(པར་ངོས་དང་པོར་མཐུད)ཚོཊ་འདུའི་ཐོག ཀྲའོ་ཧྲི་ཏུང་གིས་2023ལོར་ལྷ་ས་གྲོང་ཁྱེར་གྱིས་རྒྱལ་ཁབ་ཀྱི་འབྱུང་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་པའི་ལས་དོན་སྤེལ་ཚུལ་ལ་ཕྱོགས་བསྡོམས་བྱས་ཏེ་སྙན་ཞུ་ཕུལ་བ་རེད། ཀྲའོ་ཧུའེ་ཉན་གྱིས་རྒྱལ་ཁབ་ཀྱི་འབྱུང་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་པར་ཤུཊ་རྒྱག་པའི་རང་སྐྱོང་ལྗོངས་ཆེད་དོན་ཚོགས་ཆུང་གི་2023ལོའི་ལས་ཀར་ཕྱོཊ་བསྡོམས་དང་2024ལོའི་ལས་དོན་ལ་བཀོད་སྒྲིག་བྱེད་པའི་བརྙན་ལམ་ཚོཊ་འདུའི་བླང་བྱ་ལྟར། ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། བྱ་ཐབས་ལེཊ་སུ་གཏོང་བ། དམ་འཛིན་བྱ་གཞི་འཕྱུཊ་མེད་འཚོལ་བ་བཅས་བྱས་ནས་2024ལོའི“འབྱུང་ཁམས་ལེགས་པའི་གྲོང་ཁྱེར་གཏོད་པའི”ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་རྒྱུར་མཛུབ་ཁྲིད་དང་བཀོད་སྒྲིག་གནང་བ་རེད།
ཚོཊ་འདུའི་ཐོག རྒྱལ་ཁབ་ཀྱི་འབྱུང་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་པའི་ལས་དོན་ལ་ཤུགས་རྒྱག་རྒྱུ་ནི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ཞིག་ཡིན་པས། རིམ་ཁག་སྡེ་ཚན་ཁག་གིས་རྒྱལ་ཡོངས་དང་། ལྗོངས་ཡོངས། ལྷ་ས་གྲོང་ཁྱེར་བཅས་ཀྱི་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས“རི་བོ་གཉིས”ཀྱི་འདུ་ཤེས་བརྟན་པོར་བཙུགས་ཏེ། བློ་བརྟན་འགྱུར་མེད་ངང་འབྱུང་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་དགོས་པ་དང་། “མཐོ་ས་གཅིག”ལེགས་པར་གཏོད་པ་དང་། “རྩོམ་ཡིག་གཉིས”ལེགས་པར་འབྲི་བ། “བྱ་སྤྱོད་གསུམ”ལ་དམ་འཛིན་ལེགས་པར་བྱེད་པ། “འདུ་འགོད་ཆེན་པོ་བཞི”ལེགས་པར་སྒྲུབ་པ། “འགན་ལེན་ལྔ”ལེགས་པར་བྱེད་པ་བཅས“12345”ཡི་ལས་ཀའི་བྱ་ཐབས་ལག་བསྟར་ཡག་པོ་བྱེད་དགོས་ཞེས་བསྟན་པ་རེད།
ཚོཊ་འདུའི་ཐོག རྒྱལ་ཁབ་ཀྱི་འབྱུང་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ནས་རྒྱལ་ཁབ་ཀྱི་འབྱུང་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་པའི་ལས་དོན་ལེགས་པར་སྒྲུབ་པའི་དགོས་གཏུགས་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ། བསམ་བློ་དང་བྱ་སྤྱོད་གཉིས་ལྗོངས་ཏང་ཨུད་དང་གྲོང་ཨུད་ཀྱི་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱེད་པ་དང་། གཏོད་པའི་ལས་དོན་གཏིང་ཟབ་ཏུ་སྤེལ་རྒྱུར་སྐུལ་འདེད་གཏོང་དགོས། ལྗང་མདོག་འཕེལ་རྒྱས་ཁྲིད་ཕྱོགས་སུ་འཛིན་པ་དང་། ཡང་དག་པའི་འབྱུང་ཁམས་ལྟ་བ་བརྟན་པོར་འཛུཊ་པ། རྒྱལ་ཁབ་ཀྱི་ནུས་ཁུངས་དང་འཐབ་ཇུས་ཐོན་ཁུངས་ཀྱི་རྟེན་གཞི་གལ་ཆེན་དང་ཞིང་ཕྱུགས་ཐོན་རྫས་ཐོན་སྐྱེད་རྟེན་གཞི་འཛུགས་སྐྲུན་བྱ་རྒྱུ་དེ་འབྱུང་ཁམས་དཔལ་ཡོན་འཛུགས་སྐྲུན་དང་མཉམ་དུ་སྐུལ་འདེད་གཏོང་བ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་རང་བྱུང་ཁོར་ཡུག་སྲུང་སྐྱོང་གཉིས་ཕན་ཚུན་མཐུན་སྦྱོར་བྱེད་པ་བཅས་བྱས་ཏེ། ཚད་གཞི་མཐོན་པོའི་སྒོ་ནས་རྒྱལ་ཁབ་ཀྱི་འབྱུང་ཁམས་བདེ་འཇགས་སྲུང་བཅད་ཁུལ་གཏོད་པ་དང་། བླང་བྱ་མཐོན་པོའི་སྒོ་ནས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དཔེ་སྟོན་ཁུལ་གཏོད་པ། སྤུས་ཚད་མཐོན་པོའི་སྒོ་ནས་ལྗང་མདོག་འཕེལ་རྒྱས་ཀྱི་ཚོད་ལྟའི་ཁུལ་གཏོད་པ། ཆུ་ཚད་མཐོན་པོའི་སྒོ་ནས་རང་བྱུང་སྲུང་སྐྱོང་གི་མ་དཔེའི་ཁུལ་གཏོད་པ། སྤུས་ཚད་མཐོན་པོའི་སྒོ་ནས་འབྱུང་ཁམས་ལ་བརྟེན་ནས་མི་དམངས་ཕྱུག་ཏུ་གཏོང་བའི་ཁུལ་གཏོད་པ་བཅས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། སྤུས་ཚད་མཐོ་བའི་འབྱུང་ཁམས་ཁོར་ཡུག་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པ་དང། རིམ་པ་མཐོན་པོའི་སྒོ་ནས་དེང་རབས་ཅན་གྱི་ཁོར་ཡུག་བཅོས་སྒྲིག་མ་ལག་སྐྲུན་པ། འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་གི་མཉམ་ཤུགས་ཤིག་ཆགས་རྒྱུར་སྐུལ་འདེད་གཏོང་བ། འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་གི་རྨང་གཞིའི་འདེགས་སྐྱོར་ལ་ཤུཊ་སྣོན་རྒྱག་པ་བཅས་བྱས་ནས་བཅོས་སྒྲིག་མ་ལག་དང་བཅོས་སྒྲིག་ནུས་པ་དེང་རབས་ཅན་དུ་འགྱུར་བར་བྱེད་དགོས་ཞེས་ནན་གྱིས་བསྟན་ཡོད།
(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社