分享按钮

གཟའ་འཁོར་འདིར་རང་གྲོང་དུ་ལྷགས་པ་ཆེན་པོ་རྒྱག་པའི་གནམ་གཤིས་བསྟན་རྒྱུ་ཡིན་པ།

གནོད་འཚེའི་ཤུགས་རྐྱེན་མི་ཐེབས་པའི་སྔོན་འགོག་བྱེད་དགོས།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་2ཚེས་26ཉིན།གསར་འགོད་པར་གྲོང་ཁྱེར་གནམ་གཤིས་ལས་ཁུངས་ནས་ཤེས་རྟོགས་བྱུང་བར།གཟའ་འཁོར་གོང་མའི་ཚེས་22ནས་ཚེས་24ཉིན་བར་རང་གྲོང་གི་བྱང་རྒྱུད་དང་ཤར་རྒྱུད་ཀྱི་ས་བབ་མཐོ་བའི་ས་ཁུལ་དུ(འདམ་གཞུང་རྫོང་དབུ་མ་ཐང་ཤང)གངས་ཆེན་མོ་བབས་ནས་རིམ་རྩིས་བྱས་ན་གངས་བབས་ཚད་ཧའོ་སྨི་7.7ཟིན་ཡོད་པ་རེད། གཟའ་འཁོར་དེར་ས་གནས་ཁག་ཏུ་ལྷགས་པ་ཆེན་པོ་རྒྱག་པའི་གནམ་གཤིས་མངོན་གསལ་དོད་ཅིང་། སྙེ་མོ་རྫོང་དང་།འདམ་གཞུང་རྫོང་། ཆུ་ཤུར་རྫོང་སོགས་སུ་ལྷགས་པ་ཆེན་པོ་རྒྱག་པའི་ཉིན་གྲངས་2ནས་6བར་ཡོད་པ་རེད།གཟའ་འཁོར་དེར་ཆར་ཆུ་བབས་ཚད་དེ་རྒྱུན་གཏན་གྱི་དུས་མཚུངས་དང་བསྡུར་ན་འདམ་གཞུང་རྫོང་དང་ཆུ་ཤུར་རྫོང་ལ་ཅུང་མང་བ་དང་དེ་བྱིངས་སུ་ཆར་ཆུ་འབབ་ཉུང་བའམ་ཡང་ན་ཆར་ཆུ་འབབ་མེད། གཟའ་འཁོར་དེའི་ཆ་སྙོམས་དྲོད་ཚད་དེ་རྒྱུན་གཏན་གྱི་དུས་མཚུངས་དང་བསྡུར་ན་ལྷ་ས་དང་།འདམ་གཞུང་རྫོང་།མལ་གྲོ་གུང་དཀར་རྫོང་བཅས་ཀྱི་དྲོད་ཚད་ཧྲེ་ཧྲི་ཏུའུ་1ནས་2བར་མཐོ་རུ་ཕྱིན་པ་དང་དེ་བྱིངས་ཀྱི་ས་གནས་ཀྱི་དྲོད་ཚད་རྒྱུན་གཏན་ལྟར་ཡིན་པ་རེད།

