མཚར་རྒྱན་གློག་སྒྲོན་གྱི་འོད་སྣང་རབ་ཏུ་འཚེར་བར་ཉམས་སུ་མྱོང་བ་དང་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་མཆིས། དང་པོའི་ཚེས་བཅོ་ལྔའི་དུས་ཆེན་དགའ་གཏོང་བྱེད་པ་དང་སྤྲོ་སྐྱིད་ཀྱི་རྣམ་པས་ཡོངས་སུ་ཁེངས།
ལུགས་རྙིང་ལོའི་ཟླ་དང་པོའི་ཚེས་བཅོ་ལྔའི་ཉིན་མོར་ས་གནས་ཁག་གིས་དུས་ཆེན་གྱི་རྟེན་འབྲེལ་བྱེད་སྒོ་སྤེལ་ནས་དུས་ཆེན་མཉམ་དུ་བཏང་བ་དང་འཛད་སྤྱོད་ཁྲོམ་རར་ཡང་དཔྱིད་གསར་དུས་ཆེན་ཚུན་གྱི་རྣམ་པ་བཟང་པོ་རྒྱུན་འཁྱོངས་བྱས་ཡོད།
གློག་སྒྲོན་གྱི་འོད་སྣང་འཚེར་བའི་ཡུལ་ལྗོངས་ལ་ལོངས་སྤྱོད་དང་སྦྲགས་དུས་ཆེན་ལ་རྟེན་འབྲེལ་ཞུས་པ།
ཅང་ཤིས་ཞིང་ཆེན་ཕུའུ་ཀྲོའུ་གྲོང་ཁྱེར་ཁྲུང་རེན་རྫོང་དུ་དང་པོའི་བཅོ་ལྔའི་དུས་ཆེན་གྱི་ཞོགས་པ་སྔ་པོ་ནས་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་ཧྥང་ཡུང་པིའོ་ཡིས་རུ་མི་ཚོ་དང་མཉམ་དུ་རྐུབ་སྟེགས་ཐོག་འབྲུག་རྩེད་རྩེ་བཞིན་ཁྲོམ་གཞུང་དུ་སྐོར་སྐྱོད་བྱེད་པར་བསྐྱོད། འབྲུག་རྩེད་དང་སེང་རྩེད་འཁྲབ་སྟོན་རུ་ཁག་གི་ཁྲོད་དུ་ཞུགས་པའི་ནང་ད་དུང་ལོ་ངོ་སྟོང་བརྒྱུད་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཞབས་བྲོའི་འཁྲབ་སྟོན་ཡང་ཡོད། འབྲུག་ལྟར་འགྱིངས་ཤིང་། རྔ་དང་འཁར་རྔ་མཉམ་དུ་བརྡུངས་ནས་ལྟད་མོ་བའི་དགའ་བསུ་ཡང་ཡང་ཐོབ། མཚན་མོ་འཆར་སྐབས་ཁྲུང་རེན་གཙང་པོའི་འགྲམ་གྱི་ཧོང་ཀྲོའུ་ཟམ་པའི་མཚན་ཁྲོམ་དུ་མི་ཚོགས་ཀྱིས་ཁེངས་ཤིང་། ཞིམ་ཟས་འདྲ་མིན་སྣ་ཚོགས་ཀྱི་དྲི་ཞིམ་འཐུལ་པ་དང་། མི་རྣམས་ཀྱིས་ལྒང་བཞུའི་གབ་ཚིག་གི་ལན་འཚོལ་གྱིན་དུ་ཐང་ཡོན་བཟས་ནས་འཁྲུག་ཆ་དོད་ལ་བཀྲ་ཤིས་པའི་རྣམ་པས་ཁེངས།
