ལོ་གཅིག་གི་དཔྱིད་ཀ་ཤར་བ་དང་བསྟུན་ནས་རྨོ་འདེབས་ཀྱི་གྲ་སྒྲིག་བྱེད་པའི་དུས་སུ་སླེབས། མིག་སྔ་ནི་དཔྱིད་རྨོས་དང་ཞིང་ལས་ཀྱི་དངོས་ཟོག་གྲ་སྒྲིག་བྱེད་པའི་དུས་ཡིན། མལ་གྲོ་གུང་དཀར་རྫོང་ཞིང་ལས་ཅུས་ཀྱི་དཔྱིད་རྨོས་ཐོན་སྐྱེད་ལ་དམ་འཛིན་བྱེད་པའི་གོ་སྐབས་དང་བསྟུན་ནས་ཏང་གི་ཞིང་ཕན་སྲིད་ཇུས་དོན་འཁྱོལ་ནན་ཏན་བྱས་ཏེ་མལ་གྲོང་རྫོང་གི་ཤང་དང་གྲོང་རྡལ་8ལ་དཔྱིད་འདེབས་ཀྱི་རྫས་ལུད་སྤྲད་ཡོད། མལ་གྲོ་གུང་དཀར་རྫོང་གིས་2024ལོར་དཔྱིད་འདེབས་རྫས་ལུད་ཏུན་881.71ཉོ་སྒྲུབ་བྱས་ཤིང་། མིག་སྔའི་བར་དཔྱིད་རྨོས་ཀྱི་རྫས་ལུད་ཏུན་227དབོར་ཟིན་པ་དང་། ས་ཞིང་རྒྱ་ཁྱོན་མུའུ་ཁྲི་10.2ལྷག་ཙམ་དང་ཞིང་དུད་7000ལྷག་ཙམ་ལ་ཁྱབ་ཡོད།
པར་འདི་ནི་ཡུལ་མིས་སྲིད་གཞུང་ནས་སྤྲད་པའི་རྫས་ལུད་ལེན་བཞིན་པའི་གནས་ཚུལ་ཡིན་པ།
(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社