ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཉིན་ཤས་བསྟུད་མར་སྟོད་ལུང་བདེ་ཆེན་ཆུས་ཀྱི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཁོངས་གཏོགས་སུ་གྲོང་ཁྱེར་ཡོངས་ཀྱི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་ཚ་རླབས་ཤིག་འཕྱུར་ཞིང་།སྟོད་ལུང་བདེ་ཆེན་ཆུས་ཨུད་དྲིལ་བསྒྲགས་པུའུ་དང་།སྟོད་ལུང་བདེ་ཆེན་ཆུས་རིག་གནས་དང་ཡུལ་སྐོར(རིག་དངོས)ཅུས།རྒྱ་ཆེའི་གཞི་རིམ་གྱི་ལས་དོན་པ་བཅས་ཀྱིས་གཅིག་རྗེས་གཉིས་མཐུད་ངང་སློབ་སྦྱོང་དང་དྲིལ་བསྒྲགས་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ལས་དོན་གྱི་ཁ་ཕྱོགས་སྟངས་འཛིན་གནད་འཁེལ་བྱས་པ་དང་འབྲེལ་བྱ་སྤྱོད་ངོ་མའི་ཐོག་དོན་འཁྱོལ་བྱས་པ་རེད།
སྟོད་ལུང་བདེ་ཆེན་ཆུས་ཀྱི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཁོངས་གཏོགས་ཀྱིས་སྣེ་ཁྲིད་དཔེ་སྟོན་དང་དཔེ་སྟོན་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སྔོན་ལ་སློབ་སྦྱོང་དང་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་།ལས་བྱེད་པ་དང་ལས་བཟོ་བས་རང་བརྟེན་སློབ་སྦྱོང་དང་གཅིག་སྡུད་ཆེད་དོན་སློབ་སྦྱོང་དང་སྤེལ་རེས་ཟུང་འབྲེལ་བྱེད་པའི་བྱ་ཐབས་སྤྱད་དེ་གྲོང་ཁྱེར་ཡོངས་ཀྱི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ལས་དོན་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་དང་།ཞིབ་འཇུག འཆད་འགྲེལ་བཅས་བྱ་རྒྱུར་མུ་མཐུད་ཤུགས་སྣོན་བརྒྱབ་པ་དང་།རིགས་པའི་གཞུང་ལུགས་ལ་ཞིབ་འཇུག་བྱ་རྒྱུ་དེ་བས་གཏིང་ཟབ་པ་དང་།རིགས་པའི་གཞུང་ལུགས་དྲིལ་བསྒྲགས་དེ་བས་མི་སེམས་སུ་གཏིང་ཟབ་ཟུག་པ།རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་དེ་བས་ཏན་ཏིག་ནུས་ལྡན་བཅས་ཡོང་བར་སྐུལ་འདེད་བཏང་བ།ཚང་མས་ཚོགས་འདུའི་བླང་བྱ་འཕྱུགས་མེད་ངང་ཁོང་དུ་ཆུད་པ་དང་།ཞི་ཅིན་ཕིང་གི་རིག་གནས་དགོངས་པས་སྤྱི་འདོམས་བྱ་རྒྱུ་མཐའ་འཁྱོངས་བྱེད་པ།ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་དམིགས་པ།རིག་གནས་ཀྱི་ལས་འགན་གསར་པར་དམིགས་པ།དོན་དངོས་དང་ཟུང་འབྲེལ་བྱས་ནས་ལས་འགན་དང་བྱ་ཐབས་ཞིབ་ཕྲ་བཟོ་བ།ལས་དོན་ཁག་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་ནུས་ལྡན་གཏོང་བ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལྷ་ས་གསར་པ་སྒོ་ཀུན་ནས་འཛུགས་སྐྲུན་བྱ་ཆེད་སྲ་ཞིང་བརྟན་པའི་བསམ་བློའི་འགན་ལེན་དང་།བསམ་པའི་སྟོབས་ཤུགས་ཆེན་པོ།རིག་གནས་ཀྱི་ཆ་རྐྱེན་བཟང་པོ་བཅས་མཁོ་འདོན་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
སྟོད་ལུང་བདེ་ཆེན་ཆུས་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་བཀྲ་ཤིས་ཚེ་རིང་གིས་གྲོང་ཁྱེར་ཡོངས་ཀྱི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ལས་དོན་ཚོགས་འདུའི་ཐོག་ང་ཚོས་2024ལོའི་དྲིལ་བསྒྲགས་ཁྱབ་ཁོངས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་ཐབས་ཇུས་བཏིང་བ་དང་།ཁ་ཕྱོགས་གསལ་སྟོན་དང་བརྩི་སྲུང་ཞུ་ཡུལ་མཁོ་འདོན་བྱས་པ་དང་ལྷག་པར་དུ་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡི་གསུང་བཤད་ནང་དོན་དངོས་དང་མཐུན་པའི་སྒོ་ནས་ལས་ཀའི་གྲུབ་འབྲས་ལ་ཕྱོགས་བསྡོམས་དང་ཁྱོན་ཡོངས་དང་གཏིང་ཟབ་ཀྱི་སྒོ་ནས་འཕྲད་པའི་གནད་དོན