分享按钮

(པར་ངོས་དང་པོར་མཐུད)གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་བྱ་སྤྱོད་སྤེལ་ཚུན།ཆུ་ཤུར་གྲོང་རྡལ་གྱིས་དམངས་བདེ་དམངས་ཕན་དམིགས་ཚད་དུ་བྱས་ནས་སྡེ་ཚན་ཁག་དང་མཐུན་སྦྱོར་ཧུར་ཐག་དང་སྤྱི་ཚོགས་ལས་རིགས་ཁག་གི་སྟོབས་ཤུགས་སྐུལ་སློང་གིས་མང་ཚོགས་ཀྱི་རེ་འདུན་དོན་འཁྱོལ་བྱས་པ་རེད།གང་བྱུང་དུ་གཞུང་ལམ་བཟུང་བ་དང་།གང་བྱུང་དུ་རླངས་འཁོར་འཇོག་པ།གང་བྱུང་དུ་གློག་སྐུད་འཐེན་པ།གང་བྱུང་དུ་བསྐྲུན་པ།དེ་བཞིན་གད་སྙིགས་གཙང་ཕྱགས་དང་སྐྱེལ་འདྲེན་དུས་ཚོད་ལུགས་མཐུན་མིན་པ་སོགས་ཐད་ཀྱི་གནད་དོན་བཅོས་སྒྲིག་བྱས་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་པ་རེད།ད་ཆ་ཚ་རགས་གྲོང་ཚོ་དང་ཆུ་ཤུར་གྲོང་ཚོ་སོགས་ཀྱི་གྲོང་ཚོའི་ལམ་བུའི་ཐོག་སྐྱོད་སྐབས་ལམ་ངོས་གཙང་མ་ཡོད་པ་དང་།སྒྲིག་འགལ་གྱི་ཨར་སྐྲུན་ཁྲིམས་ལྟར་བཤིག་པ།གྲོང་ཚོའི་རྣམ་པ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ།གྲོང་མིའི་འཚོ་བ་དེ་བས་སྐྱིད་སྣང་དོད་པ་བཅས་ཡོད་པ་ཤེས་རྟོགས་བྱུང་ཡོད།

ཁོང་གིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་པོ་བྱས་པ་ནས་བཟུང་།ངེད་གྲོང་རྡལ་དང་གྲོང་ཚོ་ཁག་གིས་དྲིལ་བསྒྲགས་ཐེངས་18སྒྲིག་འཛུགས་བྱས་པར་མང་ཚོགས་1800ལྷག་ཙམ་ལ་སློབ་གསོ་ཐོབ་པ་དང་།ལྟ་སྐུལ་ཞིབ་བཤེར་ཐེངས་60ལྷག་ཙམ་བྱས་པ།རྐོ་འདྲུའི་འཕྲུལ་འཁོར་དང་།འདོན་འཇུག་འཕྲུལ་འཁོར།འདྲུད་འཐེན་འཕྲུལ་འཁོར་སོགས་འཕྲུལ་ཆས་200ལྷག་ཙམ་བཏང་བ།གྲོང་ཚོའི་ནང་གང་བྱུང་གི་སྐྲུན་དངོས་20ལྷག་ཙམ་བཤིག་སྟེ་གྲོང་ཚོའི་ནང་གི་གད་སྙིགས་དང་དེ་བཞིན་ཨར་སྐྲུན་གད་སྙིགས་ཏུན་40ལྷག་ཙམ་གཙང་སེལ་བྱས་པ་དང་།རྒྱུན་མཐུད་ངང་བཅོས་སྒྲིག་ཤུགས་ཆེན་བྱས་པ་བརྒྱུད་གྲོང་ཚོའི་རྣམ་པར་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད་ཅེས་ཤོད་ཀྱི་འདུག

གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་མཛེས་སྡུག་ལྡན་པ་ཞིག་ཡོང་བ་བྱ་ཆེད།ཆུ་ཤུར་རྫོང་ཆུ་ཤུར་གྲོང་རྡལ་གྱིས་ད་དུང་གཟའ་འཁོར་གཅིག་ལ་བཀོད་གཏོང་རེ་དང་།ཟླ་རེར་གྲལ་བཤེར་ཐེངས་རེ་བྱེད་པ།དུས་ཚིགས་རེར་དཔྱད་བསྡུར་རེ་བྱེད་པ་བཅས་ཀྱི་ཕུགས་ཕན་དོ་དམ་ལམ་སྲོལ་ལག་ལེན་བསྟར་ནས་གྲོང་ཚོ་ཁག་གིས་གྲོང་སྲོལ་དམངས་ཆིངས་བཟོ་བཅོས་དང་འཐུས་ཚང་དུ་བཏང་བ་དང་།གྲོང་མིས་གད་སྙིགས་རིགས་དབྱེ་བྱ་རྒྱུར་སྐུལ་འདེད་བཏང་བ།རང་རྟོགས་ངང་མིའི་འཚོ་སྡོད་ཁོར་ཡུག་གི་སྒོ་འགྲམ་གྱི་འགན་ལེན་གསུམ་ལག་ལེན་བསྟར་བ།ད་ཆ་ཆུ་ཤུར་གྱི་ཤང་དང་གྲོང་ཚོ་ཁག་ཁུལ་ཞིག་མཛེས་པ་ནས་ཁྱོན་ཡོངས་ནས་མཛེས་པའི་ཕྱོགས་སུ་གྱུར་ཡོད་པ་རེད།(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-02-28 6 6 拉萨日报藏文 c176564.html 1 /enpproperty-->