་གྱི་འགྲོ་སྐྱོད་ལ་ཤུགས་རྐྱེན་ཐེབས་པ་སོགས་ཀྱི་སྣང་ཚུལ་གཅིག་སྡུད་ཐོག་མཚོན་པར་བྱས་སྟབས། པ་སེ་གྲོང་ཚོའི་ཏང་ཀྲི་པུས་རྨང་གཞིའི་ལས་དོན་ལ་དམ་འཛིན་བྱས་ནས་དོག་སྡེ་ཁྲོམ་གཞུང་འགྲིམ་འགྲུལ་ཉེན་རྟོག་རུ་འབྲིང་དང་མཉམ་འབྲེལ་ཐོག་རླངས་འཁོར་གང་བྱུང་དུ་བཞག་པར་བཅོས་སྒྲིག་བྱེད་པའི་བྱ་སྤྱོད་སྤེལ་བ་དང་། འགྲིམ་འགྲུལ་བཀག་རྒྱའི་མཚོན་རྟཊ་མང་དུ་བཏང་བ། རྒྱུན་གཏན་གྱི་སྐོར་ཞིབ་ལས་དོན་སྤེལ་བ། རླངས་འཁོར་འཇོག་སའི་ཐོན་ཁུངས་སྔོག་འདོན་གང་ལེགས་བྱེད་པ།

གྲོང་ཚོ་ཨུ་ལྷན་གྱི་སྒོ་ར་སོགས་སུ་གནས་སྐབས་དམངས་ཕན་རླངས་འཁོར་འཇོག་ས་གསུམ་བཙུགས་པར་མ་ཟད། གྲོང་ཚོའི་མཉམ་སྡེབ་འགྲོ་གྲོན་ཁྲོད་ནས་སྒོར་ཁྲི་59བཏོན་ཏེ་དོག་སྡེ་ཁྲོམ་གཞུང་གི་ལམ་གཙོ་བོའི་གཡས་ངོས་ཀྱི་རླངས་འཁོར་འཇོག་ས་བསྐྲུན་པ་དང་རླངས་འཁོར་འཇོག་ས་80ལྷག་ཙམ་གསར་དུ་བསྐྲུན་ཡོད།

གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོཊ་བསྡུས་བཅོས་སྒྲིག་ཆེན་མོའི་བྱ་སྤྱོད་སྤེལ་ཚུན། པ་སེ་གྲོང་ཚོའི་ཏང་ཀྲི་པུས“བདེ་སྐྱིད་སྒོ་འགྲམ་དུ་སླེབས་པ”སོགས་ཀྱི་བྱེད་སྒོ་གཏིང་ཟབ་ངང་སྤེལ་བ་དང་། བཅར་འདྲི་བྱ་ཡུལ་དུ་བསྐྱོད་དེ་དམངས་ཀྱི་བསམ་ཚུལ་ཉན་པ་དང་ཡུལ་དངོས་སུ་བརྟག་དཔྱད་ཞིབ་འཇུག་བྱེད་པ། གྲོང་མིས་བཏོན་པའི་རླངས་འཁོར་གང་བྱུང་དུ་འཇོག་པ་དང་། ཉེ་འཁོར་གྱི་ཁོར་ཡུག་བཙོག་ཟིང་ཞན་གསུམ་སོགས་ཀྱི་གནད་དོན་བཅོས་སྒྲིག་ཧུར་ཐག་བྱེད་པ། མང་ཚོགས་མཉམ་དུ་ཞུགས་རྒྱུར་ཁྲིད་སྟོན་དང་སྐུལ་ཁྲིད་བྱེད་པ། མང་ཚོགས་ཀྱི་ཁང་པའི་རྒྱབ་མདུན་གྱི་མེ་ཤིང་དང་གད་སྙིགས་གང་བྱུང་དུ་སྤུངས་པའི་རིགས་སོགས་ཀྱི་གནད་དོན་107ལ་བཅོས་སྒྲིག་བྱས་པ་དང་།

(པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-03-08 6 6 拉萨日报藏文 c177026.html 1 ཁྲེང་ཀོན་ཆུས་ཀྱིས་ནུས་ཤུགས་གཅིག་སྒྲིལ་གྱིས་ཁོར་ཡུག་བཅོས་སྒྲིག་བྱས་ནས་འཚོ་སྡོད་ལ་འཚམ་པའི་ཁྱིམ་གཞིས་བསྐྲུན་པ། /enpproperty-->