ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། འདི་ལོའི་ཚུན་དུ། ཕྱུཊ་བཀག་རྩྭ་གསོའི་སྲིད་ཇུས་དོན་འཁྱོལ་ནན་པོ་དང་། ཕྱུཊ་བཀག་རྩྭ་གསོའི་ལས་དོན་སྤེལ་ཤུཊ་ཆེ་རུ་གཏོང་བ། འབྱུང་ཁམས་ཁོར་ཡུག་གི་འགོག་སྲུང་དྲ་བ་བསྐྲུན་པ་བཅས་བྱས་ནས་ཁོངས་གཏོགས་ཁུལ་གྱི་འབྱུང་ཁམས་ཁོར་ཡུག་ལ་སྲུང་སྐྱོང་ཏན་ཏིག་བྱ་ཆེད། སྟག་རྩེ་ཆུས་ཀྱིས་ནུས་ཤུཊ་ཆེན་པོ་བཏོན་ནས་ཕྱུཊ་བཀག་རྩྭ་གསོའི་ལས་དོན་ལ་དམ་འཛིན་ཡག་པོ་བྱས་པ་རེད།
ཕྱི་རོལ་དུ་ཉི་འོད་རབ་ཏུ་འཕྲོས་པ་དང་གནམ་གཤིས་དྲོ་རུ་སོང་ཡོད་པས་སྤེན་པའི་སེམས་པ་ཧ་ཅང་སྐྱིད་པོ་བྱུང་ཡོད། གང་ཡིན་ཟེར་ན་གནམ་གཤིས་དྲོ་པོ་ཡོད་ན་སྡོང་ཕྲུག་སྐྱེ་འཚར་ལ་ཕན་པ་ཆེན་པོ་ཡོད་པས་རེད། ནང་ནས་ཐོན་ཏེ་སྐར་མ་བཅུ་ལྷག་ཙམ་ལས་སོང་མེད་པར་སྤེན་པ་རི་ལམ་བརྒྱུད་ནས་ལྷ་སའི་ལྷོ་བྱང་རི་ཁུལ་2023ལོ་འཁོར་གྱི་སྟག་རྩེ་ཆུས་ཀྱི་ནཊ་བཟོའི་སྔོ་འགྱུར་ལས་གྲྭ་སྟེ་བྲག་དཀར་གྲོང་ཚོའི་ཁུལ་དང་པོར་སླེབས་ཤིང་། ཁོང་གིས་དེ་གར་ཉིན་གཅིག་གི་ལས་ཀ་བྱེད་འགོ་འཛུཊ་བཙུགས། ན་ནིང་ནཊ་སྲུང་བའི་ལས་ཀའི་འགན་ཁུར་རྗེས་ཁོང་གིས་ཉིན་ལྟར་རིར་སྐོར་གཡེང་བྱེད་པར་འགྲོ་ཡི་ཡོད།
སྤེན་པས་ང་ཚོས་ཉིན་གཅིག་ལ་ཞོགས་པའི་ཆུ་ཚོད་དགུ་པ་ནས་ཕྱི་དྲོའི་ཆུ་ཚོད་བཞི་པའི་བར་སྐོར་གཡེང་ཐེངས་གསུམ་རྒྱག་པ་དང་། སྐབས་རེ་ལྕགས་དྲ་བརྟན་པོ་མེད་སར་ཕྱུཊ་རིགས་སྔོ་ལྗང་ཁུལ་ནང་འཛུལ་ཡོང་གི་ཡོད། ད་ཆ་མང་ཚོགས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་ཕྱིན་ནས་རང་ཁྱིམ་གྱི་ཕྱུགས་རིགས་ལ་དོ་དམ་ཡག་པོ་བྱེད་ཀྱི་ཡོད་ལ་ཕྱུགས་རིགས་གང་བྱུང་དུ་འགྲོ་བའི་གནས་ཚུལ་ཡང་ཉུང་དུ་ཕྱིན་ཡོད་ཅེས་བཤད།
