ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཚེས་2ཉིན་གྱི་སྔ་དྲོར། 2024ལོའི་གྲོང་ཁྱེར་ཡོངས་ཀྱི་ཞིང་འབྲོག་ལས་དང་གྲོང་གསེབ་དར་རྒྱས་གཏོང་བའི་ལས་དོན་སྲ་བརྟན་དུ་གཏོང་བ་དང་འབྲེལ་མཐུད་ལ་སྐུལ་འདེད་གཏོང་བའི་ཚོཊ་འདུ་འཚོཊ་ཏེ་2023ལོའི་ལས་དོན་ལ་ཁྱོན་ཡོངས་ནས་ཕྱོགས་བསྡོམས་དང་། ལྷག་པའི་གནད་དོན་ཐག་གཅོད། དུས་བབ་ལ་དབྱེ་ཞིབ། 2024ལོའི་གཙོ་གནད་ལས་དོན་བཀོད་སྒྲིག་བཅས་བྱས་པ་རེད།
གྲོང་སྤྱི་གཞོན་པ་བཀྲ་ཤིས་དཔལ་སྒྲོན་ཚོཊ་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
བཀྲ་ཤིས་དཔལ་སྒྲོན་གྱིས་རིམ་ཁག་ཞིང་འབྲེལ་སྡེ་ཚན་གྱིས་མཚམས་ཐིག་ལས་འགན་ལ་དམ་པོར་དམིགས་ནས་འབྲུ་རིགས་བདེ་འཇགས་དང་དབུལ་པོ་བསྐྱར་ལོག་ལ་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་བྱེད་པའི་ཐད་ཚད་བརྒལ་ཡོང་བར་བྱེད་དགོས་པ་དང་། འབབ་འཕར་ལ་སྐུལ་འདེད་གཏོང་རྒྱུར་དམ་པོར་དམིགས་ནས་ཐོན་ལས་འཕེལ་རྒྱས་དང་ལས་ཞུགས་བརྟན་པོ་ཡོང་བའི་ཐད་ཚད་བརྒལ་གསར་པ་ཡོང་བ་བྱེད་པ། མིའི་འཚོ་སྡོད་དང་ལས་ཞུགས་ལ་འཚམ་པར་བྱས་ནས་གྲོང་གསེབ་འཛུགས་སྐྲུན་དང་མིའི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་ཐད་ཚད་བརྒལ་གསར་པ་ཡོང་བར་བྱེད་དགོས་པ། ཤང་སྲོལ་ཤེས་དཔལ་ལ་དམ་པོར་དམིགས་ཏེ་གྲོང་གསེབ་བཅོས་སྐྱོང་དང་ཉེན་ཁ་སེལ་རྒྱུའི་ཐད་ཚད་བརྒལ་གསར་པ་ཡོང་བར་བྱེད་པ། འཕེལ་རྒྱས་ཀྱི་གསོན་ཤུགས་ལ་དམ་པོར་དམིགས་ཏེ་གྲོང་གསེབ་སྒྱུར་བཅོས་དང་རྣམ་གྲངས་ལ་རྒྱུན་མཐུད་སྐུལ་འདེད་གཏིང་ཟབ་གཏོང་བའི་ཐད་ཚད་བརྒལ་གསར་པ་ཡོང་བར་བྱེད་དགོས་པ། ཕྱོགས་ཁག་གི་འགན་འཁྲི་ནན་ཏུ་གཏོང་བ་དང་། སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། དཔེ་མཚོན་དྲིལ་བསྒྲགས་ལ་ཤུགས་སྣོན་རྒྱག་པ། ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ལོ་ཧྲིལ་པོའི་ལས་འགན་ལེགས་སྒྲུབ་ཡོང་བའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社