ཤིན་ཅང་ཐ་ཁྲེང་ས་ཁུལ་གྱི་ཝུའུ་སུའུ་གྲོང་ཁྱེར་དུ་ཤང་གྲོང(ཁྲོམ་གཞུང)22ཀྱི་དཔལ་འབར་དཔུང་རུ་གྲོང་ཁུལ་དུ་འཛོམས་ཤིང་། 《ཅང་ཀེར》སོགས་མངོན་མིན་རིག་གནས་ཤུལ་བཞག་གི་ཁྱད་ཆོས་ལྡན་པའི་རུ་སྟར་གྲུ་བཞི་མང་པོ་ཡོད་ལ། “མའེ་ཞི་ལའེ་ཧྥུ”དང་“ཧའེ་ཙའུ་མ”སོགས་མི་རིགས་མང་པོའི་རིག་གནས་ཀྱི་རུ་སྟར་གྲུ་བཞི་ཡང་ཡོད། འབྲུག་རིང་མཁའ་ལ་འཕྱོ་བ་དང་སེང་ཁྱུས་ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཞུས། བཀྲ་ཤིས་པའི་དཔལ་འབར་འཁྲབ་སྟོན་བྱས་ནས་མི་རིགས་ཁག་གི་མི་དམངས་ཀྱིས་དཔྱིད་གསར་ལ་རྟེན་འབྲེལ་ཞུ་བར་མཐོ་རླབས་འཕྱུར་བར་བྱས།
དགོང་མོར། ཧྲང་ཧའེ་ཡི་2024ལོའི་ཡུས་ཡོན་དམངས་སྲོལ་སྒྱུ་རྩལ་གྱི་སྒྲོན་ཚོགས་ཐོག་གློག་སྒྲོན་སྟོང་ཕྲག་སྤར་ནས་ལྟེ་བའི་ཐང་ཆེན་ཐོག་གི་འབྲུག་སེར་ཆེན་པོ་གནམ་ལ་འཕུར་ཞིང་། ཅུའུ་ཆུའི་ཟམ་འགོར“ཀླུ་མོས”སྒེག་ཉམས་སྟོན་བཞིན་མཆིས། ཆར་ཟིམ་གྱིས་བརླན་པའི་ལམ་ངོས་ནི་མེ་ལོང་ཞིག་དང་འདྲ་བར་འོད་མདངས་རྣམ་པར་བཀྲ་བའི་གློག་སྒྲོན་སྣ་ཚོགས་གསལ་བཞིན་ཡོད།
སི་ཁྲོན་ཙེ་ཀུང་དུ་ཡུལ་སྐོར་བ་ཁྲི་3ལྷག་ཙམ་གྱིས་ཀྲུང་གོའི་གློག་སྒྲོན་གྲོང་ཁྱེར་གྱི་ཀྲུང་ཧྭའི་ཚོན་ཁྲ་ཅན་གྱི་ལྒང་བཞུའི་འཇིག་རྟེན་དུ་བསྐྱོད་དེ་ཚོན་ཁྲ་ཅན་གྱི་གློག་སྒྲོན་ལ་ལྟ་བ་དང་།འཁྲབ་སྟོན་ལ་ལྟ་བ། ནང་མི་མཉམ་འཛོམས་ཀྱི་འདྲ་པར་རྒྱག་པ་བཅས་བྱེད་ཀྱི་ཡོད། མཁའ་དབྱིངས་སུ་མི་མེད་གནམ་གྲུ་600ཡིས་གྲལ་བསྒྲིགས་ནས་ཐང་ཡོན་དང་འབྲུག་རྩེད་གློག་སྒྲོན་སོགས་ཀྱི་དཔེ་རིས་བསྒྲིགས་པ་དང་། ས་ངོས་སུ་འབྲུག་རྩེད་དང་སེང་རྩེད་སོགས་དམངས་སྲོལ་འཁྲབ་སྟོན་བྱེད་སྒོ་སྣ་ཚོགས་སྤེལ་བ་དང་རྒྱ་ཆས་སྤྲས་པའི་འཁྲབ་སྟོན་པ་བརྒྱ་ལྷག་ཙམ་གྱིས་ལག་ཏུ་མེ་ཏོག་གི་གློག་སྒྲོན་འཁྱེར་ནས་སྐོར་སྐྱོད་བྱེད་ཀྱི་ཡོད།
ཚོན་ཁྲ་ཅན་གྱི་གློག་སྒྲོན་ཁྲ་ཆིལ་ཆིལ་དང་། གསར་གཏོད་ལ་བརྟེན་ནས་མཁའ་དབྱིངས་སུ་འཕུར། དེ་ནི་ཚོན་ཁྲ་ཅན་གྱི་གློག་སྒྲོན་གྱི་རྨི་ལམ་ལྟ་བུའི་འཇིག་རྟེན་ཞིག་ཡིན། གློག་སྒྲོན་ལ་ལྟ་མཁན་པེ་ཅིང་གི་ཡུལ་སྐོར་བ་ལིའུ་ཅས་གནའ་བོའི་སྙན་ཚིག་ནང་གི་མཛེས་རྒྱན་སྤྲས་པའི་གྲོང་ཁྱེར་གྱི་གློག་སྒྲོན་ནི་ཉིན་མོ་ལྟར་གསལ་བ་ཟེར་བ་དེ་དངོས་འབྲེལ་མྱོང་ཚོར་ཐུབ་སོང་ཞེས་བསྔགས་བརྗོད་ཆེན་པོ་བྱས།
