ལི་གཡོད་རེ་ནེ་ལུའུ་ཡི་བྱིས་པར་ཏེང་ཀེ་ཚ་ནད་ཀྱི་རིམས་འགོག་སྨན་ཁབ་བརྒྱབ་པ།
ཟླ་བ་འདི་ནས་བཟུང་། པར་ཙིར་རྒྱལ་ཡོངས་ཀྱི་གྲོང་ཁྱེར་མང་པོ་ཞིག་གིས་གཞི་ཁྱོན་ཆེ་བའི་ཏེང་གེ་ཚ་ནད་ཀྱི་རིམས་འགོག་སྨན་རྒྱག་པའི་ལས་དོན་སྤེལ་འགོ་ཚུགས་ཤིང་། ལི་གཡོད་རེ་ནེ་ལུའུ་གྲོང་ཁྱེར་གྱིས་ཟླ་2ཚེས་5ཉིན་ནས་བཟུང་། སྤྱི་པའི་འཕྲོད་བསྟེན་གྱི་ཛ་དྲག་རྣམ་པ་ཁྱབ་བསྒྲགས་བྱས་ནས་ཏེང་གེ་ཚ་ནད་ཕོག་མཁན་མང་དུ་འགྲོ་བའི་གནས་ཚུལ་ལ་ཁ་གཏད་གཅོག་བཞིན་ཡོད་པ་རེད། པར་འདི་ནི་ཟླ་2ཚེས་23ཉིན། པར་ཙིར་གྱི་ལི་གཡོད་རེ་ནེ་ལུའུ་ཡི་པོ་ཐ་ཧྥུ་ཀེ་ཡི་རིམས་འགོག་སྨན་ཁབ་སྨན་ཁང་ནང་སྨན་དོན་མི་སྣས་བྱིས་པར་ཏེང་གེ་ཚ་ནད་ཀྱི་རིམས་འགོག་སྨན་ཁབ་རྒྱག་བཞིན་པའི་རྣམ་པ་ཡིན་པ། (བསྟན་རྡོར་གྱིས་སྒྱུར་ཞུས་བྱས)