分享按钮

གྲོང་ཁྱེར་དོ་དམ་ཅུས་ཀྱིས་སྡེ་ཁུལ་ལ་རོགས་རམ་བྱས་ནས་གྲོང་ཁྱེར་དང་

གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་བྱ་སྤྱོད་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་བྱ་སྤྱོད་སྤེལ་བ་ནས་བཟུང་། གྲོང་ཁྱེར་དོ་དམ་ཅུས་ཀྱིས“གཞི་རིམ་དུ་སྐྱོད་པ་བཞི”སྤྱད་དེ་བཅར་འདྲི་བྱེད་པ་དང་། མཐིལ་རྟོགས། ཞིབ་འཇུག་བརྟག་དཔྱད།སྐྱོན་ཆ་འཚོལ་ཞིབ་དང་བཅོས་སྒྲིག་བཅས་བྱས་ཏེ་ཏན་ཏན་ཏིག་ཏིག་ངང་དམངས་ཀྱི་ཆེད་དུ་བྱ་བ་དངོས་སྒྲུབ་པ་དང་དམངས་ཀྱི་སེམས་ཁྲལ་བསལ་རོགས་བྱས་ཡོད། ཉེ་ཆར། བཅར་འདྲི་དང་བརྟག་དཔྱད་ཞིབ་འཇུག་བྱེད་རིང་ཤེས་རྟོགས་བྱུང་བའི་འོ་བརྒྱལ་ཐང་སྡེ་ཁུལ་གྱི་ཁུག་ཀྱོག་ཏུ་གད་སྙིགས་ཡོད་པ་དང་།ས་འོག་ཆུ་སྦུག་འགག་པའི་གནད་དོན་ཐག་གཅོད་བྱ་ཆེད། གྲོང་ཁྱེར་དོ་དམ་ཅུས་ཀྱིས་བོད་ལྗོངས་པོ་རུའེ་ཁོར་ཡུག་སྲུང་སྐྱོང་ཞབས་ཞུ་ཚད་ཡོད་ཀུང་སི་དང་མཐུན་སྦྱོར་བྱས་ནས་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་ལས་དོན་སྤེལ་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་བྱ་སྤྱོད་རྒྱུན་མཐུད་ངང་གཏིང་ཟབ་ཏུ་འགྲོ་རྒྱུར་སྔར་བས་སྐུལ་འདེད་བཏང་བ་རེད།

ཉིན་དེའི་སྔ་དྲོ། གསར་འགོད་པར་འོ་བརྒྱལ་ཐང་སྡེ་ཁུལ་གྱི་ཁྲོམ་གཞུང་ཞིག་ཏུ་སྡེ་ཁུལ་གྱི་ལས་དོན་མི་སྣ་དང་། དང་བླངས་པ། ཁོར་ཡུག་འཕྲོད་བསྟེན་ལས་དོན་པ་བཅས་ཀྱི་ཁྲོམ་གཞུང་དེའི་ནང་གི་རྡོ་ཧྲུལ་དང་། ལྕང་མའི་ཡལ་ག ཁྱིམ་ཆས་རྙིང་པ། འཚོ་བའི་གད་སྙིགས། ཁུག་ཀྱོག་གི་གད་སྙིགས་བཅས་ཚང་མ་གཙང་སེལ་བྱེད་བཞིན་ཡོད་པ་ཤེས་རྟོགས་བྱུང་བ་རེད། ལྕང་གྲོང་ལམ་གྱི་ལམ་དུམ་བུར་བོད་ལྗོངས་པོ་རུའེ་ཁོར་ཡུག་སྲུང་སྐྱོང་ཞབས་ཞུ་ཚད་ཡོད་ཀུང་སིའི་ལས་དོན་མི་སྣས་ས་འོག་ཆུ་སྦུག་གི་སྣུམ་སྙིགས་འགག་པ་རྣམས་གཙང་སེལ་བྱེད་བཞིན་ཡོད་པ་རེད།

འོ་བརྒྱལ་ཐང་སྡེ་ཁུལ་གྱི་ཏང་ཀྲི་པུའི་དྲིལ་བསྒྲགས་ཨུ་ཡོན་བློ་རྡོར་གྱིས་ང་ཚོས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་བྱ་སྤྱོད་དེ་དྲ་མིག་ཅན་གྱི་ཐོག་ནས་སྐུལ་འདེད་གཏོང་བ་དང་། དྲ་མིག་ཅན་གྱི་དོ་དམ་མི་སྣ་དང་དུད་སྦྲེལ་དཔོན་གྱིས་རྒྱུན་གཏན་གྱི་སྐོར་གཡེང་བྱེད་པ།བཅོས་སྒྲིག་བྱེད་དགོས་པའི་ས་གནས་དུས་ཐོག་ཏུ་བཅོས་སྒྲིག་བྱ་རྒྱུར་གོང་ཞུ་བྱེད་ཀྱི་ཡོད། འོན་ཀྱང་ང་ཚོའི་སྡེ་ཁུལ་ནང་ད་དུང་ཁུག་ཀྱོག་ཁུལ་མང་པོ་ལུད་ཡོད་པས། དེ་རིང་ང་ཚོས་ཁུག་ཀྱོག་ཏུ་གད་སྙིགས་མ་ལུད་པར་གཙང་སེལ་བྱེད་པའི་བཅོས་སྒྲིག་ཆེན་མོའི་བྱ་སྤྱོད་སྤེལ་བཞིན་ཡོད་ལ། ཕྱིས་འབྱུང་། ང་ཚོས་ལས་དོན་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་གོང་རིམ་ཚན་པ་དང་འབྲེལ་མཐུད་ཧུར་ཐག་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་བྱ་སྤྱོད་རྒྱུན་འཁྱོངས་ངང་ཡག་པོ་སྤེལ་ནས་གྲོང་མི་མང་ཚོགས་ལ་ཡག་པ་དང་། གཙང་མ། སྐྱིད་སྣང་དོད་པ་བཅས་ཀྱི་ཁོར་ཡུག་ཅིག་གཏོད་རྒྱུ་ཡིན་ཞེས་བཤད།

(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-03-08 6 6 拉萨日报藏文 c177024.html 1 /enpproperty-->