分享按钮

ཀྲུང་གོའི་གྲགས་རྟགས་ཁ་པར་གྱིས་ཨུ་རུ་སུའི་ནང་འདྲེན་རིག་ནུས་ལག་ཐོགས་ ཁ་པར་བསྡོམས་འབོར་གྱི་བརྒྱ་ཆ་80ཙམ་ཟིན་པ།

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཧྲེང་པི་ཏེ་པའོ་ནས་ཟླ་2ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཚེས་20ཉིན་ཨུ་རུ་སུའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། བརྟག་དཔྱད་བྱས་པ་ལས་མངོན་པར། ཨུ་རུ་སུས་ན་ནིང་ནང་འདྲེན་བྱས་པའི་རིག་ནུས་ལག་ཐོགས་ཁ་པར་ནང་ཀྲུང་གོའི་གྲགས་རྟགས་ཀྱིས་བཟུང་བའི་བསྡུར་ཚད་ནི་བརྒྱ་ཆ་80ཙམ་ཟིན་གྱི་ཡོད།

ཨུ་རུ་སུའི《སྣེ་ཤན་པའི་ཚགས་པར》གྱིས་དེ་ཉིན་ལས་རིགས་ནང་ཁུལ་གྱི་དབྱེ་ཞིབ་སྒྲིག་གཞིའི་གྲངས་གཞི་དྲངས་ནས་གནས་ཚུལ་སྤེལ་བར་གཞིགས་ན།2023ལོར་ཨུ་རུ་སུས་རིག་ནུས་ལག་ཐོགས་ཁ་པར་ནང་འདྲེན་བྱེད་ཚད་དུས་མཚུངས་ལས་བརྒྱ་ཆ་13མང་དུ་ཕྱིན་ནས་ཁྲི་2950ཙམ་ཟིན་ཡོད། དེའི་ནང་ཀྲུང་གོའི་གྲགས་རྟགས་ཀྱིས་བརྒྱ་ཆ་79བཟུང་བ་དེ་2022ལོ་ལས་བརྒྱ་ཆ་4འཕར་བ་དང་2021ལོ་ལས་བརྒྱ་ཆ་29འཕར་ཡོད།

བརྟག་དཔྱད་བྱས་པ་ལས་མངོན་པར། ཨུ་རུ་སུར་ནང་འདྲེན་བྱེད་མང་ཤོས་བྱས་པའི་རིག་ནུས་ལག་ཐོགས་ཁ་པར་གྱི་གྲགས་རྟགས་ནི་ཤའོ་མི་ཡིན་པ་དང་་ཁྲི་910ཙམ་ཟིནཡོད། ཀྲུང་གོའི་གྲགས་རྟགས་ཁྲོན་ཡིང་མངའ་འོག་གི་TECNOདང་Infinixགཉིས་ཀྱིས་ཨུ་རུ་སུར་ཕྱོགས་པའི་ཚོང་ཟོག་འདོན་ཚད་ཁྲི་450དང་ཁྲི་300སོ་སོར་ཟིན་པ་དེ་ནི་ཨུ་རུ་སུའི་ནང་འདྲེན་བྱེད་ཚད་ཨང་གཉིས་པ་དང་ཨང་བཞི་པར་སླེབས་པའི་ཕྱི་རྒྱལ་གྱི་རིག་ནུས་ལག་ཐོགས་ཁ་པར་གྱི་གྲགས་རྟགས་ཤིག་ཡིན་པ་རེད།

(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-02-23 6 6 拉萨日报藏文 c176320.html 1 ཀྲུང་གོའི་གྲགས་རྟགས་ཁ་པར་གྱིས་ཨུ་རུ་སུའི་ནང་འདྲེན་རིག་ནུས་ལག་ཐོགས་ ཁ་པར་བསྡོམས་འབོར་གྱི་བརྒྱ་ཆ་80ཙམ་ཟིན་པ། /enpproperty-->