分享按钮

སྡེ་ཚན་གཉིས་ཀྱིས་གཙོ་གནད་ས་ཁུལ་གྱི་ནགས་ཚལ་ལ་མེ་སྐྱོན་སྔོན་འགོག་དང་ ཚོད་འཛིན་བྱེད་པའི་ལས་དོན་བཀོད་སྒྲིག་བྱས་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་23ཉིན་གློག་འཕྲིན་འབྱོར་གསལ།ཚེས་23ཉིན།གསར་འགོད་པས་འཕྲལ་སྡོམ་དོ་དམ་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན།རྒྱལ་ཁབ་ནགས་ཚལ་མེ་ཟོན་བཀོད་འདོམས་གཞུང་དོན་ཁང་དང་འཕྲལ་སྡོམ་དོ་དམ་པུས་ཉིན་དེར་བརྙན་ལམ་བཀོད་གཏོང་བཀོད་སྒྲིག་ཚོགས་འདུ་འཚོགས་ཏེ།བརྙན་ལམ་ཐོག་ནས་པེ་ཅིང་དང་།ཧོ་པེ།ཕུའུ་ཅན།ཀོང་ཏུང་།ཀོང་ཤིས།ཧའེ་ནན།སི་ཁྲོན།ཀུའེ་ཀྲོའུ།ཡུན་ནན་སོགས་ཞིང་ཆེན་དང་འབྲེལ་མཐུད་བྱས་ནས་ནགས་ཚལ་གྱི་མེ་སྐྱོན་སྔོན་འགོག་ཚོད་དང་འཛིན་བྱེད་པའི་ལས་དོན་བཀོད་སྒྲིག་བྱས་པ་རེད།

