ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཉེ་ཆར། རང་གྲོང་གི་2024ལོའི་དཔྱིད་དུས་དམག་བསྡུའི་གཟུགས་པོར་བརྟག་དཔྱད་བྱེད་པའི་ལས་དོན་ཁྱོན་ཡོངས་ནས་སྤེལ་འགོ་ཚུགས་ཤིང་། གྲོང་ཁྱེར་ཡོངས་ཀྱི་དམག་སྐུལ་དང་ལེན་ཞུ་བའི་ན་གཞོན་408གཟུགས་པོར་བརྟག་དཔྱད་བྱེད་པའི་ལས་དོན་ནང་ཞུགས་ཡོད་པ་རེད།
ཉིན་ཤས་གོང་།གསར་འགོད་པས་ལྗོངས་མི་དམངས་སྨན་ཁང་གཟུགས་པོའི་བརྟག་དཔྱད་ལྟེ་གནས་སུ་དམག་སྐུལ་དང་ལེན་ཞུ་བའི་ན་གཞོན་ཚོ་གཟུགས་པོར་བརྟག་དཔྱད་བྱེད་པར་སླེབས་ཡོད་པ་མཐོང་བྱུང་། གྲོང་ཁྱེར་དམག་བསྡུའི་གཞུང་དོན་ཁང་གི་ལས་དོན་མི་སྣ་དང་དེ་བཞིན་ལྗོངས་མི་དམངས་སྨན་ཁང་གི་གཟུགས་པོའི་བརྟག་དཔྱད་ལྟེ་གནས་ཀྱི་སྨན་དོན་མི་སྣའི་མཉམ་ལས་འོག་དམག་སྐུལ་དང་ལེན་ཞུ་བའི་ན་གཞོན་ཚོ་གོ་རིམ་ལྡན་པའི་ངང་གཟུགས་པོའི་བརྟག་དཔྱད་ཁང་ཁག་ཏུ་བསྐྱོད་ནས་ཁྲག་འཐེན་པ་དང་། ཁོག་ནད་ཚན་ཁག ཕྱི་བཅོས་ཚན་ཁག མིག་ནད་ཚན་ཁག་སོགས་རྣམ་གྲངས་མང་པོའི་ཞིབ་བཤེར་བྱས་ཡོད་པ་རེད།
དམལ་སྐུལ་དང་ལེན་ཞུ་བའི་ན་གཞོན་བསོད་ནམས་རྒྱ་མཚོ་ནི་ཀོང་ཏུང་ལིང་ནན་དགེ་འོས་སློབ་གླིང་དུ་སློབ་སྦྱོང་བྱེད་བཞིན་ཡོད།ད་ཐེངས་ཆེད་མངགས་གཟུགས་པོར་བརྟག་དཔྱད་བྱེད་པར་ཡོང་ཞིང་།
(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社