分享按钮

ན་ནིང་རང་གྲོང་དུ་རིམ་རྩིས་བྱས་ན་གསར་དུ་འཕར་བའི་ཁྲལ་རིན་གཉིས་གཅོག་དང་ཁྲལ་སློག་དུས་འགྱངས་སྒོར་དུང་ཕྱུར་24.4ཟིན་པ།

ན་ནིང་རང་གྲོང་དུ་རིམ་རྩིས་བྱས་ན་གསར་དུ་འཕར་བའི་ཁྲལ་རིན་གཉིས་གཅོག་དང་

ཁྲལ་སློག་དུས་འགྱངས་སྒོར་དུང་ཕྱུར་24.4ཟིན་པ།

(པར་ངོས་དང་པོར་མཐུད)ཁྲལ་སློག་དུས་འགྱངས་སྒོར་དུང་ཕྱུར་24.4ཟིན་ཡོད་པ་རེད། 2023ལོར་ལྷ་ས་གྲོང་ཁྱེར་ཁྲལ་དོན་ཁོངས་གཏོགས་ཀྱིས་དོན་ཆེན་བཞིར་དམིགས་པ་དང་། འཛུགས་གཏོད་བཞིར་ཤུགས་རྒྱག་པ།གདོང་དམག་བདུན་ཡག་པོ་བྱེད་པ་བཅས་ལ་དམིགས་ནས་རང་འགུལ་ངང་ཁྲལ་བསྡུའི་འགན་ནུས་འདོན་སྤེལ་བྱ་རྒྱུ་དེ་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་གཏོང་བའི་ཁྱོན་ཡོངས་ནང་ཁྱབ་པར་བྱས་ཏེ་ཏང་འཛུགས་སྐྱོང་གིས་ཁྲལ་བསྡུའི་ལས་དོན་ལ་སྣེ་ཁྲིད་བྱེད་པ་དང་། དམངས་ཀྱི་ཆེད་དུ་ཁྲལ་བསྡུ་བ། སྒྱུར་བཅོས་ལ་བརྟེན་ནས་ཁྲལ་བསྡུའི་ལས་དོན་སྟོབས་ཆེར་གཏོང་བ། ཤེས་ལྡན་མི་སྣར་བརྟེན་ནས་ཁྲལ་བསྡུའི་ལས་དོན་འཕེལ་རྒྱས་གཏོང་བ།རིག་གནས་ལ་བརྟེན་ནས་ཁྲལ་བསྡུའི་ལས་དོན་འཛུགས་པ་བཅས་ཀྱི་རིམ་སྤོར་བྱས་ཐོག་ལས་དོན་ཁག་ལ་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་བཏང་ཡོད། 2024ལོར་ལྷ་ས་གྲོང་ཁྱེར་ཁྲལ་དོན་ཁོངས་གཏོགས་ཀྱིས་ཆབ་སྲིད་ཀྱི་ངེས་གནས་གཏན་འཁེལ་བྱེད་པ་དང་། ལྟེ་བའི་གྲོང་ཁྱེར་གྱི་ཚུགས་གནས་མཐོ་རུ་གཏོང་བ། དུས་བབ་ལ་ངོས་འཛིན་གསལ་པོ་བཅས་བྱས་ཏེ་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཏང་ཨུད་དང་། རང་སྐྱོང་ལྗོངས་ཁྲལ་དོན་ཅུས་ཏང་ཨུད། ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་ནས་རྒྱལ་ཡོངས་དང་ལྗོངས་ཡོངས་ཀྱི་ཁྲལ་དོན་ལས་དོན་ཚོགས་འདུ་དང་གྲོང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། དཔྱ་ཁྲལ་ལྔ་གཏིང་ཟབ་ཏུ་གཏོང་བའི་ལོའི་དམིགས་ཚད་ལ་བརྟེན་ནས་ཆབ་སྲིད་འཛུགས་སྐྱོང་གི་སྤྱི་འདོམས་ལ་ཤུགས་སྣོན་རྒྱག་པ་དང་། འགན་འཁྲི་གཙོ་བོར་གཞི་ཚུགས་པ། གཙོ་འགན་འཁུར་མཁན་ལ་དམིགས་པ། སྒྱུར་བཅོས་གསར་གཏོད་ལ་སྒུལ་ཤུགས་བསྣན་པ། རྨང་གཞི་བརྟན་དུ་བཏང་ནས་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ། རིག་གནས་ཀྱི་འབྲེལ་བ་ཟབ་ཏུ་བཏང་ནས་རྣམ་པ་གཏོད་རྒྱུ་བཅས་མཐའ་འཁྱོངས་བྱེད་པ། གཞུང་འཁྱོངས་གསར་གཏོད་དང་ཁྲལ་དོན་སྒྱུར་བཅོས་ཀྱི་མདུན་གྲལ་དུ་བརྟན་པོར་ལངས་རྒྱུ་མཐའ་འཁྱོངས་བྱེད་པ། ཤེས་ལྡན་པ་གསོ་སྐྱོང་དང་ཁྲལ་དོན་ཤེས་ལྡན་མི་སྣའི་མཐོ་ས་གཏོད་རྒྱུ་མཐའ་འཁྱོངས་བྱེད་པ། བརྩེ་སེམས་ཟབ་མོས་ཞབས་འདེགས་ཞུ་བ་དང་ཚོང་གཉེར་ཁོར་ཡུག་རྩེ་གྲ་གཏོད་རྒྱུ་མཐའ་འཁྱོངས་བཅས་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལྷ་སའི་ཁྲལ་དོན་ལག་ལེན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།

(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-02-28 6 6 拉萨日报藏文 c176574.html 1 ན་ནིང་རང་གྲོང་དུ་རིམ་རྩིས་བྱས་ན་གསར་དུ་འཕར་བའི་ཁྲལ་རིན་གཉིས་གཅོག་དང་ཁྲལ་སློག་དུས་འགྱངས་སྒོར་དུང་ཕྱུར་24.4ཟིན་པ། /enpproperty-->