分享按钮

ཁྲེང་ཀོན་ཆུས་ཀྱིས་གློག་བརྙན་ལ་ལྟ་བའི་ཏང་གི་གཙོ་དོན་ཉིན་མོའི་བྱེད་སྒོ་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ལྷ་ས་གྲོང་ཁྱེར་གྱི་སྲིད་གཙང་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་གྲོང་སྤྱི་ཝང་ཆང་གིས་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཁྲིམས་སྐྱོང་གི་བསམ་གཞིགས་དང་ཁྲིམས་འཛིན་ནུས་པའི་ཆུ་ཚད་གོང་མཐོར་གཏོང་རྒྱུའི་སྐོར་གྱི་བླང་བྱ་དོན་འཁྱོལ་ཡག་པོ་བྱ་ཆེད། ཉིན་ཤས་གོང་། ཁྲེང་ཀོན་ཆུས་ཀྱིས་ཁྲེང་ཀོན་ཆུས་མི་དམངས་ཁྲིམས་ཁང་དང་། ཁྲེང་ཀོན་ཆུས་མི་དམངས་ཞིབ་དཔྱོད་ཁང་། ཁྲོམ་གཞུང་ཁག(གྲོང་ལྷན)དང་སྲིད་གཞུང་རིམ་པའི་ཚན་པ་ཁག་བཅས་ཀྱི་མི་གྲངས་140ཙམ་སྒྲིག་འཛུགས་བྱས་ནས་ཏང་གི་གཙོ་དོན་ཉིན་མོ་དང་གློག་བརྙན《དོན་ཚན་ཉི་ཤུ་པའི》ལྟ་བའི་བྱེད་སྒོ་སྤེལ་བ་རེད།

གློག་བརྙན《དོན་ཚན་ཉི་ཤུ་པ》ཞེས་པ་ནི་རྒྱལ་ནང་གི་ཚུལ་མཐུན་འགོག་སྲུང་བརྗོད་བྱར་འཛིན་པའི་ཁྲིམས་སྐྱོང་རིགས་ཀྱི་གློག་བརྙན་ཐོག་མ་དེ་ཡིན་པ་དང་། སྒྱུ་རྩལ་གྱི་རང་བཞིན་ཐད་ནས་ལྟད་མོ་བར་རྒྱལ་ཁབ་ཀྱིས་ཚུལ་མཐུན་འགོག་སྲུང་ལ་རྒྱབ་སྐྱོར་དང་བདེན་པའི་རྒྱབ་ལངས་ལ་སྐུལ་མ་གཏོང་བའི་བྱ་ཐབས་ལ་འགྲེལ་བཤད་བརྒྱབ་པ་རེད། གློག་བརྙན་གྱིས་ཚུལ་མཐུན་འགོག་སྲུང་དང་རྐང་བཙུགས་ནས་གནོད་འཚེ་གཏོང་བའི་དབྱེ་མཚམས་ལ་དམིགས་ནས་སྤེལ་ཞིང་། དབྱེ་མཚམས་རིམ་བཞིན་གསལ་པོ་བྱུང་བ་དང་བསྟུན་ནས་གློག་བརྙན་གྱི་སྒྱུ་རྩལ་ཐོག་ནས་ཚུལ་མཐུན་འགོག་སྲུང་གི་བཅའ་ཁྲིམས་དོན་ཚན་དེ་དེ་སྔ་བེད་སྤྱོད་བྱས་མེད་པ་ནས་ད་ཆ་བེད་སྤྱོད་པའི་བར་གྱི་བརྒྱུད་རིམ་མངོན་པ་དང་། གྱོད་གཞི་སྒྲུབ་མཁན་གྱིས་ཁྲིམས་ཀྱིས་ཁྲིམས་འགལ་ལ་བསམ་ཤེས་མི་བྱེད་པའི་འདུ་ཤེས་མི་སེམས་ལ་སྔར་བས་གཏིང་ཟབ་ཟུག་པ་དང་ཁྲིམས་འཛིན་ལག་ལེན་ཁྲོད་དོན་འཁྱོལ་བྱས་ཏེ་བདེན་པའི་རྒྱབ་ལངས་བྱེད་མཁན་ཚོ་ཁྲག་ཐོན་པ་དང་མིག་ཆུ་ཤོར་དུ་མི་འཇུག་པ་བྱས་པ་རེད།

ཁྲེང་ཀོན་ཆུས་ཞིབ་དཔྱོད་ཁང་གི་ཁྲིམས་འཛིན་ལས་དོན་མི་སྣ་བཀྲ་ཤིས་ཀྱིས《དོན་ཚན་ཉི་ཤུ》ཞེས་པ་ནི་གསོན་ཉམས་དོད་པའི་བཅའ་ཁྲིམས་ཁྱབ་གདལ་གྱི་སློབ་ཚན་ཞིག་རེད། གློག་བརྙན་དེའི་ནང་ཐད་མཐོང་གི་རྣམ་པའི་ཐོག་ནས་ཚང་མ་ཁྲིམས་དང་ཁྲིམས་ཀྱི་ཞིབ་ཕྲའི་ལག་ལེན་ཁྲོད་ཁྲིད་ཡོད་པས་སློབ་གསོའི་དོན་སྙིང་ཟབ་མོ་ལྡན་ཡོད་ལ་ང་ཚོར་ལས་ཀའི་ལས་འགན་ལྕི་པོ་དྲན་སྐུལ་བྱས་པ་ཞིག་ཀྱང་ཡིན་པ་དང་། ཁྲིམས་སྐྱོང་འཛུགས་སྐྱོང་ནི་རྒྱལ་ཁབ་བཅོས་སྐྱོང་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་མ་ཟད། མི་དམངས་ཀྱི་ཁེ་དབང་འགན་སྲུང་དང་སྤྱི་ཚོགས་ཀྱི་དྲང་གཞག་དྲང་བདེན་སྲུང་སྐྱོང་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཀྱང་ཡིན་པའི་ངོས་འཛིན་ཐུབ་ཡོད་ཅེས་བཤད་པ་རེད།

ཚང་མས་སླད་ཕྱིན་གྱི་ལས་དོན་ནང་ཁྲིམས་ལྟར་འགན་འཁྲི་བསྒྲུབ་རྒྱུ་དང་། ཁྲིམས་འཛིན་ལ་བརྟེན་ནས་སྤྱི་ཚོགས་དྲང་གཞག་ལ་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་བསྟར་བ། སྤུས་ཚད་ལེགས་ལ་ཕན་འབྲས་ཡག་པོ་ཐོན་པ་བཅས་ཀྱི་ཐོག་ནས་གྱོད་གཞི་ཚང་མ་ཡག་པོ་སྒྲུབ་པ་བཅས་བྱས་ནས་མི་དམངས་མང་ཚོགས་ལ་དྲང་གཞག་དྲང་བདེན་ཚོར་ཐུབ་པ་བྱ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།

(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-02-28 6 6 拉萨日报藏文 c176565.html 1 ཁྲེང་ཀོན་ཆུས་ཀྱིས་གློག་བརྙན་ལ་ལྟ་བའི་ཏང་གི་གཙོ་དོན་ཉིན་མོའི་བྱེད་སྒོ་སྤེལ་བ། /enpproperty-->