(པར་ངོས་དང་པོར་མཐུད)དྲིལ་བསྒྲགས་བཅས་ཀྱི་ལས་དོན་ལ་སྐུལ་འདེད་ནུས་ལྡན་ཐུབ་ནས་མི་རིགས་ཀྱི་རིག་གནས་སྔར་བས་དར་སྤེལ་དང་མང་ཚོགས་ཀྱི་རིག་གནས་ཀྱི་ངོས་འཛིན་གཅིག་མཐུན་དང་རིག་གནས་ཀྱི་གདེང་ཚོད་ཆེ་རུ་ཕྱིན་ཡོད་པ་རེད།
ད་རེས་ཀྱི་བྱེད་སྒོར་ཞུགས་ཐུབ་པར་ཧ་ཅང་དགའ་པོ་བྱུང་ལ་ལྷ་སའི་རྒྱན་གོས་གཟའ་འཁོར་གྱིས་ང་ཚོར་རང་ཉིད་ངོམས་སྟོན་བྱེད་པའི་ལས་སྟེགས་མཁོ་འདོན་བྱས་པར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་རྒན་རྒོན་མོ་ཐྲོལ་གྱི་འཐུས་མི་མཚམས་གཅོད་ཀྱིས་བཤད།
ལྷ་སའི་དུས་རབས་གསར་པར་དཔེ་ཀློག་ཁྱབ་གདལ་བྱེད་སྒོ་སྤེལ་བའི་བྱ་ཐབས་གསར་པ་དང་བྱེད་སྟངས་གསར་པ་འཚོལ་ཞིབ་བྱས་ནས་སྤྱི་དམངས་ཀྱི་ཉིན་བཞིན་མང་དུ་འགྲོ་བའི་སྣ་མང་རང་བཞིན་གྱི་རིག་གནས་དགོས་མཁོ་ཟམ་མི་ཆད་པར་སྐོང་ཆེད་དང་།གྲོང་མི་དེ་བས་མང་བ་དཔེ་ཀློག་ལྷ་སའི་ཁྱབ་གདལ་བྱེད་སྒོའི་ནང་ཞུགས་རྒྱུར་སྐུལ་ལྕག་བྱ་ཆེད།ལྷ་ས་གྲོང་ཁྱེར་དཔེ་མཛོད་ཁང་གིས་2023ལོའི་ཟླ་10པ་ནས་བཟུང་།ལྷ་ས་གྲོང་ཁྱེར་དང་དཔེ་མཛོད་ཁང་གི་མཚན་མོ་ཞེས་པ་གཙོ་དོན་དུ་བྱས་པའི་རིམ་སྤོར་གསར་གཏོད་བྱས་ཏེ།རིག་གནས་ཐོན་རྫས་འགྲེམས་སྟོན་དང་།གླུ་གར་འཁྲབ་སྟོན།དཔེ་ཀློག་མཉམ་སྤྱོད།དངོས་མཚོན་པར་གཞི་བསྟན་པ།གབ་ཚིག་གི་ལན་འཚོལ་བ་སོགས་ལ་བརྟེན་ནས་ཀློག་པ་པོར་མཚན་མོའི་སྤྱི་པའི་རིག་གནས་ཞབས་ཞུ་སྤུས་ལེགས་མཁོ་འདོན་བྱས་ཡོད།
ངའི་ཡིད་ལ་བྱེད་སྒོ་དེར་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད་སྙམ་གྱི་འདུག རྟག་ཏུ་ཕྲུ་གུ་ཁྲིད་ནས་བྱེད་སྒོའི་ནང་ཞུགས་སུ་བཅུག་གི་ཡོད་ལ།ཕྲུ་གུ་དཔེ་དེབ་ཁང་དུ་བསྐྱོད་དུ་བཅུག་ནས་ཁོང་ཚོའི་དཔེ་དེབ་ཀློག་པའི་སྤྲོ་སྣང་སྔར་བས་ཆེ་བ་འཕེལ་བར་བྱེད་ཀྱི་ཡོད།བྱེད་སྒོ་དེ་དག་ཁྲོད་ཕྲུ་གུ་ཚོའི་མཐོང་རྒྱ་ཆེ་རུ་འགྲོ་བ་དང་ཕྲུ་གུ་མང་པོ་གྲོགས་པོ་སྒྲིག་རྒྱུའི་རེ་བ་ཡོད་ཅེས་ཀློག་པ་པོ་སྒྲོལ་མཚོས་བཤད།
ཞབས་ཞུའི་སྤུས་ཚད་ལེགས་སུ་བཏང་ནས་དམངས་ཕན་གྱི་དོན་དངོས་ལེགས་པར་བསྒྲུབས་པ།
ལྷ་ས་གྲོང་ཁྱེར་རིག་གནས་ཅུས་ཀྱིས་གཙོ་དོན་སློབ་གསོའི་གྲུབ་འབྲས་གཏིང་ཟབ་ཏུ་བཏང་སྟེ་རིག་གནས་དམངས་ཕན་གྱི་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ནས་གྲོང་ཁྱེར་དང་།རྫོང་།ཤང་།གྲོང་ཚོ་བཅས་རིམ་བཞིའི་སྤྱི་པའི་རིག་གནས་སྒྲིག་བཀོད་དྲ་བ་ཁྱོན་ཡོངས་ལ་ཁྱབ་པའི་རྨང་གཞིའི་ཐོག་རིམ་པ་ཁག་དང་རིགས་ཁག་གི