གྲོང་ཁྱེར་གནམ་གཤིས་ལས་ཁུངས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན།སྔོན་དཔག་བྱས་ན་གཟའ་འཁོར་འདིར་རང་གྲོང་དུ་གནམ་དྭངས་པ་ནས་སྤྲིན་པ་མང་པོ་འཁོར་བའི་གནམ་གཤིས་དང་ལྷགས་པ་ཆེན་པོ་ཡང་ཡང་རྒྱག་པའི་གནམ་གཤིས་བསྟན་རྒྱུ་རེད།གཟའ་འཁོར་འདིའི་ནང་དུ་ཡར་ཀླུང་གཙང་པོ་རྒྱུག་ཁུལ་དུ་ཕྱི་དྲོ་ལྷགས་པ་རིམ་པ་5ཡས་མས་རྒྱག་རྒྱུ་དང་།ས་བབ་མཐོ་བའི་ས་ཁུལ་དུ་ལྷགས་པ་རིམ་པ་8ནས་9བར་རྒྱག་རྒྱུ་རེད།གནམ་གཤིས་གཙོ་བོ་ནི།གཟའ་ཟླ་བ་ནས་གཟའ་ལྷག་པའི་བར།རང་གྲོང་དུ་གནམ་དྭངས་པ་ནས་རིམ་བཞིན་སྤྲིན་པ་མང་པོ་འཁོར་རྒྱུ་དང་།བྱང་རྒྱུད་དང་ཤར་རྒྱུད་ཀྱི་ས་བབ་མཐོ་བའི་ས་ཆ་ཁ་ཤས་ལ་ཁ་ཐོར་རང་བཞིན་གྱི་གངས་ཆུང་བ་འབབ་རྒྱུ། གཟའ་ཕུར་བུའི་ཉིན་ནས་གཟའ་པ་སངས་བར། རྫོང(ཆུས)ཁག་ཏུ་སྤྲིན་པ་ཉུང་བ་ནས་རིམ་བཞིན་མང་དུ་འགྲོ་རྒྱུ། གཟའ་སྤེན་པ་ནས་གཟའ་ཉི་མའི་བར།ས་ཆ་སོ་སོར་གནམ་དྭངས་པ་ནས་སྤྲིན་པ་མང་པོ་འཁོར་རྒྱུ་རེད།གྲོང་ཁྱེར་གནམ་གཤིས་ལས་ཁུངས་ཀྱིས་གཟའ་འཁོར་འདིའི་ནང་ལྷགས་པའི་མྱུར་ཚད་ཅུང་ཆེ་བས་ལྷགས་པ་ཆེན་པོས་གློག་དང་འཕྲིན་གཏོང་སོགས་སྒྲིག་བཀོད་ལ་གནོད་འཚེའི་ཤུགས་རྐྱེན་མི་ཐེབས་པའི་སྔོན་འགོག་བྱེད་དགོས་པ་དང་། གཙང་པོ་རྒྱུག་ཁུལ་དུ་ཕྱི་དྲོ་བྱེ་མ་དང་ཐལ་རྡུལ་འཕྱུར་བའི་གནམ་གཤིས་བསྟན་ནས་མཁའ་འགྲུལ་སྐྱེལ་འདྲེན་ལ་ཤུགས་རྐྱེན་ངན་པ་བཟོ་རྒྱུ་རེད།གཟའ་འཁོར་འདིར་ཆར་ཆུ་ཅུང་ཉུང་བ་དང་། ལྷགས་པ་དང་སྐམ་ཤས་ཆེ་བས་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་དང་དེ་བཞིན་གྲོང་ཁྱེར་གྱི་མེ་སྤྱོད་བདེ་འཇགས་ལས་དོན་ལ་མུ་མཐུད་ཤུགས་སྣོན་རྒྱག་དགོས།གཞན་ཡང་ཤར་རྒྱུད་དང་བྱང་རྒྱུད་ཀྱི་ས་བབ་མཐོ་བའི་ས་ཁུལ་གྱིས་སྔར་བཞིན་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ལས་དོན་ཡག་པོ་བསྒྲུབ་རྒྱུའི་གྲོས་འགོ་བཏོན་ཡོད་པ་རེད།

(བུ་ཆུང་དང་ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-02-28 གནོད་འཚེའི་ཤུགས་རྐྱེན་མི་ཐེབས་པའི་སྔོན་འགོག་བྱེད་དགོས། 6 6 拉萨日报藏文 c176578.html 1 གཟའ་འཁོར་འདིར་རང་གྲོང་དུ་ལྷགས་པ་ཆེན་པོ་རྒྱག་པའི་གནམ་གཤིས་བསྟན་རྒྱུ་ཡིན་པ། /enpproperty-->