ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། རང་གྲོང་གི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་བྱ་སྤྱོད་སྤེལ་བ་ནས་བཟུང་ཁྲེང་ཀོན་ཆུས་ཀརྨ་དགོན་གསར་ཁྲོམ་གཞུང་གིས་དམངས་ཕན་དམིགས་ཚད་དུ་བྱས་ནས་སྡེ་ཚན་ཁག་དང་མཐུན་སྦྱོར་ཧུར་ཐག་དང་སྤྱི་ཚོགས་ལས་རིགས་ཁག་གི་སྟོབས་ཤུགས་སྐུལ་སློང་བྱས་ཏེ་གྲོང་མི་དང་མང་ཚོགས་ཀྱི་རེ་ཞུ་དོན་འཁྱོལ་བྱས་པ་དང་། ལམ་ཧམ་བཟུང་དང་། རླངས་འཁོར་གང་བྱུང་དུ་འཇོག་པ། གློག་སྐུད་གང་བྱུང་དུ་འཐེན་པ། གང་བྱུང་དུ་ཨར་སྐྲུན་བྱེད་པ་སོགས་ཀྱི་གནད་དོན་བཅོས་སྒྲིག་གི་ཕན་འབྲས་མངོན་གསལ་དོད་པོ་ཐོན་ནས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཀྱི་འདུ་ཤེས་ཟབ་ཏུ་ཕྱིན་ཡོད།
ཚོང་ཁང་གིས་སྒྲིག་འགལ་ངང་ལམ་བཟུང་ནས་གཉེར་སྐྱོང་བྱེད་པ་དང་གློག་འཁོར་གང་བྱུང་དུ་འཇོག་པའི་སྣང་ཚུལ་བཅོས་སྒྲིག་ལ་སྔར་བས་ཤུགས་སྣོན་རྒྱག་ཆེད། ཀརྨ་དགོན་གསར་ཁྲོམ་གཞུང་གིས་ཉེ་ཆར་སྡེ་ཁུལ་གྱི་ལས་དོན་མི་སྣ་སྒྲིག་འཛུགས་བྱས་ནས་བཅོས་སྒྲིག་བྱས་པ་དང་གློག་སྒུལ་མིན་པའི་འཁོར་རིགས་ཀྱི་བགྲོད་ལམ་ཐོག་ཏུ་རླངས་འཁོར་བཞག་པར་གཏན་འབེབས་ལྟར་ཐག་གཅོད་བྱས་ཡོད། བཅོས་སྐྱོང་བྱས་པ་བརྒྱུད་ཚོང་དུད་ཁག་གི་སྒོ་འགྲམ་དུ་གཙང་སྦྲ་དོད་ལ་གོ་རིམ་ལྡན་པ་དང་། གད་སྙིགས་ཀྱང་སྤུངས་མེད་པ་རེད།
ཀརྨ་དགོན་གསར་ཁྲོམ་གཞུང་གི་རྒྱ་ཁོག་ཟ་ཁང་ཞིག་གི་ལས་དོན་པ་སྐུ་ཞབས་ལི་ལགས་ཀྱིས་འཆར་འགོད་ལེགས་སུ་བཏང་རྗེས་རླངས་འཁོར་འགག་པའི་གནས་ཚུལ་མེད་པར་གྱུར་འདུག་ལ་གློག་འཁོར་འཇོག་སྟངས་ཀྱང་ཧ་ཅང་ཚད་ལྡན་ཡིན་པས། ད་ཆ་འགྲོ་ལམ་གྱི་འཕྲོད་བསྟེན་ཡང་ཧ་ཅང་ཡག་པོ་འདུག་ཅེས་བཤད།
ཚེས་19ཉིན་ནས་བཟུང་ཀརྨ་དགོན་གསར་ཁྲོམ་གཞུང་གིས་སྡེ་ཁུལ་ཁག་གི་ལས་དོན་མི་སྣ་སྒྲིག་འཛུགས་བྱས་ནས་ཁྲོམ་གཞུང་གི་ཚོང་ཁང་གིས་མི་བགྲོད་ལམ་དུ་ཉི་གདུགས་ཆེ་གྲས་རྒྱག་པ་དང་བགྲོད་ལམ་ཐོག་ཏུ་གློག་འཁོར་གང་བྱུང་དུ་བཞག་པར་བཅོས་སྒྲིག་བྱས་ནས་ཚོང་པར་ཚད་ལྡན་གྱི་གཉེར་སྐྱོང་བྱ་རྒྱུར་ཁྲིད་སྟོན་བྱས་པ་དང་འབྲེལ་ཁོངས་གཏོགས་མང་ཚོགས་ཀྱི་བསམ་ཤེས་དང་། རྒྱབ་སྐྱོར། གཞོགས་འདེགས་བཅས་ཀྱང་ཐོབ་ཡོད་པ་རེད། ཀརྨ་དགོན་གསར་ཁྲོམ་གཞུང་ཏང་ཨུད་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་ཟླ་བས་ངོ་སྤྲོད་བྱས་པར་གཞིགས་ན། གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་འབྲེལ་ཡོད་ལས་ཀའི་བཀོད་སྒྲིག་ལྟར་ཀརྨ་དགོན་གསར་ཁྲོམ་གཞུང་གིས་གྲོང་མི་དང་། སྡེ་ཁུལ། འགྲིམ་འགྲུལ་ཉེན་རྟོག མཉམ་སྐྲུན་ཚན་པ་བཅས་ཐུན་མོང་ཐོག་ཞུགས་པར་བརྟེན་ཚོང་ཁང་ཕྱི་རོལ་གྱི་ཚོང་ཁང་དང་རླངས་འཁོར་གང་བྱུང་དུ་འཇོག་པ། བརྡ་ཁྱབ་གཙང་སེལ་སོཊ་ཀྱི་ལས་དོན་སྤེལ་བས་སྤྱི་ཡོངས་ཀྱི་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད་པ་རེད། མིག་སྔའི་བར་ཁྱོན་ལམ་ངོས་174ཉམས་གསོ་བྱས་པ་དང་། ཁྲོན་ཁེབས་35བརྗེས་པ། རིཊ་ཁག་གི་གད་སྙིགས་ཏུན་40ལྷག་ཙམ་གཙང་སེལ་བཅས་བྱས་ཡོད།
སླད་ཕྱིན་ཀརྨ་དགོན་གསར་ཁྲོམ་གཞུང་ཏང་གི་ལས་དོན་ཨུ་ལྷན་གྱིས་ལྟེ་བའི་ལས་དོན་ལ་དམིགས་ཏེ་དམངས་ལ་ཞབས་འདེགས་ཞུ་རྒྱུ་དམིགས་ཡུལ་དུ་བྱས་ནས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ལས་དོན་གྱི་ལམ་ལུགས་འཛུགས་པ་དང་། འཐུས་ཚང་དུ་གཏོང་བ། ཞབས་ཞུའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་བ། ཐུན་མོང་ཐོག་གྲོང་ཁྱེར་གྱི་ཁོར་ཡུག་བཟང་པོ་ཞིག་གཏོད་རྒྱུ་བཅས་ཡིན་པ་རེད།
(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社