分享按钮

ལྷ་སའི་གཏམ་རྒྱུད་ཡག་པོ་བཤད་ནས་ལྷ་སའི་གཟུགས་བརྙན་ཡག་པོ་མངོན་པ།

གྲོང་ཁྱེར་ཡོངས་ཀྱི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ལས་དོན་ཚོགས་འདུའི་དགོངས་དོན་ལ་རང་གྲོང་གི་རྫོང(ཆུས)ཁག་ཏུ་ཚུར་སྣང་ལན་ཆ་བཟང་པོ་བྱུང་བ།

ཁྲེང་ཀོན་ཆུས།

ཉེ་ཆར་ཁྲེང་ཀོན་ཆུས་ཀྱི་ཁོངས་གཏོགས་ཁག་གིས་ལས་བྱེད་པ་དང་ལས་བཟོ་བ་སྒྲིག་འཛུགས་བྱས་ནས་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་བྱས་པར་མ་ཟད།རང་སོ་སོའི་ཁྱབ་ཁོངས་དང་ཟུང་འབྲེལ་བྱས་ཏེ་ལག་ལེན་འཁྱོལ་ཐུབ་ངེས་ཀྱི་བྱ་ཐབས་བཟོས་ནས་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་དང་།རང་སྐྱོང་ལྗོངས་ཏང་ཨུད་དང་གྲོང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་དངོས་ཐོན་རྒྱུའི་འགན་ལེན་བྱས་པ་རེད།

ཁྲེང་ཀོན་ཆུས་རིག་གནས་ཡུལ་སྐོར་ཅུས་ཀྱི་ཏང་ཙུའི་ཁོངས་མི་དང་ཅུས་ཀྲང་གཞོན་པ་ཡར་འཕེལ་ཚེ་རིང་གིས་རྗེས་མར་ང་ཚོས་ནུས་ཤུགས་ཡོད་རྒུས་རིག་གནས་ལ་བརྟེན་ནས་གྲོང་ཁྱེར་དར་རྒྱས་གཏོང་བ་མཐའ་འཁྱོངས་བྱས་ཏེ།འདུ་འགོད་ཆེ་གྲས་ལྔ་ལག་བསྟར་ཤུགས་ཆེན་བྱ་རྒྱུར་ཁྲིད་སྟོན་དུ་བྱེད་པ་དང་།དེང་རབས་ཞབས་ཞུའི་ལས་རིགས་སྟོབས་ཆེའི་ཁུལ་བསྐྲུན་རྒྱུ་དམ་འཛིན་བྱ་གཞིར་བྱེད་པ།སྒོ་འཛིན་དཔལ་འབྱོར་དང་ཐོན་ལས་དཔལ་འབྱོར་དང་།མཛེས་ལྗོངས་ཁུལ་གྱི་མཛེས་ལྗོངས་དང་ཐོན་རྫས་དང་ས་ཁོངས་ཡོངས་ཀྱི་ཁོར་ཡུག ལྟ་སྐོར་ཡུལ་སྐོར་དང་ཁམས་གསོ་སྤྲོ་གསེང་།རྨང་གཞིའི་སྒྲིག་ཆས་དང་ལེ་ལག་ཆ་ཚང་འཛུགས་སྐྲུན།གཏན་འབེབས་ཞབས་ཞུ་དང་འདུ་ཤེས་ཞབས་ཞུ་བཅས་གལ་ཆེ་མཉམ་ལྔའི་འཕེལ་རྒྱས་མཉམ་འཛིན་བསམ་ཕྱོགས་དང་།འཐབ་ཇུས་རང་བཞིན་གྱི་རིག་གནས་ཡུལ་སྐོར་རྣམ་གྲངས་ཁག་གཅིག་གསར་སྤེལ་བཅས་ལ་གཞིར་བཟུང་།རིག་གནས་ཡུལ་སྐོར་ལམ་ཐིག་རྩེ་གྲ་ཁག་གཅིག་གཏོད་པ་དང་།སྤུས་རྟཊ་ཀྱི་ཤུཊ་རྐྱེན་ལྡན་པའི་རིག་གནས་ཡུལ་སྐོར་དྲིལ་བསྒྲཊ་ལས་སྟེཊ་ཤིག་གཏོད་པ་བཅས་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

