分享按钮

དང་པོའི་བཅོ་ལྔའི་དུས་ཆེན་གྱི་རྣམ་པ་ཧ་ཅང་འཁྲུག་ཆ་དོད་པ།

(པར་ངོས་དང་པོར་མཐུད)རིག་རྩལ་འཁྲབ་སྟོན་སོགས་ཚུད་ཡོད་པས་དང་པོའི་བཅོ་ལྔའི་དུས་ཆེན་གྱི་སྲོལ་རྒྱུན་གོམས་སྲོལ་དང་རིག་གནས་ཀྱི་ནང་དོན་ཡང་ངོམས་སྟོན་བྱས་ཡོད་པ་རེད།

དང་པོའི་བཅོ་ལྔའི་དུས་ཆེན་སྐབས་བོད་རིགས་དང་། རྒྱ་རིགས། ཧུད་རིགས་སོགས་མི་རིགས་ཁག་གི་མང་ཚོགས་ཀྱིས་ལག་གདང་སྦྲེལ་ནས་མཉམ་ལས་བྱས་ཏེ་བྲོ་བ་ཞིམ་པའི་དང་པོའི་བཅོ་ལྔའི་དུས་ཆེན་གྱི་ཐང་ཡོན་སྒྲིལ་བ་དང་། ཚང་མས་དང་པོའི་བཅོ་ལྔའི་དུས་ཆེན་གཏོང་བ་དང་ཆབས་ཅིག་རང་སོ་སོའི་དམངས་སྲོལ་རིག་གནས་སྤེལ་རེས་བྱེད་སར་དྲོ་སྐྱིད་དང་ཞི་མཐུན་ལྡན་པའི་རྣམ་པ་ཞིག་མངོན་ནས་མི་རྣམས་ལ་སེམས་འགུལ་ཐེབས་ཡོད། ལྒང་བཞུའི་གབ་ཚིག་གི་གབ་ལན་འཚོལ་སར་ལྟད་མོ་བས་གབ་ཚིག་གི་དྲི་བ་རེ་རེ་བཞིན་གབ་ལན་བཏབ་ཅིང་། མི་ཞིག་གིས་གབ་ལན་བཏབ་པ་འགྲིག་ཚེ་དགའ་འབོད་ཀྱི་སྒྲ་གྲགས་ཀྱི་ཡོད། དེ་རྗེས་ངོ་མཚར་ཆེ་བའི་རིག་རྩལ་འཁྲབ་སྟོན་བྱེད་སྒོའི་མཐོ་རླབས་ཤིག་འཕྱུར་ཞིང་། ཁྲེང་ཀོན་ཆུས་ཉང་བྲན་སྒྱུ་རྩལ་ཚོགས་པ་དང་། ཞོལ་པ་ལྷ་མོའི་སྒྱུ་རྩལ་ཚོགས་པ། ཚེ་མཆོག་གླིང་སྒྱུ་རྩལ་ཚོགས་པ་བཅས་ཀྱི་འཁྲབ་སྟོན་པ་ཚོས་ལུས་ལ་གཟབ་མཆོར་ལེགས་པར་སྤྲས་ནས་ལྟད་མོ་བར་མིག་གི་སྟོན་མོ་གཟབ་རྒྱས་ཤིག་བཤམས་ཡོད། གླུ་གར་དང་འཁྲབ་ཚན་ཐུང་གྲས་སོགས་ཀྱི་ལེ་ཚན་ངོ་མཚར་ཆེ་བས་ཐལ་མོའི་རྡེབ་སྒྲ་དང་དགའ་འབོད་ཀྱི་སྒྲ་ཡང་ཡང་ཐོབ་ཡོད།

དེ་དང་ཆབས་ཅིག་རང་གྲོང་གི་རྫོང་དང་ཆུས་ཁག་གིས་ཀྱང་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་ནས་དང་པོའི་བཅོ་ལྔའི་དུས་ཆེན་ལ་ཐུན་མོང་ཐོག་རྟེན་འབྲེལ་ཞུས་ཤིང་། སྟག་རྩེ་ཆུས་མི་དམངས་ཞིབ་དཔྱོད་ཁང་དུ་ལས་བྱེད་པ་དང་ལས་བཟོ་བས་ཕུ་ཐུང་ཡར་བརྫེས་ནས་མཉམ་དུ་ཐང་ཡོན་སྒྲིལ་བ་རེད། གྲོང་ཁྱེར་དཔེ་མཛོད་ཁང་དུ་གྲོང་མི་ཚོས་བྱ་དགའ་ཡོད་པའི་དྲི་བ་དྲིས་ལན་གྱི་ཤེས་བྱའི་འགྲན་བསྡུར་ནང་ཞུགས་ནས་དགའ་སྤྲོའི་རྣམ་པས་ཁེངས། འཆམ་མཐུན་ལྡུམ་ར་སྡེ་ཁུལ་དང་དཔལ་གླིང་སྡེ་ཁུལ་དུ་སྒོར་གཞས《ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང》དང་། མང་ཚོགས་ཀྱི་དགོད་བྲོའི་གཏམ་གླེང《འགྱུར་མེད་ཀྱི་སེམས་པ》སོགས་ལེ་ཚན་གྱིས་ཡུལ་དངོས་ཀྱི་རྣམ་པ་མཐོ་རླབས་འཕྱུར་བར་བྱས་ཏེ་ཚང་མས་གླུ་དབྱངས་དང་ཞབས་བྲོའི་ཐོག་ནས་འཚོ་བར་བཅངས་པའི་བརྩེ་སེམས་མཚོན་པར་བྱས་པ་རེད།

བྱེད་སྒོ་རབ་དང་རིམ་པ་སྤེལ་བ་དེས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཚོར་སྲོལ་རྒྱུན་དུས་ཆེན་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ཚོར་ཐུབ་པ་མ་ཟད། ཀྲུང་ཧྭ་ཡི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱང་དར་སྤེལ་ཐུབ་ནས་མང་ཚོགས་ཀྱི་རྒྱལ་གཅེས་བརྩེ་སེམས་དང་སྤྱི་ཚོགས་ཀྱི་འགན་འཁྲིའི་བསམ་པ་འཕེལ་བ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་བས་ཟབ་ཏུ་ཕྱིན་ཡོད།

རྗེས་མར་རང་གྲོང་གིས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས(སུའོ་དང་ས་ཚིགས)ལ་མུ་མཐུད་བརྟེན་ནས་སྲོལ་རྒྱུན་དུས་ཆེན་གྱི་བསམ་བློའི་ཤུགས་རྐྱེན་དང་རིག་གནས་སློབ་གསོའི་ནུས་པ་གང་ལེགས་སྤྱད་དེ་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་གྲོང་མིར་དེ་བས་སྣེ་མང་ཅན་དང་སྤུས་ཚད་ལེགས་པའི་རིག་གནས་འཚོ་བའི་ཉམས་ལེན་མཁོ་འདོན་བྱ་རྒྱུ་རེད།(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-02-26 6 6 拉萨日报藏文 c176457.html 1 དང་པོའི་བཅོ་ལྔའི་དུས་ཆེན་གྱི་རྣམ་པ་ཧ་ཅང་འཁྲུག་ཆ་དོད་པ། /enpproperty-->