གནའ་བོའི་རིག་གནས་ལ་རྒྱུན་འཛིན་བྱེད་པ་དང་ལོ་གསར་གཏོང་སྲོལ་གསར་པ་བཏོད་པ།
རྔ་དང་འཁར་རྔའི་སྒྲ་ཡིས་གྲང་ངར་མཐར་རུ་བསྐྲད། རྒྱ་གླིང་འབུད་པའི་སྒྲ་ཡིས་བཀྲ་ཤིས་དུང་བརྡ་བསྒྲགས། ཧྲའན་ཤིས་ཞིང་ཆེན་པའོ་ཅི་གྲོང་ཁྱེར་ལུང་རྫོང་ཧྲ་ཧོ་ཐང་ཆེན་གྱི་གར་སྟེགས་ཐོག་སྐམ་སའི་གྲུ་གཟིངས་དང་། རྟ་རྒྱུག ལུང་ཀྲོའུ་ཡི་གཞས་གདངས། རྐང་བརྫུས་ཤིང་རིང་སོགས་ཀྱི་འཁྲབ་སྟོན་པས་རྔ་རྡུང་བཞིན་ལོ་གསར་གྱི་ཉམས་འགྱུར་མངོན་པ་དང་། ཧྲ་ཧོའི་ཉམས་འགྱུར་གང་ལེགས་མངོན་ཏེ་ས་གནས་དེ་གའི་མང་ཚོགས་དང་ཡུལ་སྐོར་བ་ཁྲི་ལྷག་གི་ཡིད་དབང་འཕྲོག་ཡོད།
ལོ་13ལ་སླེབས་པའི་འཁྲབ་སྟོན་པ་ཆུང་ཆུང་ཝང་ཧྲུའུ་ཡོན་གྱིས་ཀའོ་ཤིན་གྱི་འཁྲབ་སྟོན་ནང་ཐོག་མར་ཞུགས་ཡོད་ཅིང་། ཁོང་གིས་འདི་ནི་གནའ་ནས་ད་བར་རྒྱུན་འཛིན་བྱས་པའི་ལོ་གསར་གྱི་སྲོལ་རྒྱུན་བྱེད་སྒོ་ཞིག་ཡིན་པས་སྨོན་འདུན་བཟང་པོ་མཚོན་ཡོད། རང་ཉིད་ཀྱང་འཁྲབ་སྟོན་ཚོགས་པའི་ཁོངས་མི་ཞིག་ཏུ་གྱུར་བར་དགའ་པོ་བྱུང་། ཧྲ་ཧོའི་རིག་གནས་རྒྱུན་འཛིན་བྱ་རྒྱུ་ཡིན་ཞེས་བཤད།
སི་ཁྲོན་ཁྲེང་ཏུའུ་ཡི་ཤར་འདབས་དྲན་ཤེས་གླིང་ཁུལ་དུ་གནའ་བོའི་རིག་རྩལ་དང་རྒྱལ་ཁབ་ཀྱི་ཉམས་འགྱུར་ཟབ་མོ་ལྡན་ཡོད། གྲོང་ཤར་ཁྲོམ་གཞུང་གི་རོལ་དབྱངས་འདུ་ཚོགས་ཏེ་དམངས་ཁྲོད་རོལ་དབྱངས་ཀྱིས་དང་པོའི་བཅོ་ལྔའི་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་འཁྲབ་སྟོན་ཐོག་ཉམས་དོད་པའི་དམངས་ཁྲོད་རོལ་དབྱངས་ཀྱི་ཉམས་འགྱུར་དེ་གྲོང་ཤར་གྱི་རྟེན་འབྲེལ་ཤོག་སྦག་གི་ཉམས་འགྱུར་དང་མཉམ་འདྲེས་ཐུབ་ཡོད། གླིང་ཁུལ་ནང་གི་གྲོང་ཚོའི་གྲགས་ཅན་བྱིས་པའི་ཟློས་གར་ཁང་དུ་ཤར་འདབས་གྱི་འབྲུག་ལོར་རྟེན་འབྲེལ་ཞུ་བའི་ཟློས་གར་དང་། ཟི་ཁྲོན་གྱི་ཁྲང་ཞི་སྟེ་མངོན་མིན་རིག་གནས་ཤུལ་བཞག་གི་རིག་གནས་འཁྲབ་ཚན་འཁྲབ་སྟོན་བྱས་ནས་ལོ་རབས་དགུ་བཅུ་པ་དང་ཉིས་སྟོང་ལོའི་ནང་སྐྱེས་པའི་ཟློས་གར་ལ་དགའ་མཁན་ཁག་གཅིག་གི་ཡིད་དབང་བཀུག་ཡོད།
