分享按钮

ཤའོ་ཡིའུ་ཚའེ་ཡིས་བརྟན་ལྷིང་སྲུང་སྐྱོང་གི་བྱེད་ཐབས་ཁག་དོན་འཁྱོལ་ཞིབ་ཚགས་བྱས་ནས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་རྒྱལ་ཁའི་ངང་འཚོག་རྒྱུར་ཞི་མཐུན་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་ཅིག་གཏོད་དགོས་པའི་ནན་གསུངས་གནང་བ།

(པར་ངོས་དང་པོར་མཐུད)ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའི་ལས་ཀའི་བཀོད་སྒྲིག་གཞིར་བཟུང་།འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་དེ་བས་ཡག་པོ་བྱས་ནས་གཞི་རིམ་ལ་དེ་བས་ལེགས་པའི་སྒོ་ནས་དམ་འཛིན་ཡག་པོ་བྱེད་པ་དང་།ལྷོད་གཡེང་གི་བསམ་བློ་མཐའ་གཅིག་ཏུ་ཁྱད་བསད་བྱེད་པ།ཕྱི་ཚུལ་གྱི་བྱ་བ་མི་སྒྲུབ་པ་བཅས་བྱས་ཏེ་ཐོག་མཐའ་བར་གསུམ་དུ་སེམས་ཁྲལ་བྱེད་པའི་འགན་འཁྲིའི་བསམ་པ་དང་།བྱ་བ་ཐམས་ཅད་ལ་སེམས་ནང་གདེང་ཚོད་ཡོད་པའི་བྱ་སྤྱོད་ཀྱི་ཐོག་ནས་བརྟན་ལྷིང་སྲུང་སྐྱོང་གི་བྱེད་ཐབས་ཁག་དོན་འཁྱོལ་ཞིབ་ཚགས་བྱས་ནས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་རྒྱལ་ཁའི་ངང་འཚོག་རྒྱུར་ཞི་མཐུན་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་ཅིག་གཏོད་དགོས་པའི་ནན་གསུངས་གནང་བ་རེད།

གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་གྲོང་སྤྱི་ཝང་ཆང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།གྲོང་ཁྱེར་གྱི་འགོ་ཁྲིད་ཀྲའོ་ཧུའེ་ཉན་དང་།དབྱི་ཡུན་ཅེ།ཀྲང་ཁྲུན་དབྱང་།སྐལ་བཟང་ཚེ་བརྟན། པ་སངས་རྡོ་རྗེ་བཅས་ཞུགས་ཡོད་པ་རེད།

