(པར་ངོས་དང་པོར་མཐུད)ཚོང་གཉེར་གཉེན་ཉེའི་ཁོར་ཡུག་ལེགས་སུ་བཏང་ནས་སྟག་རྩེ་བཟོ་ལས་གླིང་དེ་དཔེ་སྟོན་སྣེ་ཁྲིད་རྣམ་པའི་གླིང་ཁུལ་ཞིག་ཏུ་ཧུར་ཐག་གཏོད་དགོས། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྒྲིག་ལས་ཀའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། ད་ཡོད་ཀྱི་བཅོས་སྒྲིག་བྱེད་སྟངས་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་ནས་བརྟན་ལྷིང་སྲུང་སྐྱོང་ལས་ཀའི་རྨང་གཞི་བརྟན་དུ་གཏོང་དགོས། གཙོ་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་དུ་བཏང་ནས་གྲུབ་འབྲས་དེ་མདུན་སྐྱོད་ཀྱི་སྒུལ་ཤུགས་སུ་བསྒྱུར་བར་བྱེད་དགོས། ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ཏེ་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ལས་དོན་མུ་མཐུད་ཡག་པོ་བསྒྲུབས་ནས་གཞི་རིམ་དང་མང་ཚོགས་ཀྱི་ཁུར་པོ་དངོས་འབྲེལ་ཡང་དུ་གཏོང་དགོས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་མཐའ་འཁྱོངས་ཀྱིས་ལས་བྱེད་པའི་འཇོན་ཐང་ཆེ་རུ་གཏོང་བའི་ལས་དོན་ལ་དམ་འཛིན་ཏན་ཏིག་བྱས་ཏེ།ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་དག་ཐེར་མུ་མཐུད་ཡག་པོ་བྱེད་དགོས།ཐོག་མཐའ་བར་གསུམ་དུ་མཐུན་སྒྲིལ་འབད་འཐབ་བྱེད་པའི་རྣམ་པ་བཟང་པོ་རྒྱུན་འཁྱོངས་བྱེད་དགོས་པ་དང་། “ཚན་པ་ཆེ་གྲས་བཞིས”སེམས་ནུས་གཅིག་སྒྲིལ་ངང་སྟག་རྩེའི་ལས་དོན་ཁག་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས་པ་བཅས་ཀྱི་ནན་གསུངས་གནང་བ་རེད།
གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་ཡི་ཁོངས་མི་དང་། དྲུང་ཆེ་ཧོའུ་ཅིང་ཧྭ་ཡིས་ལྷན་དུ་བརྟག་ཞིབ་གནང་བར་ཕེབས་པ་དང་། སྟག་རྩེ་ཆུས་ཀྱི“ཚན་པ་ཆེ་གྲས་བཞིའི”འགན་འཁུར་བློ་མཐུན་གཙོ་བོ་བརྟག་ཞིབ་ནང་ཞུགས་ཡོད་པ་རེད།
(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社