ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་3ཚེས་6ཉིན། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་དམངས་ཁྲིམས་ཁང་དང་ལྷ་ས་གྲོང་ཁྱེར་སློབ་ཆུང་དང་པོར《ཁྲིམས་སྐྱོང་སློབ་ཁང་ཆུང་ངུ》ཞེས་པའི་ཁྱད་ལྡན་སྤུས་རྟགས་སློབ་ཚན་གྱི་གྲོས་མཐུན་ཡི་གེར་མིང་རྟགས་འགོད་པའི་མཛད་སྒོ་འཚོགས་པ་རེད།
མཛད་སྒོའི་ཐོག ཁྲེང་ཀོན་ཆུས་མི་དམངས་ཁྲིམས་ཁང་དང་ཁྲེང་ཀོན་ཆུས་སློབ་ཆུང་དང་པོའི་འབྲེལ་ཡོད་འགན་འཁུར་བས《ཁྲིམས་སྐྱོང་སློབ་ཁང་ཆུང་ངུའི་མཉམ་ལས་གྲོས་མཐུན》ལ་མིང་རྟགས་བཀོད་པ་དང་། ལྷ་ས་གྲོང་ཁྱེར་སློབ་ཆུང་དང་པོས་ཁྲེང་ཀོན་ཆུས་མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན་ལ་གདན་ཞུའི་ཡི་གེ་སྤྲད་པ་རེད། ཁྲེང་ཀོན་ཆུས་མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན་ཁྲིམས་སྐྱོང་སློབ་ཁང་ཆུང་ངུའི་འཆད་ཁྲིད་དགེ་རྒན་ལ་གདན་ཞུ་བྱས་ཏེ་སློབ་ཆུང་གི་ཀུན་སྤྱོད་དང་ཁྲིམས་སྐྱོང་སློབ་ཚན་གྱི་ལོ་རིམ་དྲུག་པའི་དཔེ་དེབ་སྟོད་ཆའི་ཁྲིམས་སྐྱོང་ཆེད་དོན་དེབ་གཙོ་བོར་བྱས་ནས་སློབ་ཆུང་སློབ་མའི་རྒྱུན་མཐོང་གི་བཅའ་ཁྲིམས་རྒྱུན་ཤེས་སློབ་ཁྲིད་བྱས་པར་མ་ཟད། དུས་བཀག་ལྟར་ལད་ཟློས་ཁྲིམས་ར་དང་། ཁྲིམས་ཁང་གི་སྒོ་དབྱེའི་ཉིན་མོ། ཤེས་བྱའི་འགྲན་བསྡུར། རྩོད་གཞིའི་འགྲན་བསྡུར་སོགས་ཀྱི་བྱེད་སྒོ་སྤེལ་བ་རེད།
གན་རྒྱ་འཇོག་པའི་མཛད་སྒོ་མཇུག་འགྲིལ་རྗེས་ལྷ་ས་གྲོང་ཁྱེར་སློབ་ཆུང་དང་པོའི་སློབ་མས་ལད་ཟློས་ཁྲིམས་རའི་བྱེད་སྒོར་ཞུཊཔ་དང་།ལད་ཟློས་ཁྲིམས་རའི་འདྲི་གཅོད་བྱ་ཡུལ་དུ་སློབ་མ་ཚོ་ལད་ཟློས་ཁྲིམས་རའི་འདྲི་གཅོད་བརྒྱུད་རིམ་ནང་དངོས་སུ་ཞུགས་སུ་བཅུག་པ་རེད། སློབ་མ་ཚོས་ཁྲིམས་དཔོན་དང་། ཞིབ་དཔྱོད་དཔོན། ཁྲིམས་རྩོད་པ། ཞུ་སྦྱོར་ཕྱི་མ་བ་སོགས་ཀྱི་མི་སྣ་ཡིན་ཁུལ་བྱས་ནས་བཅའ་ཁྲིམས་ཀྱི་གོ་རིམ་ལྟར་ཁྲིམས་རའི་བརྟག་དཔྱད་དང་། དཔང་རྟགས་ཀྱིས་ངོ་ཐུག་ར་སྤྲོད། ཁྲིམས་སའི་རྩོད་གླེང། མཐའ་མའི་གསལ་བཤད་སོགས་ཀྱི་ལྷུ་ཚིགས་སྤེལ་ནས་ན་སོ་དར་ལ་མ་བབས་པའི་མིས་གྱོད་གཞི་ཞིབ་གཅོད་བྱེད་པའི་བརྒྱུད་རིམ་ཧྲིལ་པོ་ཆ་ཚང་བ་ཞིག་མངོན་པར་བྱས་ནས་སློབ་གྲོགས་ཚོས་བཅའ་ཁྲིམས་ཀྱི་བརྗིད་ཉམས་ཐད་ཀར་ཚོར་ཐུབ་པ་དང་། ཤུགས་རྐྱེན་ཐེབས་ནས་རིམ་བཞིན་ཁྲིམས་སྐྱོང་སློབ་གསོ་དང་ལེན་ཐུབ་པར་བྱས་ཡོད།
ད་རེས་ཀྱི་བྱེད་སྒོ་སྤེལ་བ་དེས་སློབ་མ་ཚོར་གཞི་རྩའི་བཅའ་ཁྲིམས་ཀྱི་ཤེས་བྱ་ཤེས་རྟོགས་ཐུབ་པར་མ་ཟད། དེ་བས་གལ་འགངས་ཆེ་བ་ཞིག་ནི་ཁོང་ཚོའི་བཅའ་ཁྲིམས་ཀྱི་འདུ་ཤེས་དང་རང་ངོས་སྲུང་སྐྱོང་གི་ནུས་པ་ཆེ་རུ་ཕྱིན་ཡོད།
(པ་ཚེས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社