ཤའོ་ཡིའུ་ཚའེ་ཡིས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་རིང་གི་བརྟན་ལྷིང་སྲུང་སྐྱོང་དང་བདེ་སྲུང་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་མིག་སྔའི་གྲོང་ཁྱེར་ཡོངས་ཀྱི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་རེད།ཚང་མས་གནད་འགག་ལ་དམ་འཛིན་བྱེད་དགོས་པ་སྟེ།ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་བཏང་སྟེ་ཉེན་བརྡ་རྒྱུན་གཏོང་དང་དོགས་ཟོན་རྒྱུན་འཁྱོངས། བསམ་བློ་དང་བྱ་སྤྱོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་མཛུབ་སྟོན་བླང་བྱའི་ཐོག་གཅིག་གྱུར་ཡོང་བ།ནན་སྐྱོང་དང་དོན་འཁྱོལ་ལ་དམ་འཛིན་བཅས་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་སྤྱི་ཚོགས་ཁྱོན་ཡོངས་རྒྱུན་མཐུད་དང་།མཐུན་སྦྱོར། བརྟན་ལྷིང་བཅས་ཡོང་བའི་འགན་ལེན་བྱེད་དགོས། ནུས་ཤུགས་ཡོད་རྒུས་སྔོན་འགོག་དང་ཚོད་འཛིན་ལ་དམ་འཛིན་བྱེད་དགོས་པ་སྟེ།སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོར་འཛུགས་པ་དང་།དབྱེ་ཞིབ་དང་ཞིབ་འཇུག་བརྡར་གཅོད་ལ་ཤུགས་སྣོན་རྒྱག་པ།འཕྲལ་སྡོམ་ནང་སྦྱོང་ལ་ཤུགས་སྣོན་རྒྱག་པ།འགག་རྩའི་ལྷུ་ཚིགས་ལ་དམིགས་པ་དང་།ཁྱབ་ཁོངས་གལ་ཆེན་ལ་དམ་པོར་དམིགས་པ།གཙོ་གནད་ལས་དོན་ལ་དམ་འཛིན་ཏན་ཏིག་བཅས་བྱས་ཏེ་འཕྱུགས་པ་གཏན་ནས་མེད་པའི་བྱ་ཐབས་ཀྱི་ཐོག་ནས་གནས་ཚུལ་གཅིག་ཀྱང་མི་ལྷག་པའི་ཉེན་ཁ་སྔོན་འགོག་བྱེད་དགོས།ས་ཁོངས་ཧྲིལ་པོར་མངོན་མེད་རྐྱེན་ངན་གྱི་ཞིབ་བཤེར་བྱེད་དགོས་པ་སྟེ།ལས་རིགས་དོ་དམ་བྱེད་པར་ངེས་པར་དུ་བདེ་འཇགས་ལ་དོ་དམ་དང་།ལས་སྒོ་དོ་དམ་བྱེད་པར་ངེས་པར་དུ་བདེ་འཇགས་ལ་དོ་དམ།ཐོན་སྐྱེད་གཉེར་སྐྱོང་དོ་དམ་བྱེད་པར་ངེས་པར་དུ་བདེ་འཇགས་ལ་དོ་དམ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། གློག་རྫས་རླངས་འཁོར་དང་།གཤེར་གྱུར་རླངས་པ།གཞུང་ལམ་འགྲིམ་འགྲུལ།གཏེར་རིའི་ཐོན་སྐྱེད།འཛུགས་སྐྲུན་མཛེས་བཟོ་སོགས་ཁྱབ་ཁོངས་གཙོ་བོར་དམིགས་ཏེ།ལས་ཀའི་བྱེད་ཐབས་དངོས་ལ་བརྟེན་ནས་ཐོན་སྐྱེད་བདེ་འཇགས་སྐོར་གྱི་གྲོང་ཨུད་ཀྱི་ལས་དོན་བཀོད་སྒྲིག་ཁག་དོན་འཁྱོལ་ཡག་པོ་བྱས་ཏེ་ནུས་ཤུགས་ཡོད་རྒུས་སྤྱི་པའི་བདེ་འཇགས་འགན་ལེན་བྱེད་དགོས།བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་དང་གནས་ལུགས་ལ་གཞིགས་ནས་ཡིག་སྐུར་ངོ་བཅར་གྱི་མངོན་མེད་རྐྱེན་ངན་རྩད་ཞིབ་དང་འདུམ་འགྲིག་བྱེད་པ་དང་།འགལ་བ་དང་རྩོད་གཞི་གཞི་རིམ་དུ་འདུམ་འགྲིག་བྱེད་པ་དང་། འགོ་འབུས་དུས་ནས་འདུམ་འགྲིག་བྱེད་དགོས།ཁྱོན་ཡོངས་ནས་འགན་འཁྲི་ནན་འགེལ་བྱེད་དགོས་པ་སྟེ།རྫོང(ཆུས)ཁག་གིས་གཏོགས་ཁོངས་ཀྱི་འགན་འཁྲི་ཡག་པོ་འཁུར་བ་དང་རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱི་ཧྲུའུ་ཅི་ངོ་མས་བཀོད་སྒྲིག་དང་།རང་ཉིད་ངོ་མས་བཀོད་སྒྲིག རང་ཉིད་ངོ་མས་ལྟ་སྐུལ། རང་ཉིད་ངོ་མས་ཞིབ་བཤེར།རང་ཉིད་ངོ་མས་དོན་འཁྱོལ་བཅས་བྱེད་དགོས།རིམ་ཁག་འགན་གཙང་ལེན་མཁན་གྱི་འགོ་ཁྲིད་ལས་བྱེད་པས་གཞི་རིམ་ལས་བྱེད་པ་དང་མཉམ་དུ་བསམ་བློ་གཏོང་བ་དང་། མཉམ་དུ་སྐྱོད་པ།མཉམ་དུ་སྒྲུབ་པ་བཅས་བྱེད་པ་དང་། མཉམ་དུ་གནད་དོན་ཤེས་རྟོགས་དང་། གནད་དོན་ལ་ཞིབ་འཇུག གནད་དོན་ཐག་གཅོད་བཅས་བྱེད་པ་དང་ལྷག་པར་དུ་གཞི་རིམ་གྱི་བརྟན་ལྷིང་འཕེལ་རྒྱས་ཀྱི་ལས་དོན་ཁག་ལ་ཐབས་དང་ཇུས་འདོན་པ་དང་།རྣམ་གྲངས་དོན་འཁྱོལ་དང་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་ཞབས་འདེགས་ཞུ་དགོས་ཞེས་གསུངས་པ་རེད།

ཚོགས་འདུ་དེ་བརྙན་ལམ་ཚོགས་འདུའི་རྣམ་པའི་ཐོག་ནས་འཚོགས་ཤིང་།རྫོང(ཆུས)དང་། བྱེད་ནུས་གླིང་ཁུལ།གྲོང་ཁྱེར་ཁོངས་གཏོགས་དགོན་སྡེ་དོ་དམ་ཨུ་ལྷན།བརྟན་ལྷིང་སྲུང་སྐྱོང་ཁོངས་གཏོགས་ཚན་པ་བཅས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་ཚོགས་འདུར་ཞུགས་ཡོད་པ་རེད།

(བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-02-28 6 6 拉萨日报藏文 c176576.html 1 ཤའོ་ཡིའུ་ཚའེ་ཡིས་བརྟན་ལྷིང་སྲུང་སྐྱོང་གི་བྱེད་ཐབས་ཁག་དོན་འཁྱོལ་ཞིབ་ཚགས་བྱས་ནས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་རྒྱལ་ཁའི་ངང་འཚོག་རྒྱུར་ཞི་མཐུན་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་ཅིག་གཏོད་དགོས་པའི་ནན་གསུངས་གནང་བ། /enpproperty-->