འཕྲལ་སྡོམ་དོ་དམ་པུའི་འབྲེལ་ཡོད་འགན་འཁུར་བས་དོགས་ཟོན་ཆེར་སྐྱེད་ཀྱིས་སྔོན་འགོག་ཚོད་འཛིན་བྱ་ཐབས་དོན་ཐོག་ཏུ་འཁྱོལ་བ་དང་།དམ་འཛིན་བྱེད་པ།ལྷག་པར་དུ་ཀུའེ་ཀྲོའུ་དང་ཀོང་ཤིས་སུ་མེ་སྐྱོན་སླར་ཡང་མི་ཐོན་པ་བཅས་བྱ་དགོས་པ་མ་ཟད།ས་ཁུལ་གཞན་དག་གིས་ཀྱང་རིམ་པ་བཞིན་སྔོན་འགོག་ཚོད་འཛིན་གྱི་འགན་འཁྲི་དོན་འཁྱོལ་བྱས་ནས་སྔོན་ལ་སྔོན་འགོག་དང་།སྔ་ཙམ་ཤེས་པ།སྔ་ཙམ་ཐག་གཅོད་བྱེད་པ་བཅས་བྱ་དགོས་པ་དང་།འབྱུང་རྩ་ནས་དོ་དམ་ཚོད་འཛིན་བྱ་རྒྱུར་དམ་འཛིན་ཡག་པོ་བྱས་ཏེ་མེ་ཁུངས་དོ་དམ་ཚོད་འཛིན་གྱི་བྱ་ཐབས་ཞིབ་ཕྲ་བཟོ་རྒྱུར་སྔར་བས་ཤུགས་སྣོན་བརྒྱབ་སྟེ་ནགས་ཚལ་དང་རྩྭ་ཐང་དང་།འཕྲལ་སྡོམ།སྤྱི་བདེ་སོགས་སྡེ་ཚན་གྱིས་རང་སོ་སོའི་འགན་ནུས་དང་ཟུང་འབྲེལ་བྱས་ཏེ་མེ་ཟོན་བཀའ་རྒྱ་དུས་ཐོག་ཏུ་ཁྱབ་བསྒྲགས་བྱས་ནས་འགན་འཁྲི་དོན་འཁྱོལ་གྱིས་མེ་ཁུངས་དོ་དམ་ཏན་ཏིག་བྱས་ནས་ཉེ་དུས་ཀྱི་གྱོད་གཞི་མགྱོགས་མྱུར་རྩད་ཆོད་ཐུབ་པ་དང་དམར་རྗེན་དུ་འདོན་ཐུབ་པ་བྱས་ཏེ་ཉེན་ཟོན་སློབ་གསོ་རྒྱག་ཤུགས་ཆེ་རུ་གཏོང་དགོས་པ།ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་སྔོན་བརྡ་གཏོང་བ་དང་།སྔོན་ཇུས་འཐུས་ཚང་དུ་གཏོང་བ།སྒྲིག་འཛུགས་དང་བཀོད་འདོམས།སྟོབས་ཤུགས་གཅིག་གྱུར་འཆར་འགོད།སྒྲིག་ཆས་དང་དངོས་ཟོག་གྲབས་གསོག་སྔོན་གྲབས། ས་ཁོངས་མཉམ་འགོག་མཉམ་བཅོས་སོགས་ཀྱི་གྲ་སྒྲིག་ཁག་གང་ལེགས་བྱས་ནས་མགྱོགས་མྱུར་དང་ལེན་ཐུབ་པའི་འགན་ལེན་བྱ་དགོས་པ།མེ་གསོད་སྐབས་ཚན་རིག་དང་མཐུན་པའི་ཐབས་ཇུས་དང་ཆེད་ལས་ཀྱི་བཀོད་འདོམས་བྱས་ནས་མེ་གསོད་རུ་མི་དང་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་ལེན་བྱ་རྒྱུ།དབང་གྲགས་ལྡན་པའི་ཆ་འཕྲིན་དུས་ཐོག་ཏུ་ཁྱབ་བསྒྲགས་བྱས་ནས་སྤྱི་ཚོགས་ཀྱི་དོ་ཁུར་ལ་རང་འགུལ་ངང་ལན་འདེབས་ཐུབ་པ་བཅས་བྱ་དགོས་ཞེས་བཤད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན།ཉེ་ཆར།རྒྱལ་ཁབ་ནགས་ཚལ་མེ་ཟོན་བཀོད་འདོམས་གཞུང་དོན་ཁང་དང་།འཕྲལ་སྡོམ་དོ་དམ་པུས་སྤྱི་བདེ་པུའུ་དང་།རྒྱལ་ཁབ་ནགས་ཚལ་དང་རྩྭ་ཐང་ཅུས།དམངས་སྲིད་པུའུ།ཞིང་ལས་དང་གྲོང་གསེབ་པུའུ།ཀྲུང་གོ་གནམ་གཤིས་ཅུས།རྒྱལ་ཁབ་ནུས་རྒྱུ་ཅུས་སོགས་ཚན་པ་དང་དེ་བཞིན་རྒྱལ་ཁབ་རང་བྱུང་གནོད་འཚེ་འགོག་བཅོས་ཞིབ་འཇུག་ཁང་དང་ཀྲུང་གོ་ནགས་ཚལ་ཚན་རྩལ་ཁང་སོགས་ཚན་པའི་རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ནས་མཉམ་འབྲེལ་ལྷན་ཚོགས་ཀྱི་གྲོས་མོལ་བྱས་ཏེ་གནམ་གཤིས་ཀྱི་འཕེལ་ཕྱོགས་དང་།ནགས་ཁུལ་གྱི་སྐྱེ་དངོས་སྐྱེ་འཚར་གྱི་དུས་ཚོད།ནགས་ཚལ་དང་སྤྱི་ཚོགས་ཀྱི་གནས་ཚུལ།དཔུང་ཁག་གི་སྟོབས་ཤུགས་སོགས་རྒྱུ་རྐྱེན་གཙོ་བོར་དམིགས་ནས་ཉེ་དུས་དང་ལྷག་པར་དུ་དང་པོའི་བཅོ་ལྔའི་དུས་ཆེན་རིང་མེ་ཉེན་གྱི་དུས་བབ་ལ་ཕྱོགས་བསྡུས་གྲོས་མོལ་དང་ཞིབ་འཇུག་དང་བརྡར་ཤ་གཅོད་རྒྱུ་རེད།

(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-02-26 6 6 拉萨日报藏文 c176458.html 1 སྡེ་ཚན་གཉིས་ཀྱིས་གཙོ་གནད་ས་ཁུལ་གྱི་ནགས་ཚལ་ལ་མེ་སྐྱོན་སྔོན་འགོག་དང་ ཚོད་འཛིན་བྱེད་པའི་ལས་དོན་བཀོད་སྒྲིག་བྱས་པ། /enpproperty-->