ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། རང་གྲོང་གི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་བྱ་སྤྱོད་རྒྱུན་མཐུད་ངང་སྤེལ་བ་དང་ཆབས་ཅིག་གྲོང་ཁྱེར་གྱི་བཀོད་པ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ནས་གྲོང་མིའི་ཁུལ་ཆུང་མང་ཆེ་བའི་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད། འོན་ཀྱང་ཁུལ་ཆུང་ཁག་གཅིག་ལ་ད་དུང་རླངས་འཁོར་གང་བྱུང་དུ་འཇོག་པ་དང་། གད་སྙིགས་གང་བྱུང་དུ་དབྱུག་པ། སྤྱི་པའི་སྒྲིག་བཀོད་ལ་གཏོར་སྐྱོན་གཏོང་བ་སོགས་ཀྱི་ཚུལ་མིན་བྱ་སྤྱོད་སྔར་བཞིན་གནས་ཡོད།ཉེ་ཆར།གསར་འགོད་པ་གྲོང་ཁྱེར་ཤེས་དཔལ་གཞུང་དོན་ཁང་གི་ལས་དོན་མི་སྣ་དང་མཉམ་དུ་ཉི་དྲོས་གླིང་ཁུལ་ཆུང་དུ་སྐྱོད་སྐབས་ཚུལ་མིན་གྱི་སྣང་ཚུལ་མང་པོ་ཡོད་པ་མཐོང་བྱུང་།
ཁུལ་ཆུང་ནང་དུ་སྐྱོད་སྐབས། གསར་འགོད་པས་སྡེ་ཁུལ་ནང་དུ་ཡོད་པའི་རིག་གནས་གྱང་གི་དྲིལ་བསྒྲགས་ནང་དོན་གྱི་ཡི་གེ་ཆ་མི་ཚང་བ་དང་ཟགས་པ། ས་འོག་ཆུ་འགྲོའི་ཁྲོན་པ་གཉིས་ལ་ཁེབས་གཅོད་མེད་པ་དང་མི་བགྲོད་ལམ་གྱི་ལམ་ངོས་སྙོམས་པོ་མེད་པ།གྲོང་མི་ཁག་གཅིག་གིས་སྤྱི་པའི་ས་ཁོངས་སུ་ཟས་ལྷག་སྐམ་པས་སྤྱི་པའི་ས་ཁོངས་ཀྱི་གཙང་སྦྲར་ཤུགས་རྐྱེན་ངན་པ་བཟོ་བ། ཚོང་ཁང་གཉིས་ཀྱིས་ལམ་ཧམ་བཟུང་བྱས་ཏེ་ཚོང་གཉེར་བྱས་པས་གྲོང་མིའི་འགྲོ་སྐྱོད་ལ་ཤུཊ་རྐྱེན་ཐེབས་པ། ཁུལ་ཆུང་ནང་རིགས་དབྱེའི་གད་སྙིགས་བླུགས་སྒམ་བཀོད་སྒྲིག་ཚད་ལྡན་མེད་པ་དང་། གད་སྙིགས་བླུག་སྣོད་འགྲམ་དུ་གད་སྙིགས་སྤུངས་ཀྱང་གཙང་སེལ་བྱས་མེད་པ། མེ་ཟོན་བགྲོད་ལམ་དུ་རླངས་འཁོར་འཇོག་མི་ཆོག་པའི་བྱང་བུར་ཆག་སྐྱོན་བྱུང་བ། སྤྱི་པའི་བརྡ་ཁྱབ་སྤྱིར་ན་ཚོས་གཞི་ལོག་པ་དང་།ཟཊ་པ།དུས་ཐོག་ཏུ་གསར་བརྗེས་བྱས་མེད་པ། ཚོང་ལས་ཀྱི་བརྡ་ཁྱབ་ལའང་ཆག་སྐྱོན་ཤོར་བ་བཅས་དང་། སྔོ་ལྗང་ཁུལ་དུ་རླངས་འཁོར་གང་བྱུང་བཞག་པ། དངོས་པོ་ཛ་ཛོར་སྤུངས་པ། བེད་མེད་གློག་ཤིང་དུས་ཐོག་ཏུ་གཙང་སེལ་མ་ཐུབ་པ། དཀྱོག་མཚམས་ལམ་གྱི་མཐོང་ཤེལ་ཆག་པ། ལམ་སྒྲོན་ལ་ཆག་སྐྱོན་ཤོར་བ་བཅས་རེད།
མཛེས་སྡུག་དང་འཆམ་མཐུན་གྱི་སྡོད་གནས་ཁོར་ཡུག་ནི་གྲོང་མི་མི་རེ་ངོ་རེ་དང་འབྲེལ་བ་དམ་ཟབ་ཡོད། སྡེ་ལས་ཞབས་ཞུའི་ཁེ་ལས་ཀྱིས་ལས་འགན་མི་སྒྲུབ་པ་དང་དོན་ཐོག་ཏུ་མི་འཁྱོལ་བ་དང་ཆབས་ཅིག་གྲོང་མི་ཁག་གཅིག་གི་ཚུལ་མིན་བྱ་སྤྱོད་ཀྱིས་ཀྱང་ཤེས་དཔལ་གྲོང་ཁྱེར་ལ་བཀག་རྒྱ་བཟོ་ཡི་ཡོད་པ་རེད། གནད་དོན་དམར་རྗེན་དུ་འདོན་པ་ནི་དམིགས་ཡུལ་མིན་ལ་ཚུལ་མིན་གྱི་བྱེད་སྤྱོད་ལ་བཀག་འགོག་བྱས་ནས་སྡེ་ཁུལ་དེ་བས་མཛེས་སྡུག་ལྡན་པ་དང་དེ་བས་ཡ་རབས་ལྡན་པ་བྱ་རྒྱུ་ནི་དམིགས་ཡུལ་ཡིན། གསར་འགོད་པས་ཁུལ་ཆུང་གི་ཚུལ་མིན་སྣང་ཚུལ་མུ་མཐུད་དམར་རྗེན་དུ་བཏོན་ནས་ཟུར་བསྟན་ལེབ་མཐོང་དང་ཚད་འཛིན་ཞན་ཆ་བཙལ་ནས་ཤེས་དཔལ་གྲོང་ཁྱེར་གཏོད་པའི་ལས་དོན་གྱི་གསང་མ་ལུས་པ་དང་མུན་ཁུལ་མེད་པའི་འགན་ལེན་བྱ་རྒྱུ་ཡིན་པ་རེད།
(བྱང་ཆོས་དང་བསྟན་རྡོར་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社