ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་2ཚེས་20ཉིན་གྱི་སྔ་དྲོ། གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་སྣུམ་སྣོན་ས་ཚིགས་ཀྱི་ཚད་འཇལ་ཡོ་བྱད་དང་དེ་བཞིན་གཡོ་ལས་སྔོན་འགོག་མ་ལག་ལ་ཆེད་དོན་ལྟ་སྐུལ་ཞིབ་བཤེར་བྱས་པ་རེད།
ཞིབ་བཤེར་བྱེད་རིང་། སྣུམ་བླུགས་འཕྲུལ་འཁོར་གྱི་ཞིབ་བཤེར་གཏན་འཁེལ་ལག་ཁྱེར་དེ་གོ་ཆོད་དུས་ཡུན་ནང་ཡིན་མིན་དང་། བཙན་སྐུལ་བཤེར་རྟགས་བསྒར་ཡོད་མིན་སོགས་དང་དེ་བཞིན་སྣུམ་བླུགས་འཕྲུལ་འཁོར་གྱི་ཞ་ཉེའི་ཁེབས་གཅོད་འཐུས་ཚང་ཡོད་མེད་དང་གཙོ་ངོས་རང་དགར་བཤིག་པའི་རྗེས་ཤུལ་དང་ཡང་ན་ཚད་འཇལ་རྫུན་བཟོའི་བྱ་སྤྱོད་ཡོད་མེད་ལ་ལྟ་ཞིབ་བྱས་པར་མ་ཟད། སྣུམ་བླུགས་ས་ཚིགས་ཀྱིས་རྐུ་རྒྱག་འགོག་པའི་སྒྲིག་ཆས་བེད་སྤྱོད་བྱས་ཡོད་མེད་ཀྱང་གཏན་འཁེལ་བྱས་པ་རེད། ད་ཐེངས་སྣུམ་བླུགས་ས་ཚིགས་14དང་། སྣུམ་བླུགས་འཕྲུལ་འཁོར་84 སྣུམ་བླུགས་མེ་མདའ་168བཅས་ལ་ཞིབ་བཤེར་བྱས་པ་རེད། མིག་སྔའི་བར་སྣུམ་སྣོན་འཕྲུལ་འཁོར་གྱིས་གཡོ་ལས་བྱེད་པ་དང་སྣུམ་གྱི་གྲངས་འབོར་འཕྲི་འཐེན་བྱེད་པ་སོགས་འཛད་སྤྱོད་པར་གནོད་འཚེ་གཏོང་བའི་ཁྲིམས་འགལ་བྱེད་སྤྱོད་ཐོན་མེད་པ་རེད།
གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱི་ཞིབ་དཔྱད་ཚད་ལེན་ལྟེ་གནས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། གོམ་སྟབས་རྗེས་མར་ཅུས་དེས་སྣུམ་བླུགས་འཕྲུལ་འཁོར་གྱི་གཡོ་ལས་ལ་ཚད་འཇལ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་གཡོ་ལས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་སྟེ་གནད་དོན་ཤེས་རྟོགས་བྱུང་ཚེ་ངེས་པར་དུ་བཅོས་སྒྲིག་དང་ཁྲིམས་འགལ་བྱེད་སྤྱོད་ལ་ངེས་པར་དུ་ཞིབ་བཤེར་ཐག་གཅོད་བྱ་རྒྱུ་རེད།
(པ་ཚེས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社