分享按钮

རྒྱལ་ཁབ་ནགས་ཚལ་འགོག་སྲུང་གཞུང་དོན་ཁང་གིས་གཙོ་གནད་ས་ཁུལ་གྱི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ལས་དོན་ བཀོད་སྒྲིག་བྱས་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཚེས་20ཉིན་གསར་འགོད་པས་འཕྲལ་སྡོམ་དོ་དམ་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། རྒྱལ་ཁབ་ནགས་ཚལ་མེ་ཟོན་བཀོད་འདོམས་གཞུང་དོན་ཁང་གིས་ཉིན་དེར་བརྙན་ལམ་བཀོད་གཏོང་ཚོགས་འདུ་འཚོགས་ཏེ་པེ་ཅིང་དང་། ཧོ་པེ། ཧྥུའུ་ཅན། ཀོང་ཏུང་། ཀོང་ཞི། ཧའེ་ནན། སི་ཁྲོན། ཀུའེ་ཀྲོའུ། ཡུན་ནན་སོགས་ཞིང་ཆེན་དང་འབྲེལ་མཐུད་བྱས་ནས་མིག་སྔའི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་གནས་ཚུལ་ལ་དབྱེ་ཞིབ་བྱས་པ་དང་ཉེ་དུས་ཀྱི་མེ་སྐྱོན་སྔོན་འགོག་ཚོད་འཛིན་ལས་དོན་གཙོ་གནད་ཐོག་བཀོད་སྒྲིག་བྱས་པ་རེད།

ཉེ་ཆར། ས་ཁུལ་ཁ་ཤས་སུ་བསྟུད་མར་མེ་སྐྱོན་བྱུང་བ་དང་། པེ་ཅིང་དང་། ཧོ་པེ། ཧྥུ་ཅན། ཀོང་ཏུང་། ཀོང་ཞི། ཧའེ་ནན། སི་ཁྲོན། ཀུའེ་ཀྲོའུ། ཡུན་ནན་བཅས་ཀྱི་ས་ཁུལ་ཁ་ཤས་སུ་མེ་སྐྱོན་གྱི་རིམ་པ་ཅུང་མཐོ་བ་དང་། སི་ཁྲོན་ལྷོ་རྒྱུད་དང་ཡུན་ནན་བྱང་རྒྱུད་ས་ཁུལ་དུ་མེ་སྐྱོན་ཆེ་བའི་རིམ་པ་ལ་སླེབས་ཡོད་པས། གནས་བབ་ཛ་དྲག་ཏུ་འགྲོ་བཞིན་ཡོད།

ཚོགས་འདུར་གཞིགས་ན། ས་གནས་ཁག་གི་ནགས་ཚལ་མེ་ཟོན་བཀོད་འདོམས་གཞུང་དོན་ཁང་གིས་འགན་འཁྲི་འཁུར་སེམས་དང་དགོས་གལ་ཆེ་བའི་འདུ་ཤེས་འཛིན་ཤུགས་ཆེ་རུ་ཏན་ཏིག་བཏང་ནས་མེ་སྐྱོན་ཐོན་མང་ཚུལ་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས་པ་དང་། ནགས་ཚལ་དང་། རྩྭ་ཐང་བཅས་ཀྱི་མེ་སྐྱོན་སྔོན་འགོག་ཚོད་འཛིན་ལས་དོན་ཏན་ཏིག་ངང་སྤེལ་དགོས། མེ་སྐྱོན་ཐོན་ཁུལ་ལ་དོ་དམ་ཚོད་འཛིན་བྱ་རྒྱུར་དམ་འཛིན་ནན་པོ་བྱས་ནས་མི་སྣ་ཁ་འགྲེམས་དང་། གནས་སྤོ། བཀོད་སྒྲིག་བཅས་ཀྱི་ཇུས་གཞི་ཚན་རིག་དང་མཐུན་པའི་ངང་བཟོས་ནས་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོ་སྲུང་དགོས།(པ་ཚེས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-02-23 6 6 拉萨日报藏文 c176315.html 1 རྒྱལ་ཁབ་ནགས་ཚལ་འགོག་སྲུང་གཞུང་དོན་ཁང་གིས་གཙོ་གནད་ས་ཁུལ་གྱི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ལས་དོན་ བཀོད་སྒྲིག་བྱས་པ། /enpproperty-->