2024ལོར་ཁྲེང་ཀོན་ཆུས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱིས་ཚོགས་འདུའི་དགོངས་དོན་ལ་དམ་པོར་དམིགས་ཏེ་དྲིལ་བསྒྲགས་སློབ་གསོའི་བྱེད་ཐབས་ཟམ་མི་ཆད་པར་གསར་གཏོད་བྱས་ནས་སློབ་གྲྭའི་བསམ་བློ་དང་།རིག་གནས།སྲིད་གཙང་སོགས་ཐད་ཀྱི་མཁྲེགས་ཆས་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུ་དང་།ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་སོགས་ཀྱི་གཙོ་དོན་སློབ་གསོའི་བྱེད་སྒོ་རྒྱུན་མཐུད་སྤེལ་ནས་གཞོན་ནུ་ལོ་ཆུང་སློབ་མར་མི་ཚེའི་གོམ་པ་དང་པོ་ཡག་པོ་སྤོ་རྒྱུའི་ཁྲིད་སྟོན་བྱ་རྒྱུ་དང་།སློབ་གྲྭ་གཅིག་ལ་སྤུས་རྟགས་གཅིག་གི་སྤྱིའི་བསམ་ཕྱོགས་གཞིར་བཟུང་།ཁྱད་ཆོས་མངོན་གསལ་དོད་པ་དང་།ནང་དོན་མངོན་གསལ་དོད་པ། འབོད་སྐུལ་ནུས་པ་ངེས་ཅན་ལྡན་པ་བཅས་ཀྱི་སློབ་གྲྭའི་རིག་གནས་སྔོག་འདོན་གཏིང་ཟབ་བྱ་རྒྱུ།ཕྱོགས་མང་དང་མཐོང་རྒྱ་མང་བའི་དྲིལ་བསྒྲགས་ལས་སྟེགས་སྤྱད་དེ་ཏང་གི་སློབ་གསོའི་སྲིད་ཇུས་དང་ཁྲིམས་སྲོལ་མུ་མཐུད་དྲིལ་བསྒྲགས་བྱས་ནས་སློབ་གསོའི་ཁྱབ་ཁོངས་ཀྱི་གཡུལ་ས་བརྟན་པོ་བསྲུངས་ཏེ།ལྷ་སའི་རིག་གནས་དང་ལྷ་སའི་གཟུགས་བརྙན་ལ་སློབ་གསོའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་ཁྲེང་ཀོན་ཆུས་སློབ་གསོ་ཅུས་ཏང་ཙུའི་ཁོངས་མི་དང་ལྷ་ས་གྲོང་ཁྱེར་སློབ་འབྲིང་དང་པོའི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་བློ་བཟང་བསྟན་དར་གྱིས་བཤད།

