ལྷུ་ལག་དང་སྒྲིག་ཆས་ལ་ཞིབ་བཤེར་དང་ཉམས་གསོ་བྱས་ནས་དཔྱིད་གསར་སྐྱེལ་འདྲེན་ལ་འགན་ལེན་བྱས་པ།
དཔྱིད་གསར་སྐྱེལ་འདྲེན་རིང་། ཀྲུང་གོ་ལྕགས་ལམ་ནན་ཉིང་ཅུས་ཚོགས་པ་ཚད་ཡོད་ཀུང་སིའི་བཟོ་ལས་དང་།གློག་ལས།མེ་འཁོར་ཉམས་གསོ་སོགས་སྡེ་ཚན་གྱི་བུད་མེད་ལས་བཟོ་བ་ཚོས་གྲང་ངར་ལ་མ་འཛེམ་པར་འགག་རྩའི་ལྷུ་ལག་དང་སྒྲིག་ཆས་ལ་ཞིབ་བཤེར་དང་ཉམས་གསོ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་སྒྲིག་ཆས་འཁོར་སྐྱོད་ཀྱི་སྤུས་ཚད་ལེགས་སུ་བཏང་སྟེ་ནུས་ཤུགས་ཡོད་རྒུས་དཔྱིད་གསར་སྐྱེལ་འདྲེན་བདེ་འཇགས་ལྡན་པའི་ངང་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱས་ཤིང་།པར་འདི་ནི་ལིའུ་ཀྲོའུ་མེ་འཁོར་ས་ཚིགས་འཁོར་ཁང་གི་བུད་མེད་བཟོ་པ་ཞིག་གིས་འཁོར་རྟེན་གྱི་གཞི་གྲངས་ཕབ་འཇུག་བྱེད་བཞིན་པའི་གནས་ཚུལ་ཡིན་པ། (ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)