分享按钮

བཙོག་ཟིང་ཞན་གསུམ་གྱི་སྣང་ཚུལ་ཐོན་པའི་སྡེ་ཁུལ་ཞིག་གི་མིང་དམར་རྗེན་དུ་བཏོན་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཤེས་དཔལ་ནི་གྲོང་ཁྱེར་འཕེལ་རྒྱས་ཀྱི་བླ་སྲོག་ལྟ་བུ་ཡིན་པས་ཤེས་དཔལ་གྲོང་ཁྱེར་གཏོད་དགོས་ཚེ་ཤེས་དཔལ་བདེ་འཇགས་དང་གོ་རིམ་ལྡན་པའི་སྤྱི་པའི་ཁོར་ཡུག་གཏོད་དགོས། ཚེས་21ཉིན་གསར་འགོད་པས་གྲོང་ཁྱེར་ཤེས་དཔལ་གཞུང་དོན་ཁང་གི་ལས་དོན་མི་སྣ་དང་མཉམ་དུ་ཧོ་མེ་ཁྱིམ་གཞིས་ཀྱི་ཡུལ་དངོས་སུ་ལྟ་ཞིབ་བྱེད་པར་སྐྱོད་སྐབས་ཁུལ་ཆུང་ནང་ཚུལ་མིན་གྱི་སྣང་ཚུལ་འགའ་ཡོད་པ་ཤེས་རྟོགས་བྱུང་།

གསར་འགོད་པས་ཁུལ་ཆུང་གི་འཛུལ་སྒོ་ནས་མཐོང་བར། སྲང་ལམ་གྱི་ས་ངོས་བཙོག་པ་མངོན་གསལ་དོད་པོ་ཡོད་པ་དང་། གྱང་ངོས་ཀྱི་ཚོས་གཞི་ལོག་པ་དང་གནོད་སྐྱོན་ཤོར་བ་སོགས་ཀྱི་སྣང་ཚུལ་ཐོན་ཡོད། ཉེ་འགྲམ་ཚོང་པས་གད་སྙིགས་གང་བྱུང་དུ་དབྱུགས་པའི་བྱེད་སྤྱོད་ཡང་ཡང་ཐོན་གྱི་ཡོད། ཁུལ་ཆུང་ནང་རིགས་དབྱེའི་གད་སྙིགས་བླུགས་སྒམ་བཀོད་སྒྲིག་ཚད་ལྡན་མེད་པ་དང་། མཚོན་རྟགས་གསལ་པོ་མེད་པ། བར་ཁྱམས་སུ་གད་སྙིགས་གང་བྱུང་དུ་སྤུངས་ནས་བཞག་པ། གད་སྙིགས་དུས་ཐོག་ཏུ་དབོར་མི་ཐུབ་པ་བཅས་ཀྱི་སྣང་ཚུལ་ཐོན་ཡོད། དེ་ནས་ནང་དུ་བསྐྱོད་ཚེ་གྱང་ངོས་ཀྱི་སོ་ཕག་དཀར་རྩི་མར་ལྷུང་བ་དང་། ལམ་ངོས་ཁག་གཅིག་ལ་སྐྱོན་ཆག་ཤོར་བ། སྔོ་ལྗང་ཁུལ་ནང་གི་གད་སྙིགས་གང་སར་ཐོར་ནས་ཁུལ་ཆུང་གི་ཁྱོན་ཡོངས་ཀྱི་རྣམ་པར་ཤུགས་རྐྱེན་ཆེན་པོ་བཟོས་ཡོད།

གནད་དོན་ཆུང་རྩག་གི་ཐོག་ནས་ཀུན་སྤྱོད་བཟང་པོ་མངོན་པ་དང་ཞིབ་ཕྲའི་ཁྲོད་ནས་ཤེས་དཔལ་མངོན་པ་བྱས་ཏེ་དེ་གར་ཚང་མས་ཐུན་མོང་ཐོག་བྱ་སྤྱོད་སྤེལ་ནས་དམར་རྗེན་དུ་བཏོན་ནས་དག་ཐེར་ལ་སྐུལ་འདེད་གཏོང་བ་དང་དག་ཐེར་དོན་འཁྱོལ་ཡོང་བ་བྱས་ཏེ་ང་ཚོའི་འཚོ་བའི་ཁོར་ཡུག་དྭངས་གཙང་དང་། ལྗང་མདོག མཛེས་སྡུག་བཅས་ཡོང་བ་བྱེད་དགོས་པའི་འབོད་སྐུལ་བྱ་རྒྱུ་ཡིན།

(པ་ཚེས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-02-23 6 6 拉萨日报藏文 c176316.html 1 བཙོག་ཟིང་ཞན་གསུམ་གྱི་སྣང་ཚུལ་ཐོན་པའི་སྡེ་ཁུལ་ཞིག་གི་མིང་དམར་རྗེན་དུ་བཏོན་པ། /enpproperty-->