བྲག་དཀར་ཞོལ་གྲོང་ཚོའི་ས་ཁོངས་ནང་ཁྱོན་ཡུག་ཁུལ་3ཡོད་པ་དང་ནཊ་སྲུང་བ་6གིས་སྲུང་སྐྱོང་གི་ལས་འགན་སྒྲུབ་ཀྱི་ཡོད། དགུན་དཔྱིད་གཉིས་ཀྱི་མཚམས་སུ་གནམ་གཤིས་སྐམ་ཤས་ཆེ་བས་མེ་ཟོན་གྱི་འགག་རྩའི་དུས་སུ་སླེབས་ཡོད། སྤེན་པ་དང་ལས་རོགས་ཚེ་རིང་རྡོ་རྗེས་སེམས་ནང་ལྷོད་གཡེང་སྤུ་ཙམ་ཡང་གཏོང་ཕོད་ཀྱི་མེད། ཁོང་ཚོས་རི་ལམ་བརྒྱུད་ནས་དལ་པོར་བསྐྱོད་པ་དང་ལམ་བར་དུ་སྐྱོན་ཤོར་བའི་ལྕཊ་དྲ་མཐོང་སྐབས་ལམ་སེང་བརྟན་དུ་གཏོང་བ་དང་། རྡོ་ཡིས་གནོན་པ། ལྕཊ་སྐུད་ཀྱིས་བསྡམས་པ། རྒྱག་པ་གཞུས་ནས་བརྟན་པོ་ཡོད་མིན་ལྟ་བ་བཅས་བྱས་ནས་ཕྱུཊ་རིཊ་འཛུལ་མི་ཐུབ་པའི་འགན་ལེན་བྱས་རྗེས་མུ་མཐུད་སྐོར་གཡེང་བྱེད་ཀྱི་ཡོད་པ་རེད། ཤིང་སྡོང་མང་པོ་ཡོད་པའི་ས་ཆར་ཁོང་ཚོས་གོམ་སྟབས་དལ་དུ་བཏང་སྟེ་སྡོང་ཕྲུག་གི་སྐྱེ་འཚར་ལ་ལྟ་ཞིབ་ཞིབ་ཚགས་བྱས་ནས་འདི་ལོའི་དཔྱིད་ཀ་ཤར་རྗེས་གསབ་འཛུཊ་བྱེད་དགོས་པའི་གནས་ཚུལ་ཁོང་དུ་ཆུད་ཐུབ་པ་བྱེད་ཀྱི་ཡོད།
ནཊ་སྲུང་བ་ནི་ཕྱུཊ་བཀག་རྩྭ་གསོའི་ལྷུ་ཚིགས་གལ་ཆེན་ཞིག་ཡིན་པའི་ངོས་ནས་བཀག་སྡོམ་རྩྭ་གསོའི་དྲིལ་བསྒྲགས་དང་། མེ་འགོག ལྕཊ་དྲ་བསྐོར་བ། སྲུང་སྐྱོང་སོགས་ཀྱི་ལས་དོན་མུ་མཐུད་ཡག་པོ་བསྒྲུབས་ནས་ཕྱུཊ་བཀག་རྩྭ་གསོའི་བྱ་ཐབས་དོན་འཁྱོལ་ནན་པོ་བྱ་རྒྱུའི་འགན་ལེན་བྱེད་ཀྱི་ཡོད། དེ་དང་ཆབས་ཅིག་སྟག་རྩེ་ཆུས་ཀྱིས་ལྷ་སའི་ལྷོ་བྱང་རི་བོའི་ཕྱུཊ་བཀག་རྩྭ་གསོའི་བཀག་སྡོམ་དོ་དམ་ལ་ཤུཊ་སྣོན་ཏན་ཏིག་རྒྱག་གི་ཡོད་ཅིང་། མིག་སྔར། ཕྱུཊ་ཟོག་གིས་སྡོང་ཕྲུག་ཟ་བའི་སྣང་ཚུལ་བཀག་འགོག་ཐུབ་པ་དང་ཕྱུཊ་བཀག་རྩྭ་གསོའི་ལས་དོན་ལ་ཕན་འབྲས་བཟང་པོ་ཐོན་ཡོད་པ་རེད།
(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社