འདས་ཟིན་པའི་ལོ་གཅིག་ནང་ཁྲེང་ཀོན་ཆུས་ཀྱི་དྲིལ་བསྒྲགས་དང་བསམ་བློའི་འཐབ་ཕྱོགས་ཀྱིས་གཙོ་རྒྱུན་གླེང་ཕྱོགས་གཡུལ་ས་དང་།ཕྱོགས་བསྡུས་ཞབས་ཞུའི་ལས་སྟེགས།ཁྲེང་ཀོན་ཆ་འཕྲིན་ལྟེ་གནས་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་མི་རིགས་མཐུན་སྒྲིལ་གྱི་ཆེད་དོན་གློག་བརྙན《སེ་འབྲུའི་མེ་ཏོག་བཞད་པ》ཞེས་པ་གྲུབ་འབྲས་ཐོབ་པའི་ངང་བསྟན་པ་དང་།ཞབས་བྲོ《གནའ་ཉམས་དོད་པའི་ལྷ་ས》དེ་2024ལོའི་བོད་རང་སྐྱོང་ལྗོངས་ཀྱི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་བརྙན་འཕྲིན་མཉམ་སྤྲོའི་མཚན་ཚོཊ་ཐོག་འཁྲབ་སྟོན་བྱས་པ་རེད།དགོད་བྲོའི་གཏམ་གླེང《གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོ》དང་།གར་སྟེགས་ཟློས་གར《ཉི་འོད་འོག་གི་སྤུན་ཟླ》སོགས་དྲིལ་བསྒྲགས་སྤུས་རྟགས་རབ་དང་རིམ་པས་མི་སེམས་སུ་དེ་བས་གཏིང་ཟབ་ཟུག་ནས་མི་རིཊ་ཁག་གི་མང་ཚོཊ་ཀྱི་ཞུགས་སྣང་དང་། ཐོབ་སྣང་།བདེ་སྣང་བཅས་ཆེ་རུ་ཏན་ཏིག་ཕྱིན་ཡོད།

ཁྲེང་ཀོན་ཆུས་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲཊ་པུའི་པུའུ་ཀྲང་ཚེ་བརྟན་བདེ་སྐྱིད་ཀྱིས་ལོ་གསར་པའི་ནང་ཁྲེང་ཀོན་ཆུས་ཀྱིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མུ་མཐུད་མཐའ་འཁྱོངས་བྱས་ཏེ།དྲིལ་བསྒྲཊ་ལས་དོན་གྱི་གསར་གཏོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་།དྲིལ་བསྒྲཊ་ལས་བྱེད་པའི་ཆབ་སྲིད་བྱང་ཚད་དང་ལས་སྒོའི་ནུས་པ་ཆེ་རུ་གཏོང་བ།དྲིལ་བསྒྲཊ་ཀྱི་ཐབས་ལམ་དང་ལས་སྟེཊ་རྒྱ་ཆེར་ཧུར་ཐག་གཏོང་བ།བརྒྱུད་ལམ་སྣེ་མང་དང་མཉམ་ལས་བྱེད་ཤུཊ་ཆེ་རུ་གཏོང་བ།དྲིལ་བསྒྲཊ་ཀྱི་ཁྱབ་ཚད་དང་གཏིང་ཟབ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་ང་ཚོའི་དྲིལ་བསྒྲཊ་དེ་མང་ཚོཊ་དང་།འཚོ་བ།དོན་དངོས་བཅས་དང་དེ་བས་ཉེ་བཅར་ཐུབ་པ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

ཆུ་ཤུར་རྫོང་།

ཉེ་ཆར་ཆུ་ཤུར་རྫོང་གིས་ཆེད་དོན་ཚོགས་འདུའི་སློབ་སྦྱོང་དང་ལས་བྱེད་པ་དང་ལས་བཟོ་བས་རང་བརྟེན་སློབ་སྦྱོང་བྱེད་པའི་བྱ་ཐབས་སྤྱད་དེ་གྲོང་ཁྱེར་ཡོངས་ཀྱི་དྲིལ་བསྒྲཊ་དང་བསམ་བློ་རིག་གནས་ལས་དོན་ཚོཊ་འདུའི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་བྱས་ནས་དེའི་ལྟེ་བའི་དོན་སྙིང་དང་།ཕུན་སུམ་ཚོཊ་པའི་ནང་དོན།རིགས་པའི་གཞུང་ལུཊ་གསར་གཏོད་བཅས་ལ་གོ་བ་དངོས་འབྲེལ་ལེན་ཐུབ་པ་བྱས་པ་རེད།ཚོཊ་འདུའི་དགོངས་དོན་ལ་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོ་བའི་ཁྲོད་ཚུར་སྣང་ལན་ཆ་བཟང་པོ་བྱུང་ཡོད།ཚང་མས་སེམས་འགུལ་ཆེན་པོ་ཐེབས་བཞིན་དུ་གྲོང་ཁྱེར་ཡོངས་ཀྱི་དྲིལ་བསྒྲཊ་དང་བསམ་བློ་རིག་གནས་ལས་དོན་ཚོཊ་འདུའི་དགོངས་དོན་དེ་རང་འགུལ་ངང་ལས་ཀའི་ཕྱོཊ་ཁག་གི་བརྒྱུད་རིམ་ཧྲིལ་པོར་ལག་བསྟར་བྱས་ཏེ་ཆུ་ཤུར་རྫོང་གི་དྲིལ་བསྒྲཊ་དང་བསམ་བློ་རིག་གནས་ལས་དོན་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་ཆེད་རྣམ་པ་གསར་པ་ཞིག་གཏོད་རྒྱུ་ཡིན་ཞེས་བཤད་པ་རེད།

