ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་3ཚེས་1ཉིན།མལ་གྲོ་གུང་དཀར་རྫོང་གིས་2024ལོའི་གཙོ་གནད་རྣམ་གྲངས་གཅིག་སྡུད་ཐོག་ལས་འགོ་བསྐྱར་ཚུགས་ཀྱི་མཛད་སྒོ་གཉེར་བ་རེད།
གྲོང་ཨུད་ཀྱི་རྒྱུན་ཨུ་དང་རྒྱུན་ལས་གྲོང་སྤྱི་གཞོན་པ་དགྲ་འདུལ་མཛད་སྒོར་ཕེབས་པ་དང་འབྲེལ་ལས་འགོ་འཛུགས་པའི་རྣམ་གྲངས་ཀྱི་རྩིག་རྨང་བཏིང་གནང་བ་རེད།གྲོང་ཁྱེར་གྱི་འགོ་ཁྲིད་ཀྲེན་ཝུའེ་གོ་དང་།ཕེང་ཧྥེ་ཡུའེ།ལིའུ་ལེང་།ལི་ཧྲེ་རུང་བཅས་མཛད་སྒོར་ཕེབས་ཡོད།
མཛད་སྒོའི་ཐོག་ལས་འགོ་ཚུགས་པའི་བདེ་འཇགས་ཀྱི་སློབ་ཚན་དང་པོ་དང་2024ལོའི་གཙོ་གནད་རྣམ་གྲངས་ཀྱི་ངོ་སྤྲོད་མདོར་བསྡུས་ལ་གཅིག་སྡུད་ཐོག་གཟིགས་པ་དང་།མལ་གྲོ་གུང་དཀར་རྫོང་རྨང་གཞིའི་སྒྲིག་བཀོད་མ་འཇོག་ཀུང་སིས་ཨར་སྐྲུན་ཁེ་ལས་ཀྱི་འཐུས་ཚབ་ཐོག་ནས་གཏམ་བཤད་གནང་བ་དང་།ལྟ་ཞིབ་དོ་དམ་ཚན་པའི་འཐུས་མིས་ཀྱང་གཏམ་བཤད་གནང་བ་རེད།
ན་ནིང་མལ་གྲོ་གུང་དཀར་རྫོང་གིས་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར་70.35ལེགས་སྒྲུབ་བྱས་པ་དང་།གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་39.6བཏང་བ།བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་119.49ལེགས་སྒྲུབ་བྱས་པ་རེད། འདི་ལོ་མལ་གྲོ་གུང་དཀར་རྫོང་གིས་འཕེལ་ཕྱོགས་ཆེན་པོ་སྟངས་འཛིན་དང་།གོ་སྐབས་དམ་འཛིན།དམིགས་ཚད་དང་ལས་འགན་ལ་དམིགས་ནས་ལོ་འཁོར་གྱི་སྤྱིའི་མ་འཇོག་སྒོར་དུང་ཕྱུར་43.59ཡི་རྨང་གཞིའི་སྒྲིག་བཀོད་མ་འཇོག་རྣམ་གྲངས་61ནུས་ཤུགས་ཡོད་རྒུས་ལག་བསྟར་ཡག་པོ་བྱས་ནས་སྲིད་གཞུང་གིས་ལོ་འཁོར་གྱི་སྤྱིའི་མ་འཇོག་སྒོར་དུང་ཕྱུར་8.37གྱི་གསར་སྐྲུན་རྣམ་གྲངས་40དང་མཐུད་སྐྲུན་རྣམ་གྲངས་9ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་།ཁེ་ལས་ཀྱི་ལོ་འཁོར་གྱི་སྤྱིའི་མ་འཇོག་སྒོར་དུང་ཕྱུར་35.22ཀྱི་རྣམ་གྲངས་12ལ་ཞབས་འདེགས་ཡག་པོ་ཞུས་ནས་ལོ་འཁོར་གྱི་དམིཊ་ཚད་དང་ལས་འགན་ཕུན་སུམ་ཚོཊ་པོའི་ངང་ལེགས་འགྲུབ་ཡོང་བའི་འགན་ལེན་བྱེད་བཞིན་ཡོད།
མལ་གྲོ་གུང་དཀར་རྫོང་གིས་ད་ཐེངས་ཀྱི་ལས་འགོ་བསྐྱར་ཚུགས་མཛད་སྒོ་དེ་གོ་སྐབས་སུ་བྱས་ནས་རྣམ་གྲངས་ལ་དམ་འཛིན་ཤུགས་ཆེན་དང་རྣམ་གྲངས་ཆེན་པོར་དམ་འཛིན་དང་།ཆེ་བར་དམ་འཛིན་དང་ཆུང་ཙག་ལྷོད་གཡེང་མི་གཏོང་བའི་འདུ་ཤེས་བརྟན་པོར་བཙུགས་ནས་ཐོན་ལས་འཕེལ་རྒྱས་ཀྱི་ཞབས་ཞུའི་འདུ་ཤེས་དང་ཞབས་ཞུའི་ཆུ་ཚད་སྔར་བས་ཆེ་རུ་གཏོང་བ་དང་།བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱེད་པ།འཕེལ་རིམ་གྱི་འགག་སྒོ་དང་སྤུས་ཚད་ཀྱི་འགག་སྒོ་ནན་སྲུང་བྱེད་པ།བདེ་འཇགས་ཀྱི་ལྟ་སྐུལ་དོ་དམ་དང་ཡུལ་དངོས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ལོ་རྒྱུས་དང་མི་དམངས་ཀྱི་ཞིབ་བཤེར་ཐེག་ཐུབ་པའི་སྤུས་ཚད་མཐོ་བའི་ལས་གྲྭ་བསྐྲུན་ནས།གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་ཐོན་ལས་སྤུས་ཚད་མཐོནཔོའི་འཕེལ་རྒྱས་འགྲོ་རྒྱུར་ནུས་པ་འདོན་སྤེལ་བྱ་རྒྱུ་རེད།
(བུ་ཆུང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社