ཀོང་ཏུང་ཁྲའོ་ཀྲོའུ་གནའ་གྲོང་དུ་སེང་རྩེད་འབྲུག་རྩེད་དང་དཔའ་བོའི་གླུ་གར་ངོམས་སྟོན་གྱིས་གཙོ་བོར་བྱས་པའི་དམངས་སྲོལ་འཁྲབ་སྟོན་གྱིས་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་ཡུལ་སྐོར་བའི་ཡིད་དབང་འཕྲོག་ཡོད། ཀོང་ཅི་ཟམ་པའི་ཐོག་མངོན་མིན་རིག་གནས་ཤུལ་བཞག་ཚོང་འདུས་བཙུགས་ཡོད་པས། ཡུལ་སྐོར་བས་ཚོང་འདུས་ཀྱི་མདུན་དུ་རྫ་དཀར་དང་། འཚེམ་དྲུབ། ཤིང་བརྐོས། ལག་འཐེན་ཧུའུ་སོགས་མངོན་མིན་རིག་གནས་ཤུལ་བཞག་གི་ལག་རྩལ་ལ་ལྟ་ཞིབ་དང་ཉམས་ལེན་བྱེད་ཆོག་གི་ཡོད་པ་རེད།
ཧྲང་ཧའེ་ཡི་མངོན་མིན་ཤུལ་བཞག་རིག་གནས་ཀྱི་ལག་རྩལ་དང་རྣམ་གྲངས་ཀྱང་གྲོང་མི་དང་ཡུལ་སྐོར་བའི་མིག་ལམ་དུ་བཤམས་ཡོད་ཅིང་། ཧྲང་ཧའེ་ཡིས་གྲོང་ཁྱེར་ཡོངས་སུ་ཁྱབ་པའི་འབྲུག་འཚོལ་བའི་ཟིན་ཐོ་ཅེས་པའི་བྱེད་སྒོ་སྤེལ་བ་དང་། གཙོ་བོ་ཚོང་ཁང་དང་། རིག་གནས་འགྲེམས་ཁང་། མཛེས་ལྗོངས་ཁུལ། སྤྱི་གླིང་། ས་འོག་ལྕགས་ལམ་ས་ཚིགས། ཧོང་ཕུའུ་གཙང་པོའི་གྲུ་གཟིངས་སོགས་སུ་འབྲུག་ལོའི་དཔྱིད་གསར་དུས་ཆེན་གྱི་སྒྲིག་ཆས་སམ་ཡང་ན་མཉམ་འགུལ་བྱེད་སྒོ་ཁྱོན་260ལྷག་ཙམ་བཙུགས་ནས་མི་རྣམས་ལ་པར་རྒྱག་ཡུལ་གྱི་ཡུལ་ལྗོངས་མཁོ་འདོན་དང་མངོན་མིན་ཤུལ་བཞག་རིག་གནས་རྣམ་གྲངས་ཀྱི་ཉམས་ལེན་ནང་ཞུགས་སུ་བཅུག་ཡོད།
ཧྲའན་ཤིས་ཀྱིས་དང་པོའི་བཅོ་ལྔའི་དུས་ཆེན་གཙོ་དོན་དུ་བྱས་པའི་རྣམ་གྲངས་64ཡི་བྱེད་སྒོ་ཁག་400ལྷག་སྤེལ་བའི་ནང་ལྒང་བཞུར་རོལ་བ་དང་། ལྒང་བཞུའི་གབ་ཚིག་རྩེ་བ། རྒྱ་འཆམ་ལ་རོལ་བ་སོགས་སྲོལ་རྒྱུན་གྱི་དམངས་སྲོལ་བྱེད་སྒོ་ཡོད་ལ་རིག་རྩལ་འཁྲབ་སྟོན་དང་དཔེ་ཀློག་ཁྱབ་གདལ་སོགས་མང་ཚོགས་ཞུགས་ཆེ་བའི་རིག་གནས་བྱེད་སྒོ་ཡང་ཡོད་པས་མི་རྣམས་ཀྱི་རིག་གནས་ཀྱི་དགོས་མཁོ་གང་ཡོད་བསྐངས་ཡོད།
