ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། 2024ལོའི་ལྷ་ས་གྲོང་ཁྱེར་གྱི་སྤུས་ཚད་དང་ཚད་གཞི་ཅན་གྱི་ལས་དོན་འགོ་ཁྲིད་ཚོཊ་ཆུང་གི་ཚང་འཛོམས་གྲོས་ཚོཊ་འཚོཊ་ཤིང་། ཚོཊ་འདུའི་ཐོག་སྤུས་ཚད་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་གཏིང་ཟབ་དང་། ལྗོངས་དང་གྲོང་ཁྱེར་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོཊ་འདུ་དང་། རང་སྐྱོང་ལྗོངས་སྤུས་ཚད་དང་ཚད་གཞི་ཅན་གྱི་ལས་དོན་འགོ་ཁྲིད་ཚོཊ་ཆུང་གི་ཚང་འཛོམས་གྲོས་ཚོཊ་དེ་བཞིན་ལྷ་ས་གྲོང་ཁྱེར་གྱི་2024ལོའི་གཙོ་གནད་ལས་དོན་སྐུལ་སྤེལ་ཚོཊ་འདུའི་དགོངས་དོན་བཅས་ལག་བསྟར་བྱས་པ་དང་སྦྲགས་2024ལོའི་གཙོ་གནད་ལས་དོན་བཀོད་སྒྲིག་བྱས་པ་རེད། ལྷ་ས་གྲོང་ཁྱེར་སྤུས་ཚད་དང་ཚད་གཞི་ཅན་གྱི་ལས་དོན་འགོ་ཁྲིད་ཚོཊ་ཆུང་གིས་ལས་དོན་སྙན་སྒྲོན་གནང་བ་དང་།འདམ་གཞུང་རྫོང་སྲིད་གཞུང་དང་གྲོང་ཁྱེར་ཡུལ་སྐོར་ཅུས་ཀྱིས་སྤེལ་རེས་གཏམ་བཤད་བྱས་པ་རེད།
ཚོཊ་འདུའི་ཐོག་བསྟན་དོན། ལྷ་ས་གྲོང་ཁྱེར་གྱིས་སྤུས་ཚད་ལ་བརྟེན་ནས་གྲོང་ཁྱེར་སྟོབས་ཆེར་གཏོང་བའི་འཐབ་ཇུས་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ་སྤུས་ཚད་ལས་དོན་གྱི་རྣམ་པ་སྔར་བས་འཐུས་ཚང་དུ་བཏང་བ་དང་། སྤུས་ཚད་ལེགས་གཏོང་བྱ་སྤྱོད་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་བ། སྤུས་ཚད་བདེ་འཇཊ་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་ནུས་ལྡན་བརྒྱབ་པ།སྤུས་ཚད་ཀྱི་སྤྱིའི་ཆུ་ཚད་བརྟན་པོའི་ངང་མཐོ་རུ་བཏང་ཡོད། ལྷ་ས་གྲོང་ཁྱེར་གྱིས་ལྗོངས་ཡོངས་ཀྱི་2023ལོའི་ས་ཁུལ(གྲོང་ཁྱེར)རིམ་པའི་སྲིད་གཞུང་གི་སྤུས་ཚད་ལས་དོན་དཔྱད་ཞིབ་ཁྲོད་Aརིམ་པ་འབའ་ཞིག་མུ་མཐུད་རྒྱུན་འཁྱོངས་བྱས་ཏེ་ལོ་དགུ་བསྟུད་མར་ལྗོངས་ཡོངས་ཀྱི་ཨང་དང་པོར་སླེབས་ནས་དགའ་འོས་པའི་གྲུབ་འབྲས་ཐོབ་ཡོད།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན།
རིམ་ཁག་ཚན་ཁག་གིས་ཚུགས་གནས་མཐོ་རུ་གཏོང་བ་དང་ནང་དོན་ལ་སྟངས་འཛིན་བྱས་ཏེ་སྤུས་ཚད་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་འཐབ་ཇུས་ཀྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་དགོས། སྤུས་ཚད་ལེགས་པའི་འཕེལ་རྒྱས་ཀྱི་བླང་བྱ་དེ་དཔལ་འབྱོར་དང་སྤྱི་ཚོཊ་འཕེལ་རྒྱས་ཀྱི་ལྷུ་ཚིགས་ཁག་ཏུ་ཁྱབ་པར་བྱས་ནས་སྤུས་ཚད་ལ་བརྟེན་ནས་གྲོང་ཁྱེར་སྟོབས་ཆེར་གཏོང་བའི་ཕན་འབྲས་དངོས་དེ་ལྷ་སའི་དཔལ་འབྱོར་དང་སྤྱི་ཚོཊ་སྤུས་ཚད་ལེགས་་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐུལ་འདེད་གཏོང་བྱེད་དུ་འགྱུར་བར་བྱེད་དགོས། དམིགས་ཚད་ཁ་གསལ་དང་ཕྱོགས་གཅིག་ལ་མཉམ་སྒྲུབ་བྱས་ཏེ་སྤུས་ཚད་ལ་བརྟེན་ནས་གྲོང་ཁྱེར་སྟོབས་ཆེར་གཏོང་བའི་ལས་དོན་ལ་ཚད་བརྒལ་གསར་པ་ཡོང་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས། སྤུས་ཚད་ཨང་དང་པོའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། སྤུས་ཚད་ལ་བརྟེན་ནས་གྲོང་ཁྱེར་སྟོབས་ཆེར་གཏོང་རྒྱུར་སྐུལ་འདེད་གཏོང་བ།སྤུས་ཚད་ལེགས་གཏོང་གི་བྱ་སྤྱོད་གཏིང་ཟབ་སྤེལ་བ། སྤུས་ཚད་བདེ་འཇཊ་ལ་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་ནས་ནུས་ཤུགས་ཡོད་རྒུས་སྤུས་ཚད་ལ་བརྟེན་ནས་གྲོང་ཁྱེར་སྟོབས་ཆེར་གཏོང་བའི་འཐབ་ཇུས་ལ་ཁོར་ཡུག་བཟང་པོ་གཏོད་དགོས། རིམ་ཁག་ཚན་ཁག་གིས་བསམ་ཇུས་གཅིག་གི་བསམ་བློ་བརྟན་པོ་བཙུགས་ནས་སྤུས་ཚད་ལས་དོན་ལ་སྒྲིག་འཛུགས་དང་འགོ་ཁྲིད་བྱེད་རྒྱུར་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ་ཐོན་རྫས་དང་། ལས་གྲྭ། ཞབས་ཞུ་སོགས་སྤུས་ཚད་ལས་དོན་གྱི་འགན་འཁྲི་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་དགོས།
ཚོཊ་འདུའི་ཐོག་འབོད་སྐུལ་བྱས་དོན། གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཚན་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོཊ་རིང་ལུགས་ཀྱི་དགོངས་པ་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ལྗོངས་དང་གྲོང་ཁྱེར་ཏང་ཨུད་དང་སྲིད་གཞུང་གི་ལས་ཀའི་བཀོད་སྒྲིག་གཞིར་བཟུང་། དོན་ཆེན་བཞིར་དམིགས་པ་དང་འཛུགས་གཏོད་བཞིར་ཤུགས་སྣོན་པ་དང་། སྤུས་ཚད་ལེགས་པོས་གཙོ་རྐང་བྱས་ཏེ་བསམ་བློའི་ངོས་འཛིན་སྔར་བས་མཐོ་རུ་གཏོང་བ་དང་། སྤུས་ཚད་ཀྱི་ཆོས་ཉིད་ཁོང་དུ་ཆུད་པ།སྤུས་ཚད་ཆེས་ལེགས་པའི་འདུ་ཤེས་བརྟན་པོར་འཛུགས་པ། སྤུས་ཚད་ཀྱི་འདེགས་སྐྱོར་དང་ཚད་གཞིའི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ། སྤུས་ཚད་ལ་བརྟེན་ནས་གྲོང་ཁྱེར་སྟོབས་ཆེར་གཏོང་བ་དང་། སྤུས་ཚད་ལ་བརྟེན་ནས་ཁེ་ལས་སྟོབས་ཆེར་གཏོང་བ། སྤུས་ཚད་ལ་བརྟེན་ནས་འཁོར་སྦྲེལ་སྟོབས་ཆེར་གཏོང་བ་བཅས་བྱས་ཏེ་ཁེ་ལས་སུ་སྤུས་ཚད་ལེགས་སུ་གཏོང་བ་དང་། ཐོན་ལས་ཚོཊ་པ་བཙུགས་ནས་འཁོར་སྦྲེལ་སྟོབས་ཆེར་གཏོང་བ། གྲོང་ཁྱེར་རྒྱུན་མཐུད་འཕེལ་རྒྱས་གཏོང་བའི་ཁྲོད་ནུས་པ་ཐོན་པ་བཅས་བྱེད་དགོས།
ཚོཊ་འདུའི་ཐོག་2023ལོའི་རྫོང(ཆུས)རིམ་པའི་སྲིད་གཞུང་གི་སྤུས་ཚད་དཔྱད་ཞིབ་བྱས་འབྲས་བརྡ་ཁྱབ་བཏང་བ་རེད།(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社