་མང་ཚོགས་སྒྱུ་རྩལ་ཁང་དང་།དཔེ་མཛོད་ཁང་།རྟེན་རྫས་བཤམས་མཛོད་ཁང་།རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་སོགས་སྤྱི་པའི་རིག་གནས་སྒྲིག་བཀོད་ཚང་མ་རིན་པ་མི་དགོས་པར་སྤྱི་དམངས་ལ་སྒོ་ཕྱེ་ཡོད་པ་རེད།དེ་དང་ཆབས་ཅིག་སྤྱི་ཚོགས་ཀྱི་སྟོབས་ཤུགས་སྤྱི་པའི་རིག་གནས་ཞབས་ཞུའི་ནང་ཞུགས་རྒྱུར་ཁྲིད་སྟོན་དང་སྐུལ་ལྕག་ཧུར་ཐག་བྱས་ནས་དམངས་བཙུགས་རིག་གནས་སྒྲིག་བཀོད་རིན་མེད་ངང་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱུར་རྒྱབ་སྐྱོར་བྱས་ཡོད།2023ལོར་རིག་རྩལ་འཁྲབ་སྟོན་ཐེངས་9000ལྷག་ཙམ་བྱས་ནས་མང་ཚོགས་མི་ཐེངས་ཁྲི་268ལྷག་ཙམ་ལ་ཕན་པ་ཐོབ་ཡོད།
2024ལོར་ང་ཚོས་འཚོ་བར་ཟབ་ཞུགས་དང་མི་དམངས་ཁྲོད་གཞིས་ཚུགས་པའི་ལག་ལེན་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་ནས་དུས་རབས་ཀྱི་རྣམ་པ་གསར་པ་མཚོན་པ་དང་མི་དམངས་ཀྱི་གསར་གཏོད་གསར་པར་བསྔགས་བརྗོད་བྱེད་པའི་རིག་རྩལ་བརྩམས་ཆོས་རྩེ་གྲ་ཟམ་མི་ཆད་པར་འདོན་རྒྱུ་དང་།རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ཀྱི་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ།མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ།རིག་གནས་ཀྱི་བླ་སྲོག་དང་རིག་གནས་ཀྱི་ནུས་པ་འདོན་སྤེལ་གྱིས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་རིག་གནས་དགོས་མཁོ་སྐོང་ཐུབ་པར་བྱེད་པ།མི་དམངས་ཀྱི་བསམ་པའི་སྟོབས་ཤུགས་ཆེ་རུ་གཏོང་རྒྱུ་དེ་ཤུགས་རྒྱག་སར་བྱས་ནས་ཕུལ་བྱུང་གི་རིག་རྩལ་བརྩམས་ཆོས་གསར་རྩོམ་དང་ཕུལ་བྱུང་གི་རིག་གནས་ཐོན་རྫས་མཁོ་འདོན་ཧུར་ཐག་བྱེད་པ་བཅས་ཀྱི་ཐོག་ནས་རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུ་ཡིན་ཞེས་ལྷ་ས་གྲོང་ཁྱེར་རིག་གནས་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་བཤད།
ད་ཆ་ལྷ་ས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་གཞི་ཆེན་མོར་སྐྱོད་སྐབས་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་བྱེད་སྒོ་ལས་མི་རྣམས་ལ་བསམ་པའི་སྤྲོ་སྣང་སྦྱིན་པ་དང་།འཚོ་བ་ཡག་པོ་སྐྱེལ་ཐུབ་མཁན་མང་ཚོགས་ཚོས་རིག་གནས་ལོངས་སྤྱོད་དང་།རིག་གནས་ནང་ཞུགས་པ།རིག་གནས་གསར་གཏོད་བཅས་བྱས་ནས་བདེ་སྐྱིད་ཀྱི་འཚོ་བ་གསར་པ་གཏོད་བཞིན་ཡོད་པ་རེད།(བུ་ཆུང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社