(པར་ངོས་དང་པོར་མཐུད)ས་གནས་ཁག་གིས་གྲོང་ཁྱེར་ལྟེ་བར་བྱས་པའི་ས་ཁང་བདག་ཁོངས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་མཐུན་སྦྱོར་ལམ་སྲོལ་མགྱོགས་མྱུར་བཙུགས་ཏེ་མ་དངུལ་བསྡུ་སྒྲིལ་ལ་རྒྱབ་སྐྱོར་བྱེད་ཆོག་པའི་ས་ཁང་བདག་ཁོངས་རྣམ་གྲངས་ཀྱི་མིང་ཐོ་བཏོན་ནས་སྲིད་འཛིན་ས་ཁོངས་དེ་གའི་ཚོང་ལས་དངུལ་ཁང་ལ་ཁྱབ་གདལ་བཏང་ནས་ས་ཁང་བདག་ཁོངས་རྣམ་གྲངས་དང་ཁེ་ལས་ཀྱི་ལུགས་མཐུན་མ་དངུལ་བསྡུ་སྒྲིལ་གྱི་དགོས་མཁོ་བསྐངས་ཡོད་པ་རེད། མིང་ཐོ་མགྱོགས་མྱུར་དོན་འཁྱོལ་དང་ཕན་འབྲས་ཐོན་པ་དང་ཆབས་ཅིག་ས་ཁང་བདག་ཁོངས་ཁེ་ལས་ཀྱི་མ་དངུལ་མི་འདང་བའི་གནད་དོན་ནུས་ལྡན་ངང་ཞི་ལྷོད་དུ་ཕྱིན་ཏེ་རྣམ་གྲངས་གསར་སྤེལ་འཛུགས་སྐྲུན་ལ་རྒྱབ་སྐྱོར་ཐུབ་ནས་ས་ཁང་བདག་ཁོངས་ཀྱི་ཁྲོམ་ར་བརྟན་པོ་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་ཐེབས་རྒྱུ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་གྲོང་ཁྱེར་གྱི་ས་ཁང་བདག་ཁོངས་ཀྱི་མ་དངུལ་བསྡུ་སྒྲིལ་རྣམ་གྲངས་ཁག་དང་པོའི་མིང་ཐོ་7ཡོད་པ་དེ་2023ལོའི་ལོ་མཇུག་གོང་ཁོངས་གཏོགས་ཁུལ་གྱི་ཚོང་ལས་དངུལ་ཁང་ཁག་ལ་ཁྱབ་གདལ་བཏང་ཡོད། རང་ལྗོངས་ཀྱི་གྲོང་ཁྱེར(ས་གནས)ཁག་གི་ས་ཁང་བདག་ཁོངས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་མཐུན་སྦྱོར་ལམ་སྲོལ་གྱིས་རྣམ་གྲངས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་དགོས་མཁོར་གཞིགས་ནས་གཅིག་གྱུར་ཐུབ་རིགས་གཅིག་གྱུར་དང་ཁྱབ་གདལ་ཐུབ་རིགས་ཁྱབ་གདལ་བཏང་སྟེ་མ་དངུལ་བསྡུ་སྒྲིལ་རྣམ་གྲངས་ཀྱི་མིང་ཐོ་ཁྱབ་གདལ་གྱི་ལས་དོན་གང་མགྱོགས་ལེགས་སྒྲུབ་བྱ་རྒྱུ་ཡིན་པ་རེད།
(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社