分享按钮

(པར་ངོས་དང་པོར་མཐུད)ལྕགས་རི་རིང་པོ།དོམ་ཁྲ་བཅས་ཀྱི་གཟུགས་བརྙན་ཧ་ཅང་ཡག་པོ་འདུག་ཅེས་གསུངས་པ་རེད།ཁྱེད་ཚོ་གྲོང་ཁྱེར་མང་པོ་ཞིག་ཏུ་འཚམས་འདྲིར་སྐྱོད་དེ་དོམ་ཁྲར་ལྟ་བ་དང་།ཀྲུང་གོའི་ཞིམ་ཟས་ཟ་བ།ཀྲུང་ཧྭའི་རིག་གནས་ཉམས་ལེན་བྱེད་པ་བཅས་བྱས་ནས་ཧ་ཅང་དགའ་པོ་བྱུང་བ་ཤེས་སྐབས།ངའང་ཧ་ཅང་དགའ་པོ་བྱུང་།གོ་ཐོས་སུ་ཁྱེད་ཚོས་ཀྲུང་གོའི་གྲོགས་པོ་ཆུང་ཆུང་མང་པོ་ངོ་ཤེས་པ་མ་ཟད།ཁོང་ཚོར་ཁྱེད་ཚོའི་ཕ་ཡུལ་དུ་འཚམས་འདྲི་བྱེད་པར་གདན་དྲངས་པས།ཁྱེད་ཚོའི་བར་གྱི་མཛའ་བརྩེ་ནི་མི་སེམས་འགུལ་བ་ཞིག་རེད་ཅེས་གསུངས།

ཞི་ཅིན་ཕིང་གིས་ཐོས་པ་བརྒྱ་ལས་མཐོང་བ་གཅིག་དགའ་ཞེས་པའི་ཀྲུང་གོའི་གཏམ་དཔེ་ལྟར་རེད།1985ལོར་ངས་ཐེངས་དང་པོར་ཨ་རིར་འཚམས་འདྲི་བྱེད་སྐབས།སྤྲོ་སེམས་འཁོལ་བའི་མཛའ་མཐུན་གྱི་ཨ་རིའི་མི་དམངས་ཀྱིས་ང་ལ་བརྗེད་པར་དཀའ་བའི་བག་ཆགས་བཞག་བྱུང་།ད་ཐེངས་ཀྱི་སྤེལ་རེས་དང་འཚམས་འདྲི་བརྒྱུད་ཁྱེད་ཚོས་ཀྲུང་གོ་དང་ཀྲུང་གོའི་མི་དམངས་ལ་དེ་བས་ཐད་ཀར་དང་དེ་བས་གཏིང་ཟབ་ཀྱི་སྒོ་ནས་ཤེས་རྟོགས་ཐུབ་རྒྱུའི་ཡིད་ཆེས་ཡོད།ཁྱེད་ཚོ་སླར་ཡང་ཀྲུང་གོར་ཡོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ལ་ཨ་རིའི་གཞོན་ནུ་ལོ་ཆུང་གྲོགས་པོ་དེ་བས་མང་བ་ཀྲུང་གོར་ཡོང་ནས་སྤེལ་རེས་དང་སློབ་སྦྱོང་བྱས་ཏེ་དངོས་ཡོད་དང་།མངོན་གསལ།ཁྱོན་ཡོངས་བཅས་ཀྱི་ཀྲུང་གོ་དེ་རང་ཉིད་ངོ་མས་མྱོང་ཚོར་བྱས་ནས་ཀྲུང་གོའི་གཞོན་ནུ་ལོ་ཆུང་དང་སྐད་ཆ་ཤོད་རེས་དང་།གྲོགས་པོ་སྒྲིག་རེས།ཕན་ཚུན་སློབ་སྦྱོང་།ཕན་ཚུན་དཔྱད་གཞིར་འཛིན་རེས་བཅས་བྱས་ཏེ་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་གྱི་མཛའ་གྲོགས་ཟབ་ཏུ་གཏོང་ཆེད་ལག་གདང་སྦྲེལ་ནས་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས།

