分享按钮

སྲིད་གྲོས་སྐབས་བཅུ་གཉིས་པའི་ལྷ་ས་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གིས་རྒྱུན་ཨུད་ཀྱི་ཚོགས་འདུ་ཐེངས་བཅུ་གསུམ་པ་འཚོགས་པ།

འཇམ་དབྱངས་བློ་གྲོས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཚེས་3ཉིན་གྱི་ཕྱི་དྲོར།སྲིད་གྲོས་སྐབས་བཅུ་གཉིས་པའི་ལྷ་ས་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གིས་རྒྱུན་ཨུད་ཀྱི་ཚོགས་འདུ་ཐེངས་བཅུ་གསུམ་པ་འཚོགས་པ་རེད།

གྲོང་ཁྱེར་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་ཞི་འཇམ་དབྱངས་བློ་གྲོས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ཚོགས་འདུའི་ཐོག་ཡིག་ཐོག་ནས་ལྗོངས་ཏང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་བྱས་པ་དང་།ལྷ་ས་གྲོང་ཁྱེར་གྱི་2024ལོའི་གཙོ་གནད་ལས་དོན་སྐུལ་སྤེལ་ཚོགས་འདུའི་དགོངས་དོན་དང་།གྲོང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་གྲོང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན།ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་སྲིད་གྲོས་སྐབས་བཅུ་གཉིས་པའི་ལྷ་ས་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པའི་ཐོག་གནང་བའི་གསུང་བཤད་ཀྱི་དགོངས་དོན་དང་དེ་བཞིན་གྲོང་ཁྱེར་སྲིད་གྲོས་ལ་བརྟག་ཞིབ་གནང་སྐབས་ཀྱི་གསུང་བཤད་ཀྱི་དགོངས་དོན་བཅས་བརྒྱུད་བསྒྲགས་བྱས་པ་རེད།

ཚོགས་འདུའི་ཐོག་བློ་མཐུན་ལིའུ་ཅུན་ཧྥེང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པའི་གོ་གནས་དང་ཨུ་ཡོན་གྱི་ཐོབ་ཐང་ནས་འཐེན་ཚུལ་གྱི་གསལ་བཤད་ཉན་འཇོག་དང་གྲོས་ཞིབ་བྱས་པ་དང་།《སྲིད་གྲོས་ལྷ་ས་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་2024ལོའི་ལས་ཀའི་གཙོ་གནད》དང་།

(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-03-05 འཇམ་དབྱངས་བློ་གྲོས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བ། 6 6 拉萨日报藏文 c176965.html 1 སྲིད་གྲོས་སྐབས་བཅུ་གཉིས་པའི་ལྷ་ས་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གིས་རྒྱུན་ཨུད་ཀྱི་ཚོགས་འདུ་ཐེངས་བཅུ་གསུམ་པ་འཚོགས་པ། /enpproperty-->