ཉེ་ཆར། ཁྲེང་ཀོན་ཆུས་དོག་སྡེ་ཁྲོམ་གཞུང་བཀྲ་ཤིས་སྡེ་ཁུལ་དང་ཁྲོམ་གཞུང་ཁྲིམས་འཛིན་སུའོ་ཡིས་མཉམ་འབྲེལ་ཐོག་སྡེ་ཁུལ་གྱི་ཏང་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ས་ཚིགས་སུ“བཅའ་ཁྲིམས་ཁག་དགུ་སྤེལ་བའི”ཁྲིམས་སྐྱོང་དྲིལ་བསྒྲགས་བྱས་པ་རེད།
བྱེད་སྒོ་སྤེལ་ཡུལ་གྱི་རྣམ་པ་འཁྲུག་ཆ་དོད་ཅིང་། ཁྲོམ་གཞུང་ཁྲིམས་འཛིན་སུའོ་དང་སྡེ་ཁུལ་གྱི་ལས་དོན་མི་སྣས་གྲོང་མིར་བཅའ་ཁྲིམས་ཁྱབ་གདལ་གྱི་དྲིལ་བསྒྲགས་དཔྱད་ཡིག་200ལྷག་ཙམ་དང་བཅའ་ཁྲིམས་ཁྱབ་གདལ་གྱི་ལག་རྟགས་50ལྷག་ཙམ་སྤྲད་པ་རེད།
ཕྱིས་འབྱུང་། བཀྲ་ཤིས་སྡེ་ཁུལ་གྱིས་བཅའ་ཁྲིམས་ཁྱབ་གདལ་དང་དྲིལ་བསྒྲགས་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་གྲོང་མིར་ཁྱོན་ཡོངས་དང་སྤུས་ལེགས་ཀྱི་བཅའ་ཁྲིམས་ཞབས་ཞུ་མཁོ་འདོན་བྱས་ཏེ། ཁྲིམས་སྐྱོང་གི་འདུ་ཤེས་སེམས་ལ་འཇགས་པར་བྱས་ནས་སྡེ་ཁུལ་གྱི་དུས་བདེ་དང་ཞི་མཐུན་ལ་སྲུང་སྐྱོང་བྱ་རྒྱུ་ཡིན་པ་རེད།
(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社