ཞི་ཅིན་ཕིང་གིས་འཕྲིན་ལན་ནང་དེ་རིང་ནི་ཀྲུང་གོའི་འབྲུག་ལོའི་དང་པོའི་བཅོ་ལྔའི་དུས་ཆེན་ཡིན་པ་དང་།དང་པོའི་བཅོ་ལྔའི་དུས་ཆེན་ནི་ཀྲུང་གོ་བས་བདེ་སྐྱིད་ལྡན་པའི་འཚོ་བ་མཉམ་དུ་ལོངས་སྤྱོད་བྱེད་པའི་དུས་སྐབས་གལ་ཆེན་ཞིག་རེད།ངས་ཁྱེད་ཚོ་དང་སློབ་གྲྭའི་དགེ་སློབ་ཡོངས་ལ་དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

2023ལོའི་ཟླ་11ཉིན།ཀྲུའུ་ཞི་ཞི་ཅིན་ཕིང་ཨ་རིར་འཚམས་འདྲི་གནང་རིང་ཀྲུང་གོ་ཕྱོགས་ཀྱིས་འབྱུང་འགྱུར་ལོ་5ཡི་ནང་ཨ་རིའི་གཞོན་ནུ་ལོ་ཆུང་ཁྲི་5ཀྲུང་གོར་སྤེལ་རེས་དང་སློབ་སྦྱོང་བྱེད་པར་གདན་ཞུ་བྱེད་འདོད་ཡོད་ཅེས་ཁྱབ་བསྒྲགས་གནང་བ་རེད།ཨ་རིའི་ཨའེ་ཨའོ་ཝ་ཀྲོའུ་ཡི་གྲོགས་པོ་ས་ལ·ལན་ཏིས་ཉེ་དུས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ནས་མ་སི་ཁ་ཐིང་སློབ་འབྲིང་ཡང་འཆར་གཞི་དེར་ཞུགས་རྒྱུའི་རེ་བ་ཡོད་ཅེས་གསུངས།

ཀྲུའུ་ཞི་ཞི་ཅིན་ཕིང་གི་ཐུགས་ཁུར་འོག་ཟླ་1ཚེས་24ཉིན་ནས་ཚེས་30ཉིན་བར་རྣམ་གྲངས་དེའི་ཁག་དང་པོའི་ཀྲུང་གོར་ཡོང་བའི་ཨ་རིའི་མཱ་སི་ཁ་ཐིང་སློབ་འབྲིང་གི་སློབ་མ་20ལྷག་ཙམ་པེ་ཅིང་དང་།ཧོ་པེ།ཧྲང་ཧའེ་སོགས་སུ་སྤེལ་རེས་འཚམས་འདྲི་བྱེད་པར་སླེབས་པ་རེད།འཐུས་མི་ཚོགས་པ་པེ་ཅིང་དུ་འབྱོར་སྐབས།ཀྲུའུ་ཞི་ཞི་ཅིན་ཕིང་ལ་རྒྱ་ཡིག་ཐོག་ནས་སྤོ་བོ་ཞི་ལགས།ང་ཚོ་སླེབས་ཡོད་ཅེས་བྲིས་པའི་སློབ་དར་སོགས་ཀྱི་ལག་རྟགས་འཁྱེར་ཡོད།འཚམས་འདྲི་མཇུག་འགྲིལ་རྗེས་འཐུས་མི་ཚོགས་པའི་སློབ་མས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ནས་ཀྲུང་གོར་འཚམས་འདྲིར་སླེབས་པའི་དགའ་སྤྲོའི་སེམས་ཁམས་གླེང་ནས་ཁོང་ཚོ་ཀྲུང་གོར་འཚམས་འདྲི་བྱེད་པར་གདན་དྲངས་པར་ཐུགས་རྗེ་ཆེ་ཞུས་པ་རེད།

(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-02-26 6 6 拉萨日报藏文 c176455.html 1 /enpproperty-->