་དང་མི་འདང་སར་དབྱེ་ཞིབ་བྱས་ཡོད།གཞི་རིམ་གྱི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་འཐབ་ཕྱོགས་ཀྱི་ལས་དོན་པ་ཞིག་ཡིན་པའི་ངོས་ནས་ང་ཚོས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་།བློ་བརྟན་འགྱུར་མེད་ངང་འགན་འཁྲི་དང་ལས་འགན་ཕྲག་ཐོག་ཏུ་འཁུར་བ།ལས་ཀའི་དོན་དངོས་ལ་གཞི་ཚུགས་པ་བཅས་བྱས་ནས་ཚོགས་འདུའི་དགོངས་དོན་ལག་བསྟར་ནན་ཏན་བྱས་ཏེ་ལྷ་ས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད།
ཚང་མས་གཅིག་རྗེས་གཉིས་མཐུད་ངང་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ལས་དོན་ལ་འཕྲད་པའི་དུས་བབ་གསར་པ་དང་ལས་འགན་གསར་པར་ངོས་འཛིན་གཏིང་ཟབ་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་རྣམ་དཔྱོད་གཏོད་རྒྱུ་རྒྱུན་འཁྱོངས་ལྷོད་མེད་བྱེད་པ་དང་།ཞི་ཅིན་ཕིང་གི་རིག་གནས་དགོངས་པར་སློབ་སྦྱོང་བྱ་རྒྱུར་མུ་མཐུད་ཤུགས་སྣོན་རྒྱག་པ།སྟོད་ལུང་བདེ་ཆེན་ཆུས་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ལས་དོན་གྱི་ཕྱོགས་ཁག་དང་བརྒྱུད་རིམ་ཧྲིལ་པོར་རང་རྟོགས་ངང་ལག་བསྟར་བྱེད་པ།ལྟེ་བའི་གཙོ་གནད་ལས་དོན་ལ་གཞི་ཚུགས་ཏེ་བསམ་བློའི་ཁྲིད་སྟོན་དང་།རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་པ།རིག་གནས་རིག་རྩལ་སོགས་ཀྱི་ལས་དོན་ལ་སྤྱི་འདོམས་ངང་དམ་འཛིན་ཡག་པོ་བྱེད་པ་བཅས་བྱས་ནས་རིག་གནས་ཀྱི་ལས་འགན་གསར་པ་ཏན་ཏིག་ཁུར་ཏེ་དུས་རབས་གསར་པའི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ལས་དོན་ཁྲོད་རྣམ་པ་གསར་པ་དང་བྱས་རྗེས་གསར་པ་འཇོག་རྒྱུ་ཡིན་ཞེས་བཤད།
སྟོད་ལུང་བདེ་ཆེན་ཆུས་རིག་གནས་དང་ཡུལ་སྐོར(རིག་དངོས)ཅུས་ཀྱི་ཅུས་ཀྲང་ཚེ་ལགས་ཀྱིས་སླད་ཕྱིན་གྱི་ལས་དོན་ཁྲོད་ངེད་ཅུས་ཀྱིས་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་དང་དེ་བཞིན་རིམ་ཁག་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་སྔར་བས་གཏིང་ཟབ་བྱས་ཏེ་རིག་གནས་ལ་བརྟེན་ནས་རྣམ་དཔྱོད་གཏོད་པ་དང་།རིག་གནས་ལ་བརྟེན་ནས་མི་སྣ་སྐྱོང་བ།རིག་གནས་ལ་བརྟེན་ནས་བྱ་གཞག་གཏོད་པ།རིག་གནས་ལ་བརྟེན་ནས་གྲོང་ཁྱེར་སྐྲུན་པ།རིག་གནས་ལ་བརྟེན་ནས་རྨང་གཞི་འདིང་བ་བཅས་ཀྱི་འདུ་འགོད་ཆེ་གྲས་ལྔ་ལག་བསྟར་ཤུགས་ཆེན་བྱས་ནས་བོད་རང་སྐྱོང་ལྗོངས་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་དཔེ་སྟོན་ཁུལ་གྱི་ལས་དོན་མུ་མཐུད་སྲ་བརྟན་དུ་གཏོང་བ་དང་།གྲངས་གཞིའི་དཔེ་མཛོད་ཁང་དང་དེ་བཞིན་རིམ་གསུམ་རིག་གནས་གཡུལ་ས་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་གཏོང་བ།གཞི་རིམ་གྱི་རིག་གནས་ཡུལ་སྐོར་སྤུས་རྟགས་ཀྱི་གཙོ་གནད་ཡུལ་སྐོར་གྱི་སྤྱི་པའི་རིག་གནས་ཞབས་ཞུ་འགན་ལེན་བྱ་རྒྱུ་དང་།གཡུ་ཐོག་རིག་གནས་ཡུལ་སྐོར་དུས་ཚིགས་སོགས་སྤུས་རྟགས་ཀྱི་སྐད་གྲགས་ཆོད་ཚད་ཟམ་མི་ཆད་པར་ཆེ་རུ་བཏང་ནས་རིག་གནས་དེ་ཚན་རྩལ་དང་།ཡུལ་སྐོར།དྲ་སྦྲེལ་སོགས་དང་མཉམ་འདྲེས་བྱ་རྒྱུར་གཙོ་གནད་ཐོག་སྐུལ་འདེད་གཏོང་བ་དང་།རིག་གནས་ཐོན་ལས་ཀྱི་ཁྱབ་ཚུལ་སྔར་བས་ལེགས་སུ་བཏང་ནས་ཐོན་ཁུངས་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆར་ཏན་ཏིག་བསྒྱུར་བར་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
(བུ་ཆུང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社