ས་གནས་ཁག་གི་དང་པོའི་བཅོ་ལྔའི་དུས་ཆེན་དང་ཐ་ན་ལུགས་རྙིང་ལོའི་དཔྱིད་གསར་དུས་ཆེན་གྱི་བྱེད་སྒོ་ཧྲིལ་པོའི་ཐོག་ནས་བལྟས་ན།གཞོན་ནུ་དེ་བས་མང་བ་ཞིག་སྲོལ་རྒྱུན་གྱི་དམངས་སྲོལ་བྱེད་སྒོའི་ནང་ཞུགས་ཡོད་ཅིང་།ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ལ་ཉམས་ལེན་བྱེད་མཁན་དང་། དེའི་ནང་ཞུགས་མཁན། རྒྱུན་འཛིན་མཁན་བཅས་དེ་བས་མང་བ་ཞིག་གི་ཡིད་དབང་བཀུག་ཡོད།
དུས་ཆེན་གྱི་བྱེད་སྒོའི་ནང་མི་མང་པོ་འཛོམས་ནས་འཛད་སྤྱོད་ཚོང་རའི་གསོན་ཤུགས་རྒྱས་པ།
ཧྲང་ཧའེ་ཡི་ཚོང་རྟགས་རྙིང་པ་ཉིང་པོའོ་ཐང་ཡོན་ཟ་ཁང་དུ་སྐུ་མགྲོན་གྱིས་ཁེངས་ཡོད། ལོ་བདུན་ཅུར་སླེབས་པའི་ཧྲང་ཧའེ་ཡི་གྲོང་མི་ལིའུ་ཕུང་གིས་ནང་མི་ཚང་མ་ཁྲིད་དེ་འདི་གར་ཐང་ཡོན་ཟ་བར་ཡོང་ཡོད།ནང་མི་ཚང་མ་མཉམ་དུ་འཛོམས་ནས་ཐང་ཡོན་ཞིམ་པོ་འདི་ཟ་རྒྱུ་བྱུང་བས་སེམས་པ་དྲོ་སོབ་སོབ་ཏུ་གྱུར་སོང་ཞེས་བཤད།
དང་པོའི་བཅོ་ལྔའི་དུས་ཆེན་གྱི་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་བྱེད་སྒོ་སྤེལ་བ་ཡིས་ས་གནས་ཁག་གི་རྣམ་པ་འཁྲུག་ཆ་དོད་པོར་གྱུར་ཡོད། ཧྲང་ཧའེ་གྲོང་ཁྱེར་ལྟེ་བའི་གྲོང་ཁུལ་གྱི་སྒོ་རྩིས་ཚོང་ཁང་ཞིག་ཏུ་འཛད་སྤྱོད་པའི་ཅ་དངོས་བླུག་སྣོད་ཀྱི་ཐེར་གེའི་ནང་དངོས་ཟོག་བྱུར་བུར་བླུགས་ཡོད་པ་རེད། ཧྲང་ཧའེ་ཧའེ་ཁྲང་རྒྱ་མཚོའི་སྤྲོ་སྐྱིད་གླིང་དང་ཧྲང་ཧའེ་སྤྲོ་རོལ་རྩེད་ཁང་སོགས་མཛེས་ལྗོངས་ཁུལ་དུ་འགྲུལ་པ་མང་བས་གསོལ་མགྲོན་ཁང་ཁག་གཅིག་གི་གཞུང་ཕྱོགས་དྲ་བའི་ཐོག་དང་པོའི་བཅོ་ལྔའི་དུས་ཆེན་གྱི་སྔ་རྗེས་སུ་ཁང་པ་མངགས་ཁག་པོ་ཡོད་པ་རེད།
ས་གནས་ཁག་གི་མང་ཚོགས་རྣམས་ཚོགས་མཆོད་དུ་བསྐྱོད་པ་དང་། ལྒང་བཞུར་ལྟ་བ། མཚན་མོར་ཡུལ་སྐོར་དུ་བསྐྱོད་པ་སོགས་ཉེ་འཁོར་དུ་ཡུལ་སྐོར་དང་ཐག་ཉེ་སར་ཡུལ་སྐོར་བྱེད་པའི་ཚ་རླབས་ཤིག་འཕྱུར་ནས་ལུགས་རྙིང་ལོའི་དཔྱིད་གསར་དུས་ཆེན་གྱི་ངལ་གསོའི་རིང་འཛད་སྤྱོད་ཤུགས་ཆེ་བའི་དུས་སུ་སླེབས་ཡོད།ཐུང་ཁྲེང་ཞིབ་འཇུག་ཁང་གི་དབུ་བཞུགས་ཞིབ་འཇུག་པ་ཁྲེང་ཁྲའོ་ཀུང་གིས་ངོ་སྤྲོད་བྱས་པར་གཞིགས་ན།
(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社