ཆུ་ཤུར་རྫོང་རིག་གནས་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་ཚེ་རིང་ལྷ་མོས་ང་ཚོས་ཚད་མཐོའི་རིག་གནས་ཀྱི་རང་རྟོགས་དང་རིག་གནས་ཀྱི་གདེང་ཚོད་ལ་བརྟེན་ནས་གཞུང་འཁྱོངས་གསར་གཏོད་དང་རང་འགུལ་ངང་བྱ་སྤྱོད་སྤེལ་ཏེ་རིག་གནས་བརྩམས་ཆོས་སྤུས་དག་གསར་རྩོམ་དང་ཐོན་སྐྱེད་ལ་ཤུགས་སྣོན་རྒྱག་པ་དང་།རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་ལ་ཤུགས་སྣོན་རྒྱག་པ།རིག་གནས་འཕེལ་རྒྱས་ཀྱི་གསོན་ཤུགས་དང་སྒུལ་ཤུགས་ཆེ་རུ་གཏོང་རྒྱུ་ཡིན།རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་རིག་གནས་ལ་བརྟེན་ནས་ཡུལ་སྐོར་འཕེལ་རྒྱས་དང་།ཡུལ་སྐོར་ལ་བརྟེན་ནས་རིག་གནས་མངོན་པར་བྱས་ནས་ཆུ་ཤུར་རྫོང་གི་རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱ་རྒྱུ་ཡིན་ཞེས་བཤད།

ཆུ་ཤུར་རྫོང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་ལས་དོན་མི་སྣ་བློ་གྲོས་ཀྱིས་སྨྱན་སྦྱོར་གྱི་ལས་དོན་མི་སྣ་ཞིག་ཡིན་པའི་ངོས་ནས་ངས་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ཡག་པོ་དང་དོན་འཁྱོལ་ཡག་པོ་བྱས་ཏེ།རིག་གནས་ལ་བརྟེན་ནས་གྲོང་ཁྱེར་དར་རྒྱས་གཏོང་རྒྱུ་དང་།འདུ་འགོད་ཆེན་པོ་ལྔ།རིག་གནས་ལ་བརྟེན་ནས་གྲོང་ཁྱེར་སྟོབས་ཆེར་གཏོང་རྒྱུ་བཅས་ལ་དམིགས་ནས་དྲིལ་བསྒྲགས་དང་གནས་ཚུལ་སྤེལ་གཏོང་ཡག་པོ་བྱས་ཏེ་ཆུ་ཤུར་རྫོང་གི་གཏམ་རྒྱུད་ཡག་པོ་ཤོད་པ་དང་རིག་གནས་ཀྱི་ལས་འགན་གསར་པ་རང་རྟོགས་ངང་འཁུར་རྒྱུ་ཡིན་ཞེས་བཤད་པ་རེད།

(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-03-05 6 6 拉萨日报藏文 c176974.html 1 ལྷ་སའི་གཏམ་རྒྱུད་ཡག་པོ་བཤད་ནས་ལྷ་སའི་གཟུགས་བརྙན་ཡག་པོ་མངོན་པ། /enpproperty-->