ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་3ཚེས་5ཉིན་གྱི་སྔ་དྲོ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པ་གཟབ་རྒྱས་ངང་འཚོཊ་ཤིང་། གྲོང་ཁྱེར་སྤྱི་བདེ་ཅུས་དམིགས་བསལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་མི་དམངས་ཉེན་རྟོག་པ་དང་ལས་རོཊ་ཉེན་རྟོག་པ་སྒྲིག་འཛུགས་བྱས་ཏེ་ཚོགས་ཆེན་གྱི་འགོ་ཚུཊ་འཛད་སྒོར་བལྟས་པ་དང་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་ཉན་པ་རེད།
ཚང་མས་གཅིག་རྗེས་གཉིས་མཐུད་ངང་ཏང་དང་མི་དམངས་ཀྱིས་དཀྲིས་པའི་དུས་རབས་གསར་པའི་ལས་འགན་ལྷག་བསམ་རྣམ་དག་ངང་སྒྲུབ་པ་དང་ཚོགས་འདུ་གཉིས་ཀྱི་དགོངས་དོན་བརྒྱུད་བསྒྲགས་བྱེད་མཁན་དང་།ལག་ལེན་བསྟར་མཁན་ཞིག་བྱས་ཏེ་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་དང་ཡུན་རིང་བདེ་འཁོད་ཡོང་བར་བྱེད་པའི་གདོང་དམག་ཡག་པོ་ཞིག་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
ལྷ་ས་གྲོང་ཁྱེར་སེམས་དྲོ་ཀུང་སིའི་ཏང་དོན་གཙོ་གཉེར་ཧོང་པའེ་རུའེ་ཡིས་ཕྱིས་འབྱུང་རྒྱལ་ཡོངས་ཀྱི་ཚོཊ་འདུ་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་གོ་སྐབས་སུ་བྱས་ནས་ཀུང་སིའི་འགན་འཁྲི་གཙོ་བོ་དང་དོན་དངོས་ལ་དམ་པོར་དམིཊ་ཏེ་སེམས་དྲོའི་སོལ་རླངས་བྱ་གཞག་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་ཡིན་ཞེས་བཤད།
བར་སྐོར་སྡེ་ཁུལ་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་ཚུལ་ཁྲིམས་ཀྱིས་སླད་ཕྱིན་ངས་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་གོ་བ་ནན་ཏན་ལེན་པ་དང་། ལས་དོན་ཁག་ཏན་ཏིག་ངང་སྒྲུབ་པ། མང་ཚོགས་ཀྱི་དོན་ཆེན་དང་དོན་ཆུང་ཡག་པོ་སྒྲུབ་པ་བཅས་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་དུས་དང་རྣམ་པ་ཀུན་ཏུ་སེམས་ནང་བཞག་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཁྲེང་ཀོན་བསྐྲུན་ཆེད་སྟོབས་ཤུགས་ལེཊ་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད།
(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社