ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་3ཚེས་1ཉིན་གྱི་ཕྱི་དྲོར།གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་2023ལོའི་གཟེངས་བསྟོད་ཚོཊ་ཆེན་འཚོཊ་པ་རེད།
གྲོང་སྤྱི་གཞོན་པ་དང་། གྲོང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ། གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་། ལྟ་ཞིབ་དཔོན་བཅས་ཡིན་པའི་པ་སངས་རྡོ་རྗེ་ཚོཊ་འདུར་ཞུགས་ཡོད་པ་རེད།
ཚོཊ་འདུའི་ཐོག་2023ལོའི་གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེའི་ལས་དོན་སྤེལ་ཚུལ་བརྡ་ཁྱབ་བཏང་ནས་ལོ་འཁོར་གྱི་བྱ་དགའ་ཐོབ་པའི་གནས་ཚུལ་སྒྲོག་སྦྱང་བྱས་པ་དང་། ཚོཊ་ཞུགས་འགོ་ཁྲིད་ཀྱིས་སྔོན་ཐོན་མཉམ་སྡེབ་དང་མི་སྒེར་གྱི་འཐུས་མིར་བྱ་དགའ་སྤྲད་ཅིང་།བྱ་དགའ་ཐོབ་མཁན་གྱི་འཐུས་མིས་གཏམ་བཤད་སྤེལ་རེས་བྱས་པ་རེད།
པ་སངས་རྡོ་རྗེས་བླང་བྱ་བཏོན་དོན།2024ལོར་གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་ལྷག་བསམ་རྣམ་དག་ངང་འགན་འཁྲི་བསྒྲུབས་ཏེ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་དང་། ཆབ་སྲིད་ཀྱི་ནུས་པ་ཆེ་རུ་གཏོང་བ། ཏང་འཛུགས་སྐྱོང་གི་རྨང་གཞི་བརྟན་དུ་གཏོང་བ་བཅས་བྱས་ནས་དད་སེམས་བརྟན་པོ་ལྡན་པའི་སྤྱི་བདེའི་ལས་དོན་པ་ཞིག་བྱེད་དགོས་པ་དང་།
འགན་འཁྲིར་གཞི་ཚུཊ་པ་དང་། ཚུཊ་གནས་ཡང་དག་འཚོལ་བ། འགན་འཁྲི་འཁུར་ཕོད་པ། ལས་དོན་སྒྲུབ་མཁས་པ་བཅས་བྱས་ནས་འགན་འཁུར་ཕོད་པའི་བསམ་ཤེས་ཅན་ཞིག་བྱེད་དགོས་པ། དངོས་འཛིན་དངོས་སྒྲུབ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ་དང་།ལྟེ་བར་དམིགས་ཏེ་དོན་འཁྱོལ་ལ་དམ་འཛིན་བྱེད་པ།གནད་དོན་གྱི་སྟོན་ཕྱོགས་མཐའ་འཁྱོངས་ཀྱིས་དོན་འཁྱོལ་ལ་དམ་འཛིན་བྱས་ནས་ལས་ལ་བརྩོན་པའི་ལས་དོན་པ་ཞིག་བཅས་བྱས་ཐོག་ལྷ་ས་འདི་ཉིད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྲུང་སྐྱོང་བྱ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།
(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社