(པར་ངོས་དང་པོར་མཐུད)ཁོང་གིས་ང་རང་ཆུང་དུས་ནས་དམག་མི་བྱ་རྒྱུའི་ཕུགས་བསམ་ཡོད་ལ་རྒྱུན་དུ་ལུས་སྦྱོང་བྱ་རྒྱུར་ཡང་དགའ་པོ་ཡོད། ད་ཐེངས་དམག་དཔུང་ནང་ཞུཊ་ཐུབ་ཚེ་ངས་དམག་མི་ཕུལ་བྱུང་ཞིག་བྱས་ནས་མེས་རྒྱལ་ལ་དྲིན་ལན་འཇལ་ཐུབ་པར་བྱ་རྒྱུ་ཡིན་ཞེས་བཤད།
དམག་སྐུལ་དང་ལེན་ཞུ་བའི་ན་གཞོན་སྐལ་བཟང་བློ་གྲོས་ཀྱིས་ང་ནི་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་ནས་སློབ་གྲྭ་ཐོན་མ་ཐག་ཡིན།སློབ་གྲྭའི་ནང་ངས་ཉིན་ལྟར་ལུས་སྦྱོང་བྱེད་ཀྱི་ཡོད། ད་ཐེངས་གཟུཊ་པོར་བརྟག་དཔྱད་བྱས་རྗེས་དམག་དཔུང་ནང་ཞུཊ་ཐུབ་པའི་ཡིད་ཆེས་ཡོད།གལ་ཏེ་དམག་དཔུང་ནང་ཞུཊ་ཐུབ་ཚེ་ཏང་དང་མི་དམངས་ལ་ཞབས་འདེགས་ཞུ་ཐུབ་པར་བྱ་རྒྱུ་ཡིན་ཞེས་བཤད།
དམག་བསྡུའི་གཟུཊ་པོ་བརྟག་དཔྱད་ནི་དམག་མིའི་ཡོང་ཁུངས་ཀྱི་སྤུས་ཚད་འགན་ལེན་བྱེད་པའི་འགག་སྒོ་དང་པོ་དེ་རེད། གཟུཊ་པོར་བརྟག་དཔྱད་བྱེད་རིང་།ལྗོངས་མི་དམངས་སྨན་ཁང་གི་གཟུཊ་པོའི་བརྟག་དཔྱད་ལྟེ་གནས་ཀྱི་སྨན་དོན་མི་སྣས་གཟུཊ་པོར་བརྟག་དཔྱད་ཀྱི་གོ་རིམ་དང་། ཚད་གཞི། བྱ་ཐབས་བཅས་ལ་ནན་པོར་གཞིགས་ནས་དམག་སྐུལ་དང་ལེན་ཞུ་བའི་ན་གཞོན་ཚོའི་གཟུཊ་པོ་ཆ་ཚང་ལ་བརྟག་དཔྱད་བྱས་པ་དང་།ཚད་གཞི་ལོན་པར་དམིགས་ཚད་ཡོད་པ་དང་ཚད་གཞི་མ་ལོན་པར་གཞི་འཛིན་ས་ཡོད་པའི་ཐོག་ནས་ཞིབ་བཤེར་ཁག་ཚང་མ་དྲང་གཞག་དང་ཁ་གསལ་ཡོང་བར་བྱས་ཏེ་དཔུང་སྡེར་གཟུཊ་པོའི་བྱང་ཚད་དང་སེམས་ཁམས་ཀྱི་བྱང་ཚད་མཐོ་བའི་དམག་མི་བཀོད་སྒྲིག་གང་ལེགས་བྱས་ཡོད། འདི་ལོ་རང་གྲོང་གི་དཔྱིད་དུས་དམག་བསྡུའི་ལས་དོན་གྱི་འཕེལ་རིམ་གོ་རིམ་ལྡན་པ་དང་ན་ཚོད་ལོན་པའི་གཞོན་ནུ་ཚོས་མིང་ཐོ་ཧུར་ཐག་བཀོད་ཡོད། རང་གྲོང་གིས་སྔ་བར་ཕྱི་གསུམ་དུ་དམག་བསྡུའི་གཟུཊ་པོའི་བརྟག་དཔྱད་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་དམག་བསྡུའི་གཟུཊ་པོའི་བརྟག་དཔྱད་ལས་དོན་ཡག་པོ་སྒྲུབ་ཆེད། ཆབ་སྲིད་ཀྱི་གོ་རྟོགས་མཐོ་བ་དང་། འགན་འཁྲི་འཁུར་སེམས་ཆེ་བ། ལས་སྒོའི་འཇོན་ཐང་ཆེ་བ་བཅས་ཀྱི་སྨན་དོན་མི་སྣ་གདམ་གསེས་བྱས་ནས་དམག་བསྡུའི་གཟུཊ་པོའི་བརྟག་དཔྱད་ནང་ཞུཊ་སུ་བཅུག་སྟེ་དམག་བསྡུའི་གཟུཊ་པོའི་བརྟག་དཔྱད་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་ཐུབ་པའི་འགན་ལེན་བྱས་ཡོད།
གྲོང་ཁྱེར་དམག་བསྡུའི་གཞུང་དོན་ཁང་གི་ལས་དོན་མི་སྣ་ཧྥུའུ་ཡོན་གྱིས་ལྷ་ས་གྲོང་ཁྱེར་གྱིས་2024ལོའི་དཔྱིད་དུས་དམག་བསྡུའི་ལས་དོན་དེ་ན་ནིང་ཟླ་12པ་ནས་འགོ་ཚུགས་པ་དང་འདི་ལོའི་ཟླ་2ཚེས་18ཉིན་མིང་ཐོ་འགོད་པའི་ལས་དོན་མཇུག་འགྲིལ་ཡོད།གཟུཊ་པོའི་བརྟག་དཔྱད་དེ་ཟླ་2ཚེས་27ཉིན་ནས་འགོ་ཚུགས་ཡོད་ཅིང་། འདི་ལོ་ལྷ་ས་གྲོང་ཁྱེར་གྱི་དཔྱིད་དུས་དམག་བསྡུའི་བཅད་གྲངས་དེ་མི་173ཡོད་པའི་ནང་གནས་གཏན་འཁེལ་གྱི་ཧྲེ་ཀོན་དམག་མི་58ཡོད་པ་དང་།ཁྱོན་མི་408གཟུཊ་པོའི་བརྟག་དཔྱད་ནང་ཞུཊ་ཡོད་པ་དང་།དེ་རྗེས་གཟུཊ་པོར་བརྟག་དཔྱད་བསྐྱར་མ་དང་དམག་མི་གཏན་འཁེལ་སོགས་ཀྱི་ལས་དོན་མུ་མཐུད་སྤེལ་རྒྱུ་དང་ཟླ་གསུམ་པའི་ཟླ་སྨད་དུ་དམག་བསྡུའི་ལས་དོན་ཚང་མ་མཇུག་འགྲིལ་རྒྱུ་རེད་ཅེས་བཤད།
(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社