(པར་ངོས་གཉིས་པར་མཐུད)རི། གྲོང་ཚོ། གྲོང་མི་བཅས་ཀྱི་གནས་ཚུལ་བཅས་ལ་རྒྱུས་མངའ་ཡོད་པའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་ལྕགས་དྲ་སྲུང་སྐྱོང་དང་ཉམས་གསོ་བྱས་ཡོད།ཆུ་ཤུར་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཀྲེན་ཀྲང་བློ་བཟང་དར་རྒྱས་ཀྱིས་ང་ཚོས་ཁོངས་གཏོགས་ཁུལ་གྱི་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭའི་རྣམ་གྲངས་ལ་རྒྱུན་རྣམ་ཅན་གྱི་དོ་དམ་བྱས་ནས་བྱེད་ཐབས་སྣ་མང་མཉམ་སྤྱོད་ཀྱིས་ཕྱུགས་བཀག་རྩྭ་གསོའི་ལས་དོན་ཡག་པོ་བསྒྲུབས་ཏེ་འབྲོག་པའི་ཚོགས་ཆུང་བཙུགས་ནས་དུས་བཀག་དང་དུས་ངེས་མེད་ངང་རི་སྐོར་རྒྱག་གི་ཡོད་ལ་ལྕགས་དྲར་ཉམས་གསོ་ཡང་བྱེད་ཀྱི་ཡོད་པས་ད་ཆ་ལྕགས་དྲ་རྨིད་600ཙམ་ཉམས་གསོ་བྱས་ཟིན་ཞེས་བཤད།
ཕྱུགས་བཀག་རྩྭ་གསོ་ནི་ནགས་བཟོའི་སྤུས་ཚད་དང་ཕན་འབྲས་སྲུང་སྐྱོང་བྱེད་པའི་གལ་ཆེའི་བྱ་ཐབས་ཤིག་ཡིན་ལ།མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ལ་སྐུལ་འདེད་གཏོང་བའི་ཞིབ་ཕྲའི་ལག་ལེན་ཞིག་ཀྱང་ཡིན། ཆུ་ཤུར་གྲོང་རྡལ་ནི་ཆུ་ཤུར་རྫོང་གི་ཕྱུགས་བཀག་རྩྭ་གསོའི་ཁུལ་གཙོ་བོ་ཡིན་ཞིང་། ཕྱུགས་བཀག་རྩྭ་གསོའི་རྒྱ་ཁྱོན་མུའུ་ཁྲི་3ཙམ་ཟིན་གྱི་ཡོད། འདི་ལོ་ནས་བཟུང་།ཆུ་ཤུར་རྫོང་ཆུ་ཤུར་གྲོང་རྡལ་གྱིས་ཕྱུགས་བཀག་རྩྭ་གསོའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་པ་དང་། གྲོང་ཚོ་ཁག་དང་ཚན་པ་ཁག་གིས་ལས་དོན་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ནས་མཉམ་ལས་བྱས་པ་དང་། གཞོགས་འདེགས་དམ་ཟབ་བྱས་པ། དཀའ་ངལ་ཁྱད་བསད་བཅས་བྱས་པས་ཕྱུགས་བཀག་རྩྭ་གསོའི་ལས་དོན་ལ་སྐུལ་འདེད་གཏོང་བའི་ཐད་ངོ་བོའི་རང་བཞིན་གྱི་འཕེལ་རྒྱས་བྱུང་ཡོད།
བློ་བཟང་དར་རྒྱས་ཀྱིས་ལྷ་ས་གྲོང་ཁྱེར་གྱི་ལྷོ་བྱང་རི་བོའི་ཕྱུགས་བཀག་རྩྭ་གསོའི་བཀའ་རྒྱ་བཏོན་རྗེས།ང་ཚོས་སླར་ཡང་ལས་དོན་བཀོད་སྒྲིག་བྱས་པ་མ་ཟད། ཕྱུགས་བཀག་རྩྭ་གསོའི་བཀའ་རྒྱ་དེ་གྲོང་རྡལ(གྲོང་ཚོ)གྱི་གཏན་འབེབས་ནང་བཅུག་པ་དང་དུས་མཚུངས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་ཁྱིམ་ཚང་ཀུན་གྱིས་ཤེས་རྟོགས་ཐུབ་པར་བྱས་ཏེ་ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭའི་ཕྱུགས་བཀག་རྩྭ་གསོའི་ལས་དོན་དེ་སྤུས་ཚད་ཡོད་པའི་ཐོག་ནས་ལེགས་སྒྲུབ་ཐུབ་རྒྱུར་འགན་ལེན་བྱས་ཡོད་ཅེས་བཤད།
ཕྱིས་འབྱུང་།ཆུ་ཤུར་གྲོང་རྡལ་གྱིས་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭའི་དོ་དམ་དང་སྲུང་སྐྱོང་གི་དགོས་མཁོ་དང་མུ་མཐུད་ཟུང་འབྲེལ་བྱས་ནས་ཁོངས་གཏོགས་ཀྱི་འགན་འཁྲི་ནན་དུ་གཏོང་བ་དང་། དོ་དམ་གྱི་ལམ་སྲོལ་གསར་གཏོད་བྱེད་པ། བྱེད་སྟངས་ལེགས་སུ་གཏོང་བ་བཅས་བྱས་ཏེ་དྲིལ་བསྒྲགས་ཁྲིད་སྟོན་དང་། སྲིད་ཇུས་ཀྱི་སྐུལ་འདེད། དོ་དམ་ལ་ཤུགས་སྣོན། ལས་ཞུགས་འགན་ལེན་ལ་ཤུགས་སྣོན། ཕྱོགས་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་བྱ་ཐབས་ཕྱོགས་བསྡུས་ཐོག་སྤྱོད་རྒྱུ་དང་། ཕྱུགས་བཀག་རྩྭ་གསོའི་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་ལས་གྲྭ་ལག་བསྟར་དང་དུས་མཇུག་གི་དོ་དམ་དང་སྲུང་སྐྱོང་ཐད་ཆ་རྐྱེན་བཟང་པོ་ཧུར་ཐག་བསྐྲུན་ནས་ཕྱུགས་རིགས་དོ་དམ་ཚད་ལྡན་དང་།ལྷོ་བྱང་རི་བོའི་སྔོ་འགྱུར་ལས་དོན་ལ་སྐུལ་འདེད་གཏོང་བ། ནགས་བཟོའི་སྤུས་ཚད་རྒྱུན་ཆད་མེད་པར་གོང་མཐོར་གཏོང་བ་བཅས་སྤུས་ཚད་མཐོན་པོའི་ཐོག་ནས་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭ་དང་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།
(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社