分享按钮

ཕྱུགས་བཀག་རྩྭ་གསོའི་ལས་དོན་ལ་དམ་འཛིན་ནན་པོ་བྱས་ནས་སྔོ་འགྱུར་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་བ།

ཆུ་ཤུར་རྫོང་གིས་བྱ་ཐབས་སྣ་མང་སྤྱད་དེ་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭའི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ལྷོ་བྱང་རི་བོའི་སྔོ་འགྱུར་གྱི་ཕྱུགས་བཀག་རྩྭ་གསོའི་དོ་དམ་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་ཤིང་འཛུགས་སྔོ་འགྱུར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་ཆེད། 《ལྷ་ས་གྲོང་ཁྱེར་གྱི་ལྷོ་བྱང་རི་བོའི་སྔོ་འགྱུར་དོ་དམ་སྲོལ་ཡིག》དང《ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭའི་ས་ཁོངས་ནང་ཕྱུགས་བཀག་རྩྭ་གསོའི་སྐོར་གྱི་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་བཀའ་རྒྱ》སོགས་འབྲེལ་ཡོད་གཏན་འབེབས་བཏོན་རྗེས།ཆུ་ཤུར་རྫོང་གིས་བྱ་ཐབས་སྣ་མང་མཉམ་སྤྱོད་ཀྱིས་ལྷོ་བྱང་རི་བོའི་སྔོ་འགྱུར་དང་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་སྤུས་ཚད་ལེགས་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་མུ་མཐུད་སྐུལ་འདེད་བཏང་ཡོད།

ཉེ་ཆར། གསར་འགོད་པ་ཆུ་ཤུར་རྫོང་ཆུ་ཤུར་གྲོང་རྡལ་ཚ་རགས་གྲོང་ཚོའི་ས་ཁོངས་ནང་གི་ཕྱུགས་བཀག་རྩྭ་གསོའི་ཁུལ་དུ་སྐྱོད་སྐབས།ལྕགས་དྲ་བསྐོར་ནས་ཕྱུགས་བཀག་རྩྭ་གསོའི་ཁུལ་དང་འབྲོག་ར་ལོགས་སུ་ཕྱེ་ཡོད་པ་དང་། ལྕགས་དྲའི་ཕྱི་ནང་གི་རྩྭའི་མཐུག་ཚད་མངོན་གསལ་དོད་པོས་མི་འདྲ་བ་ཡོད་ཅིང་། ཕྱུགས་བཀག་རྩྭ་གསོའི་ཁུལ་ནང་གི་གསོམ་སྡོང་རིང་ལ་ལོ་འདབ་རྒྱས་ཡོད་པ་མ་ཟད། ད་དུང་གསོམ་སྡོང་ཆུང་ཆུང་མང་པོ་སྐྱེས་ཡོད་པ་མཐོང་བྱུང་།

ཆུ་ཤུར་གྲོང་རྡལ་ཚར་པ་ནང་གྲོང་ཚོའི་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྱི་སྐྱག་གིས་གསར་འགོད་པར་ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭ་ལག་བསྟར་བྱས་རྗེས།ང་ཚོའི་གྲོང་ཚོའི་འབྱུང་ཁམས་ཁོར་ཡུག་ཀྱང་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད། རྣམ་གྲངས་ཡག་པོ་དེ་འདྲ་ང་ཚོའི་གྲོང་ཚོར་ལག་བསྟར་བྱས་པར་ང་ཚོས་མུ་མཐུད་ལྕགས་དྲར་གཏོར་སྐྱོན་མ་ཕོག་པ་བྱ་རྒྱུ་དང་འབྲེལ་དུས་ཐོག་ཏུ་ཉམས་གསོ་བྱ་རྒྱུ་ཡིན་ཞེས་བཤད།

ལྕགས་དྲ་བསྐོར་ཡུལ་ནི་གཡང་གཟར་གྱི་རི་ལྡེབས་དང་འབྲི་གཡག་གིས་གཏོར་སྐྱོན་བཏང་བ་སོགས་ཀྱིས་རྐྱེན་པས་རྟག་ཏུ་ཚད་གཞི་མི་འདྲ་བའི་གཏོར་སྐྱོན་ཕོག་གི་ཡོད། མིག་སྔར་ཕྱུགས་བཀག་རྩྭ་གསོའི་བདག་སྐྱོང་པའི་ལས་གནས་བཟོས་མེད་མོད། འོན་ཀྱང་ཚ་རགས་གྲོང་ཚོའི་འབྲོག་ལས་ཚོགས་ཆུང་གི་གྲོང་མིས་ཉེ་འཁོར་གྱི་ནགས་ཚལ་དང་།

(པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-02-28 ཆུ་ཤུར་རྫོང་གིས་བྱ་ཐབས་སྣ་མང་སྤྱད་དེ་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭའི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ། 6 6 拉萨日报藏文 c176568.html 1 ཕྱུགས་བཀག་རྩྭ་གསོའི་ལས་དོན་ལ་དམ་འཛིན་ནན་པོ་བྱས་ནས་སྔོ་འགྱུར་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་བ། /enpproperty-->